ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཝུའུ་དབྱིང་ཅེས་ལྷ་སར་དམངས་འཚོའི་རྣམ་གྲངས་གལ་ཆེན་གྱི་ས་ཆ་འདེམས་པའི་གནས་ཚུལ་ལ་བརྟག་ཞིབ་གནང་བ།

2018-09-25 སངས་སྐྱབས་ཀྱིས་བསྒྲིགས།
འདི་ནི་ཝུའུ་དབྱིང་ཅེ་དང་ཆེ་དགྲ་ལྷ་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་སྟག་རྩེ་ཆུས་སུ་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་སློབ་ཁུལ་གསར་པའི་ས་ཆ་འདེམས་པའི་གནས་ཚུལ་ལ་བརྟག་ཞིབ་གནང་བཞིན་པ།
          ཚེས་21ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྷ་སར་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་སློབ་ཁུལ་གསར་པ་དང་། བོད་ལྗོངས་ལག་རྩལ་སློབ་གླིང་། བོད་རང་སྐྱོང་ལྗོངས་སྨན་ཁང་བཅས་ཀྱི་ས་ཆ་འདེམས་པའི་གནས་ཚུལ་ལ་ཆེད་དོན་བརྟག་ཞིབ་གནང་ཞིང་། ཁོང་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་དང་བསམ་བློའི་ངོས་འཛིན་གཅིག་གྱུར་ཡོང་བ་བྱས་ནས་མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ་དང་བོད་ཀྱི་ལས་དོན་གྱི་དམིགས་ས་དང་། ཤུགས་རྒྱག་ས། འགོ་འཛུགས་ས།  དོན་ལ་བབས་ས་བཅས་ལ་དམིགས་ནས་ཆོད་སེམས་དེ་བས་ཆེ་བ་དང་སེམས་ནུས་དེ་བས་མང་བ་སྤྱད་ནས་རྣམ་གྲངས་ཀྱི་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། མི་རིགས་ཁག་གི་མི་དམངས་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་བྱམས་སྐྱོང་གང་ལེགས་ཚོར་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
          ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན། དེ་བཞིན་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་པད་མ་དབང་འདུས་དང་། ལིའུ་ཅང་། ཧྲི་མོའུ་ཅུན། ཝང་ཡ་ལིན་དང་བཅས་བརྟག་ཞིབ་གནང་སྐབས་ལྷན་དུ་ཕེབས་ཡོད་པ་རེད།
          བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་སློབ་ཁུལ་གསར་པའི་ས་ཆ་འདེམས་པའི་ཐད་བརྟག་ཞིབ་གནང་སྐབས་ཝུའུ་དབྱིང་ཅེས་རང་བྱུང་ལ་བརྩི་འཇོག་དང་། རང་བྱུང་ལ་བསྟུན་པ། རང་བྱུང་ལ་སྲུང་སྐྱོང་བཅས་བྱས་ནས་རྣམ་གྲངས་ཀྱི་བཀོལ་སྤྱོད་ནུས་པའི་ཁུལ་དབྱེར་སྔོན་ནས་ཇུས་འགོད་ཡག་པོ་བྱས་ཏེ་སྔོ་ཞིང་དྭངས་པའི་རི་ཆུ་ནམ་ཡང་གནས་རྒྱུའི་འགན་ལེན་བྱེད་དགོས་པ་དང་། ཕན་ཚུན་མཉམ་ལས་དང་གཞོགས་འདེགས་བྱས་ནས་དགེ་རྒན་ལས་བཟོའི་བསམ་ཤེས་དང་རྒྱབ་སྐྱོར་ཐོབ་པ་བྱས་ཏེ་ཕྱོགས་ཁག་གི་སྟོབས་ཤུགས་ཀྱིས་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བའི་རྣམ་པ་ཟབ་མོ་ཞིག་ཆགས་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། བོད་ལྗོངས་ལག་རྩལ་སློབ་གླིང་གི་ས་ཆ་འདེམས་པའི་ཐད་བརྟག་ཞིབ་གནང་སྐབས་ཝུའུ་དབྱིང་ཅེས་བོད་ཀྱི་དོན་དངོས་ནས་འགོ་བཙུགས་ཏེ་ཆེད་ལས་བཀོད་སྒྲིག་དེ་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་དགོས་མཁོ་དང་ཁེ་ལས་ཀྱི་ཤེས་ལྡན་མི་སྣའི་དགོས་མཁོ་དང་ཟུང་སྦྲེལ་བྱེད་པ་དང་། བོད་དུ་ཡོད་པའི་ཀྲུང་དབྱང་ཁེ་ལས་ཀྱི་ཐོན་ཁུངས་གསར་སྤེལ་དང་ཡུལ་དེ་གའི་ཞིང་འབྲོག་པར་འབབ་འཕར་ཡོང་བར་བྱེད་པའི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ། ལས་ཀའི་བྱེད་སྟངས་གསར་གཏོད་བྱེད་པ་དང་། བོད་སྐྱོར་གྱི་ལེགས་ཆ་འདོན་སྤེལ་བྱེད་པ། རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ། དགེ་རྒན་གྱི་དཔུང་ཁག་སྟོབས་ཆེར་གཏོང་བ་བཅས་བྱས་ནས་སློབ་གྲྭའི་སློབ་མ་སློབ་གྲྭ་ཐོན་རྗེས་སྤྱི་ཚོགས་དང་ཁྲོམ་རའི་ཐོག་བསྐྱོད་རྒྱུར་ཤེས་བྱའི་རྨང་གཞི་འདིང་དགོས་ཞེས་ནན་བཤད་གནང་བ་རེད། བོད་རང་སྐྱོང་ལྗོངས་སྨན་ཁང་གི་ས་ཆ་འདེམས་པའི་ཐད་བརྟག་ཞིབ་གནང་སྐབས་ཝུའུ་དབྱིང་ཅེས་རྒྱལ་ཁབ་ཕྱི་ནང་གི་སྔོན་ཐོན་ཉམས་མྱོང་དཔྱད་གཞིར་འཛིན་ནས་སྤྱོད་གོ་ཆོད་པའི་རང་བཞིན་དང་ཉེར་སྤྱོད་རང་བཞིན་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་། སྨན་ཁང་གི་ནུས་པའི་ཁུལ་ཚན་རིག་དང་མཐུན་ལ་ལུགས་མཐུན་ངང་འཆར་འགོད་བྱེད་པ། ལེ་ལག་ཚང་བའི་སྒྲིག་ཆས་འཐུས་སྒོ་ཚང་དུ་ཏན་ཏིག་གཏོང་བ། རྒྱ་ཆེའི་མང་ཚོགས་སྨན་བཅོས་བྱ་རྒྱུར་སྟབས་བདེ་བསྐྲུན་གང་ཐུབ་བྱེད་པ་བཅས་བྱས་ནས་ཁྱིམ་ཚང་ཁྲི་སྟོང་མང་པོས་ཏང་གི་ཉི་འོད་དང་དྲོ་སྐྱིད་ཚོར་ཐུབ་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
          བརྟག་ཞིབ་གནང་རིང་། ཝུའུ་དབྱིང་ཅེས་ནན་བཤད་ཡང་ཡང་གནང་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པས་རང་རྒྱལ་གྱི་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དེ་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་བ་དང་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་བར་གྱི་འགལ་བར་གྱུར་ནས་ང་ཚོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྨང་གཞིའི་ཐོག་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་ཧུར་ཐག་བཏང་སྟེ་ཉིན་བཞིན་ཆེ་རུ་འགྲོ་བའི་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་སྐོང་དགོས་པའི་བླང་བྱ་བཏོན་ཡོད། མི་རིང་བའི་གོང་ཙུང་ལི་ལི་ཁེ་ཆང་གིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་བྱམས་སྐྱོང་བསྣམས་ནས་བོད་དུ་ལས་དོན་ལ་བརྟག་ཞིབ་གནང་བར་ཕེབས་ཏེ་རང་ལྗོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞིབ་ཕྲའི་བླང་བྱ་བཏོན་གནང་བ་མ་ཟད། རང་ལྗོངས་ཀྱིས་དཔལ་འབྱོར་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་དམངས་འཚོའི་འདུ་འགོད་གལ་ཆེན་ཁག་གཅིག་གཏན་འཁེལ་བྱས་ནས་ང་ཚོས་དུས་རབས་གསར་པ་དང་དུས་བབ་གསར་པའི་འོག་བོད་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་སྒུལ་ཤུགས་ཆེན་པོ་བསྣན་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ་དམངས་འཚོའི་རྣམ་གྲངས་གལ་ཆེན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ལ་བརྩི་བ་དང“འདུ་ཤེས་བཞི”བརྟན་དུ་གཏོང་བ་དང“གདེང་ཚོད་བཞི”ཆེ་རུ་གཏོང་བའི་ལག་ལེན་ནུས་ལྡན་དེ་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་ཞིབ་ཕྲའི་བྱ་སྤྱོད་དུ་བརྩིས་ནས་བཀའ་དྲིན་བློ་ལ་འཆང་བ་དང་། ཡིད་ཆེས་ཀྱིས་ཁེངས་པ། འབད་འཐབ་ལྷོད་མེད། བསམ་བློ་བཅིངས་འགྲོལ། འདུ་ཤེས་ཟབ་གཏོང་། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ། དཀའ་སྤྱད་འབད་འཐབ་བཅས་ཀྱི་ཐོག་ནས་ཏང་དང་མི་དམངས་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་འཆར་འགོད་འཛུགས་སྐྲུན་དང་སྤུས་ཚད་མཐོ་པོའི་སྒོ་ནས་ལས་དོན་ལ་སྐུལ་འདེད་གཏོང་བ་དང་ཕན་འབྲས་དངོས་ཀྱི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ཐུགས་བློ་བདེ་པོ་ཡོང་བ་བྱས་ཏེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་བདེ་སྐྱིད་སྐྲུན་དགོས། རྣམ་གྲངས་མཐའ་འཁོར་གྱི་ཁོར་ཡུག་དང་དེ་བཞིན་འབྲེལ་ཡོད་ལེ་ལག་སྒྲིག་ཆས་སོགས་ཀྱི་རྒྱུ་རྐྱེན་ལ་བསམ་གཞིག་གང་ལེགས་བྱས་ནས་མིག་རྒྱང་རིང་བ་དང་། ཚན་རིག་དང་མཐུན་པའི་འཆར་འགོད། བཀོད་སྒྲིག་ལུགས་མཐུན་བཅས་ཐུབ་པ་བྱེད་དགོས། རྣམ་གྲངས་ཀྱི་སྤྱིའི་འཆར་གཞི་ཡག་པོ་བཀོད་ནས་རྣམ་གྲངས་གཏན་འཁེལ་གྱི་ཞིབ་མཆན་ལ་དམ་འཛིན་དང་བསྒྲུབ་རྒྱུར་ལྟ་སྐུལ་དང་དོན་འཁྱོལ་ལ་ཤུགས་སྣོན་བརྒྱབ་སྟེ་རྣམ་གྲངས་བདེ་བླག་ངང་ལག་བསྟར་དང་སྐུལ་འདེད་མྱུར་པོ་གཏོང་རྒྱུའི་འགན་ལེན་བྱེད་དགོས། མ་དངུལ་བཀོལ་སྤྱོད་དང་དོ་དམ་བྱེད་ནན་དུ་བཏང་ནས་དངུལ་སྐར་མ་གཅིག་ཀྱང་སྤྱོད་མཁས་པོ་བྱས་ཏེ་བྱ་བཟང་དང་བྱ་བ་དངོས་ཡག་པོ་སྒྲུབ་ཐུབ་པའི་འགན་ལེན་བྱེད་དགོས།
འབྲེལ་ཡོད་རྩོམ་ཡིག