ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ལི་ཁེ་ཆང་གིས་ཧོ་ལན་གྱི་དབུ་བཞུགས་བློན་ཆེན་ལུའི་ཐེ་དང་གྲོས་མོལ་མཛད།

2018-10-17 སངས་སྐྱབས་ཀྱིས་བསྒྲིགས།
           ས་དེའི་ཟླ་བཅུ་པའི་ཚེས་བཅོ་ལྔ་ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཧེ་ཡའི་དབུ་བཞུགས་བློན་ཆེན་བཞུགས་ཤག་ནས་ཧོ་ལན་གྱི་དབུ་བཞུགས་བློན་ཆེན་ལུའི་ཐེ་དང་གྲོས་མོལ་མཛད། འདི་ནི་གྲོས་མོལ་གྱི་སྔོན་ལ། ལུའི་ཐེ་ཡིས་ཧེ་ཡའི་གྲོས་ཁང་ཐོག་ཁང་ཆེན་མོའི་ཐང་ཆེན་ནས་ལི་ཁེ་ཆང་ལ་གཟབ་རྒྱ་ཆེ་བའི་དགའ་བསུའི་མཛད་སྒོ་བསྡུ་བའི་ཚུལ་རེད།
           ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་དེའི་ཟླ10པའི་ཚེས15ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཧེ་ཡའི་དབུ་བཞུགས་བློན་ཆེན་བཞུགས་ཤག་ནས་ཧོ་ལན་གྱི་དབུ་བཞུགས་བློན་ཆེན་ལུའི་ཐེ་དང་གྲོས་མོལ་མཛད།
           ལི་ཁེ་ཆང་གིས་ཀྲུང་གོ་དང་ཧོ་ལན་གྱི་འབྲེལ་བ་དང་གཉིས་ཕན་མཉམ་ལས་ཐད་ནས་བླངས་པའི་གྲུབ་འབྲས་ལ་གདེང་འཇོག་ལེགས་པོ་མཛད། ཁོང་གིས་བསྟན་དོན། ཀྲུང་གོ་དང་ཧོ་ལན་གྱི་མཐོ་རིམ་འགྲོ་འོང་ཟབ་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་རྒྱལ་པོ་ཝེ་ལེན་ཡ་ལེ་ཧྲན་ཏ་གཉིས་ཀྱིས་ཕན་ཚུན་ལ་འཚམས་འདྲི་མཛད་ནས། ཀྲུང་གོ་དང་ཧོ་ལན་གྱི་སྒོ་འབྱེད་དངོས་གཉེར་གྱི་ཕྱོགས་ཡོངས་ཀྱི་མཉམ་ལས་གྲོགས་པོའི་འབྲེལ་བ་གོང་འཕེལ་དུ་བཏང་ཡོད། དེང་སྐབས་རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་པ་དང་། གཏན་འཇགས་མིན་པའི་རྒྱུ་རྐྱེན་ཇེ་མང་དུ་འགྲོ་བའི་རྒྱབ་ལྗོངས་འོག་ཏུ། ཀྲུང་གོས་ཧོ་ལན་བར་གྱི་སྔར་ལས་སྒོ་འབྱེད་ཀྱི་དངོས་གཉེར་མཉམ་ལས་བརྒྱུད་ནས། ཕྱོགས་མང་རིང་ལུགས་དང་རང་དབང་ཉོ་འཚོང་ལ་མཉམ་དུ་སྲུང་སྐྱོབ་བྱས་ཏེ། ཉོ་འཚོང་དང་དངུལ་གཏོང་རང་དབང་ཅན་དང་སྟབས་བདེ་ཅན་ལ་ཡར་སྐུལ་བྱེད་འདོད་ཡོད་ཟེར།
           ལི་ཁེ་ཆང་གིས་བསྟན་དོན། ཀྲུང་གོས་འཛམ་གླིང་ཉོ་འཚོང་རྩ་འཛུགས་ཀྱི་བཅོས་སྒྱུར་ཐད་ནས་ཧོ་ལན་བར་གྱི་འབྲེལ་འདྲིས་མཐུན་སྦྱོར་ལ་ཤུགས་སྣོན་འདོད་ཡོད། ཀྲུང་གོས་ནམ་ཟླའི་འགྱུར་ལྡོག་གི་ཕ་རེ་སིའི་ཆོད་དོན་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱས་ནས། མུ་མཐུད་དུ་དཀའ་སྤྱད་འབད་བརྩོན་གྱིས་དམ་བཅའ་ལག་བསྟར་བྱེད་རྒྱུ་ཡིན། ཕྱོགས་སོ་སོས་མུ་མཐུད་དུ་ཐུན་མོང་དང་ཐུན་མིན་གྱི་འགན་ཁུར་རྩ་དོན་རྒྱུན་འཁྱོངས་བྱས་ནས། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ལུགས་མཐུན་དོ་སྣང་ལ་གཟིགས་སྐྱོང་བྱེད་དགོས། ཀྲུང་གོས་ཧོ་ལན་གྱིས་མི་གྲངས་ལོ་ལོན་ཅན་ལ་ཁ་གཏད་འཇལ་བའི་ཉམས་མྱོང་ལ་སློབ་སྦྱོང་བྱེད་འདོད་ཡོད་པ་དང་། མཁར་གྲོང་ཅན་དང་ལོ་ལོན་ལྟ་སྐྱོང་། དག་གཙང་ནུས་ཁོངས་ལག་རྩལ་སོགས་ཕྱོགས་ནས་མཉམ་ལས་རྐྱེན་སྲོལ་འཛུགས་འདོད་ཡོད་ཟེར།
           ལི་ཁེ་ཆང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་བཅོས་སྒྱུར་སྔར་ལས་ཟབ་སྤེལ་དང་སྒོ་འབྱེད་རྒྱ་བསྐྱེད་དུ་གཏོང་རྒྱུ་ཡིན། ང་ཚོས་ཧོ་ལན་ཕྱོགས་དང་མཉམ་དུ་སྒོ་འབྱེད་དཀྱེལ་ཡངས་དང་གཉིས་ཕན་མཉམ་རྒྱལ་གྱི་འདུ་ཤེས་རྒྱུན་འཁྱོངས་ཀྱིས་ཕྱོགས་ཡོངས་ཀྱི་མཉམ་ལས་རྒྱ་བསྐྱེད་འདོད་ཡོད་ཟེར།
           ལུའི་ཐེ་ཡིས་བསྟན་དོན། ཧོ་ལན་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བར་མཐོང་ཆེན་བྱེད་བཞིན་ཡོད་ལ། ཀྲུང་གོའི་བར་གྱི་ཆབ་སྲིད་ཡིད་ཆེས་སྲ་བརྟན་དུ་གཏོང་བ་དང་། དངོས་གཉེར་མཉམ་ལས་ཇེ་ཟབ་ཏུ་བཏང་ནས། འཁོར་སྐྱོད་དཔལ་འབྱོར་དང་མཁར་གྲོང་ཅན། རིག་ནུས་གྲོང་ཁྱེར་སོགས་ཁྱབ་ཁོངས་ནས་མཉམ་ལས་ཀྱི་སྦས་ཤུགས་གསར་པ་སྔོག་འདོན་བྱེད་པ་དང་། ཕྱོགས་གསུམ་པའི་ཁྲོམ་རའི་མཉམ་ལས་རྒྱ་བསྐྱེད་པ། ནམ་ཟླའི་འགྱུར་ལྡོག་སོགས་འཛམ་གླིང་རང་བཞིན་གྱི་གནད་དོན་ལ་ཁ་གཏད་འཇལ་བ། ཕྱོགས་མང་རྐྱེན་སྲོལ་གྱི་འབྲེལ་འདྲིས་མཐུན་སྦྱོར་ཇེ་ཟབ་ཏུ་གཏོང་བ་བཅས་བྱེད་འདོད་ཡོད་ཟེར།
           ཕྱོགས་གཉིས་ཀྱིས་ད་དུང་མཉམ་དུ་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ནས་དགོངས་འཆར་བརྗེ་རེས་མཛད།
           གྲོས་མོལ་གྱི་རྗེས་སུ། ལི་ཁེ་ཆང་གིས་ལུའི་ཐེ་དང་མཉམ་དུ་རྒྱཁབ་གཉིས་ཀྱིས་འབྱོར་འཚོང་དང་དངུལ་རྩ། ནུས་ཁུངས། ཞིང་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་མང་པོ་བཀོད་པར་བདེན་དཔང་བྱས།
           གྲོས་མོལ་གྱི་སྔོན་ལ། ལུའི་ཐེ་ཡིས་ཧེ་ཡའི་གྲོས་ཁང་ཐོག་ཁང་ཆེན་མོའི་ཐང་ཆེན་ནས་ལི་ཁེ་ཆང་ལ་གཟབ་རྒྱས་ཆེ་བའི་དགའ་བསུའི་མཛད་སྒོ་བསྡུས།
           ཝང་དབྱི་དང་ཧི་ལིས་ཧྥེང་སོགས་གོང་གི་བྱ་འགུལ་ལ་ཞུགས།
འབྲེལ་ཡོད་རྩོམ་ཡིག