ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

སི་ཁྲོན་བོད་རིགས་ས་ཁུལ་གྱི་བྱིས་པ་60རི་ཁུག་ནས་ཐོན་ཏེ“མེ་འཁོར་བཏང་བ།”

2018-10-17 སངས་སྐྱབས་ཀྱིས་བསྒྲིགས།
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་12ཉིན། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཟུང་ཆུ་རྫོང་ཨན་ཧུང་ཤང་དུང་ཨན་གྲོང་ཚོ་ནས་ཡིན་པའི་སློབ་ཆུང་སློབ་མ་60རི་ཁུག་ནས་ཐོན་ཏེ་ཁྲེང་ཏུའུ་རུ་འབྱོར་ཡོད་ཅིང་། ཁྲེང་ཏུའུ་ལྕགས་ལམ་ལས་བཟོ་པ་གསོ་སྦྱོང་རྟེན་གཞིའི་མེ་འཁོར་དང་ཤུགས་འགྲེམ་མེ་འཁོར་ལ་ཁ་ལོ་ལད་ཟློས་གཏོང་བའི་ཚོགས་པ་རུ་ཤུགས་འགྲེམ་མེ་འཁོར་ལ་བསྡད་པ་དང་། ལྷོ་ནུབ་འགྲིམ་འགྲུལ་སློབ་ཆེན་དུ་ལྟ་སྐོར་དུ་བསྐྱོད་ནས་ཀྲུང་གོའི་ལྕགས་ལམ་དང་མེ་འཁོར་གྱི་འཕེལ་འགྱུར་ལ་རྒྱུས་ལོན་བྱས་པ་མ་ཟད། ལྷོ་ནུབ་ཀྱི་ཤུགས་འགྲེམས་མེ་འཁོར་ཞིབ་བཤེར་བཟོ་བཅོས་རྟེན་གཞི་ཆེ་ཤོས་ནང་གི་ཤུགས་འགྲེམ་མེ་འཁོར་ཞིག་གསོ་དང་ལྷོ་ནུབ་ས་ཁུལ་གྱི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ཆེས་ཆེ་བའི་ལྕགས་ལམ་གྱི་འགྲུལ་སྐྱེལ་མེ་འཁོར་འབབ་ཚུགས་ཏེ་ཁྲེང་ཏུའུ་འབབ་ཚུགས་ཤར་མ་རུ་ཡུལ་དངོས་ཀྱི་ལྟ་སྦྱོང་བྱས་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོའི་ལྕགས་ལམ་ཁྲེང་ཏུའུ་ཅུས་ཚོགས་པ་ཚད་ཡོད་ཀུང་སིས“མྱུར་བགྲོད་ལྕགས་ལམ་གྱི་ཞིབ་འཇུག་སློབ་སྦྱོང”གི་བྱེད་སྒོ་སྤེལ་བ་བརྒྱུད་རི་ཁུལ་ནས་ཡོང་བའི་ཕྲུ་གུ་ཚོར་ཀྲུང་གོའི་དེང་རབས་བཟོ་ལས་ཀྱི་མྱུར་བགྲོད་ལྕགས་ལམ་གྱི་རྟེན་གཞིར་ཡུལ་དངོས་སུ་ལྟ་སྐོར་དུ་ཁྲིད་ཅིང་། ཀྲུང་གོའི་མྱུར་བགྲོད་ལྕགས་ལམ་གྱི་བརྗིད་ཉམས་ལྡན་པའི“མིང་བྱང”ལ་དངོས་སུ་ཉམས་ལེན་བྱེད་དུ་བཅུག་སྟེ། རི་ཁུལ་གྱི་ཕྲུ་གུ་རྣམས་ལ་ཀྲུང་གོའི་སྒྱུར་བཅོས་སྒོ་འབྱེད་བྱས་པའི་ལོ་40རིང་གི་འགྱུར་ལྡོག་ཆེན་པོ་དེ་ཉམས་སུ་མྱོང་བར་བཅུག་ཡོད།
འབྲེལ་ཡོད་རྩོམ་ཡིག