ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

བོད་ལྗོངས་མངའ་རིས། འཛུགས་སྐྲུན་ཁྲོད་ཀྱི་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ།

2018-09-20 སངས་སྐྱབས་ཀྱིས་བསྒྲིགས།
ལྕགས་སྒང་གྲོང་ཚོའི་མང་ཚོགས།
          ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་མངའ་རིས་ས་ཁུལ་རུ་ཐོག་རྫོང་རི་གསུམ་ཤང་ལྕགས་སྒང་གྲོང་ཚོའི་མཚོ་ངོས་ལས་མཐོ་ཚད་སྨི4400ལྷག་ཡོད་པ་དང་། མིག་སྔར་ཁྱིམ་ཚང197ཡོད་པ་དང་། མང་ཚོགས723ཡོད། དེའི་ཁྲོད་དབུལ་ཕོངས་བྱང་བུ་བཟོས་པའི་ཁྱིམ་ཚང29ཡོད་པ་དང་། མང་ཚོགས108ཡོད་པས། དེ་ནི་མངའ་རིས་ས་ཁུལ་གྱི་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་རྣམ་གྲངས་ཁྲོད་ཀྱི་དཔེ་སྟོན་གྲོང་ཚོ་ཡིན། ངོ་སྤྲོད་བྱས་པ་ལྟར་ན། ལྕགས་སྒང་གྲོང་ཚོའི་ཚན་ཆུང་དང་པོ་འཛུགས་སྐྲུན་ལེགས་འགྲུབ་བྱུང་ཞིང་། ཁྱིམ་ཚང་རེའི་མི་གྲངས་ལྟར་རྒྱ་དཔང་སྨི་གྲུ་བཞི་མ100ནས140བར་མི་འདྲ་བའི་སྡོད་ཁང་གཉིས་བརྩེགས་ཅན་བཀོད་སྒྲིག་བྱས་པ་དང་། ཆུ་དང་གློག དྲ་རྒྱ་བཅས་འཐེན་ཡོད་པའི་ལས་གཞི་མངོན་འགྱུར་བྱས། ཚན་ཁག་གཉིས་པ་དང་གསུམ་པ་འཛུགས་སྐྲུན་བྱེད་བཞིན་པའི་སྒང་ཡིན། ལྕགས་སྒང་གྲོང་ཚོའི་ད་དུང་གྲོང་ཚོའི་ཐུན་མོང་དཔལ་འབྱོར་རྒྱ་བསྐྱེད་དེ། བཟོ་སྐྲུན་རྡོ་ཆས་དང་། མཐའ་མཚམས་ཉོ་ཚོང་། སྡོང་ཕྲུག་འདེབས་འཛུགས། ཁུ་ལུ་དཀར་པོའི་ར་མ་གསོ་སྤེལ་སོགས་ཐོན་ལས་འཕེལ་རྒྱས་སུ་བཏང་སྟེ། ས་གནས་དེའི་མང་ཚོགས་ཀྱིས་སྲིད་ཇུས་རང་བཞིན་གྱི་ཁ་གསབ་ལོངས་སྤྱོད་བྱེད་པ་དང་ཆབས་ཅིག རང་ཉིད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཡོང་སྒོ་སྐྲུན་ནས་ཕྱུག་སྒྱུར་བྱེད་བཞིན་ཡོད།
ལྕགས་སྒང་གྲོང་ཚོའི་མང་ཚོགས།
ལྕགས་སྒང་གྲོང་ཚོའི་མང་ཚོགས།
འཛུགས་སྐྲུན་ཁྲོད་ཀྱི་ལྕགས་སྒང་གྲོང་ཚོ།
ལྕགས་སྒང་གྲོང་ཚོའི་ལུག་ཁྱུ།
ལྕགས་སྒང་གྲོང་ཚོའི་སྡོང་ཕྲུག་ར་བ།
འཛུགས་སྐྲུན་ཁྲོད་ཀྱི་ལྕགས་སྒང་གྲོང་ཚོ།
འབྲེལ་ཡོད་རྩོམ་ཡིག