ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

བོད་ལྗོངས་ལྷོ་བྲག་རྫོང་སྲད་ཤང་གིས་མཐའ་བརྟན་དམངས་ཕྱུག་གིས་མཐའ་མཚམས་ཀྱི་ཁྱམས་རིང་བརྩིགས་པ།

2018-10-18 པད་མས་བསྒྱུར།
རི་མོ་འདི་ནི་སྡོད་ཁང་ནང་གནས་སྤོ་བྱེད་པའི་མཛད་སྒོ་རེད།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། སྲད་ཤང་ནི་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་གི་ལྷོ་ཕྱོགས་སུ་གནས་ཤིང་། ཟླ10པའི་ཚེས15 ཉིན། སྲད་ཤང་ཆུ་སྨད་གྲོང་ཚོའི་ཁག་གཉིས་པའི་གནས་སྤོའི་གྲོང་མི་ཉིན་དེའི་སྔ་དྲོར་ཀུང་ཀྲང་ཕུའུ་མཐའ་མཚམས་འཐབ་ས་དང་པོར་གསར་དུ་བརྒྱབ་པའི་སྡོད་ཁང་གསར་པའི་ནང་དུ་བདེ་བླག་ངང་གནས་སྤོར་བྱས་པ་རེད། 
རི་མོ་འདི་ནི་མང་ཚོགས་ཀྱི་ཁྱིམ་ཆས་གང་བླུགས་པའི་རླངས་འཁོར་མཐའ་མཚམས་འཐབ་ས་དང་པོར་ཡོད་པའི་སྡོད་ཁང་གསར་པའི་ནང་དུ་སྐྱོད་བཞིན་པའི་རྣམ་པ་རེད།
          ནང་དུ་སྡོད་པའི་མཛད་སྒོའི་ཐོག སྲད་ཤང་མཐའ་སྲུང་མངགས་གཏོང་ཁང་གི་སའོ་ཀྲང་པ་སངས་ཚེ་རིང་གིས་ཁང་གསར་དུ་སྡོད་པའི་མང་ཚོགས་ལ་སྨོན་འདུན་བཟང་པོ་ཞུས་ཤིང་། གསར་སྤོས་ཀྱི་མཐའ་མཚམས་མང་ཚོགས་རྣམས་ཀྱིས་གནས་འདི་རུ་བདེ་སྡོད་ལས་བརྩོན་གྱིས་སྲད་ཤང་མཐའ་མཚམས་ཀྱི་འཐབ་ས་དང་པོའི་བདེ་འཇགས་དང་འཕེལ་རྒྱས་འགྲོ་རྒྱུར་ཐུན་མོང་ཐོག་ཤུགས་འདོན་བྱེད་དགོས་པའི་རེ་བ་བཏོན།
རི་མོ་འདི་ནི་མཐའ་སྲུང་མངགས་གཏོང་ཁང་གི་སའོ་ཀྲང་པ་སངས་ཚེ་རིང་གིས་མང་ཚོགས་ལ་ཁ་བཏགས་ཕུལ་ནས་ཕྱག་ཟུང་ལ་འཇུས་ཏེ་འཚམས་འདྲི་ཞུ་བའི་རྣམ་པ་རེད།
          ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་གཏིང་ཟབ་སྒོས་ལག་ལེན་མཐིལ་ཕྱིན་དང་།  དམག་དཔུང་འདུས་སྡོད་དང་དམངས་ཀྱི་བདེ་འཇགས་མཉམ་བཟུང་མཐའ་འཁྱོངས་དང་། མཐའ་བརྟན་མཐའ་དར་གལ་ཆེ་མཉམ་དུ་བཞག་སྟེ་ནུས་ཤུགས་གང་ཡོད་ཀྱི་སྒོ་ནས“ མཐའ་དར་དམངས་ཕྱུག་མཐའ་བརྟན་དང་དམངས་བདེའི་ལོ་བཞིའི་བྱ་སྤྱོད”ལག་བསྟར་བྱས་ཏེ། མཐུན་སྒྲིལ་གྱིས་མཐའ་མཚམས་ས་ཁུལ་གྱི་མང་ཚོགས་སྣེ་ཁྲིད་དེ་མཐའ་མཚམས་ཀྱི་བདེ་འཇགས་སྲུང་ཡོལ་དང་།  བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འབྱོར་འབྲིང་དཔེ་སྟོན་ཁུལ་ཤུགས་ཆེན་པོས་གསར་སྐྲུན་བྱས།
རི་མོ་འདི་ནི་སྡོད་ཁང་ནང་གནས་སྤོ་བྱེད་པའི་མཛད་སྒོའི་ཡུལ་དངོས་རེད།
          ད་ཐེངས་ཀྱི་མཐའ་མཚམས་འཐབ་ས་དང་པོར་གནས་སྤོ་བྱས་ཏེ་བསྡད་པ་ཡིས་ཏང་གིས་བོད་ལྗོངས་ཀྱི་མཐའ་མཚམས་མང་ཚོགས་ལ་སེམས་གཏིང་ནས་སེམས་ཁུར་བྱེད་པའི་བརྩེ་སེམས་མཚོན་ཞིང་། དེ་ནི་མཐའ་མཚམས་བརྟན་ལྷིང་དང་མཐའ་མཚམས་སྲ་བརྟན་གྱི་རླབས་ཆེའི་འཐབ་ཇུས་བཟོ་སྐྲུན་ལག་ལེན་མཐིལ་ཕྱིན་བྱེད་པའི་ཞིབ་ཕྲའི་ལག་ལེན་ཐེངས་ཤིག་ཡིན། དེས་ནུས་ལྡན་སྒོས་ས་གནས་དེ་གའི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་སྡོད་ཁང་གནད་དོན་ཐག་གཅོད་བྱས་པར་མ་ཟད། མཐའ་མཚམས་འཐབ་ས་དང་པོའི་མང་ཚོགས་ཀྱི་རྨང་གཞིའང་བརྟན་པོ་བཏིང་སྟེ་མཐའ་མཚམས་བརྟན་ལྷིང་དང་མཐའ་མཚམས་སྲ་བརྟན་གྱི་ནུས་པ་ཇེ་མཐོར་བཏང་ཡོད།
འབྲེལ་ཡོད་རྩོམ་ཡིག