ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཀྲུང་གོའི་སྐམ་མཚོ་གཉིས་སྤྱོད་གནམ་གྲུ་ཐེངས་དང་པོར་མཚོ་ཐོག་ནས་འཕུར་འགོ་བརྩམས།

2018-10-22 སངས་སྐྱབས་ཀྱིས་བསྒྲིགས།
          རང་རྒྱལ་གྱིས་རང་ཉིད་ཀྱི་ལག་རྩལ་ལ་བརྟེན་ནས་ཞིབ་བཟོ་བྱས་པའི་མེ་གསོད་དང་ཆུ་ཐོག་རོགས་སྐྱོབ་ཀྱི་སྐམ་མཚོ་གཉིས་སྤྱོད་ཀྱི AG600རྟགས་ཅན་གྱི་གནམ་གྲུ་ཆེན་པོ་དེ་སྤྱི་ཟླ་བཅུ་བའི་ཚེས་ཉི་ཤུའི་ཉིན་གྱི་སྔ་དྲོ་ཧུའུ་པེ་ཅིང་མོན་ཀྲང་ཧོ་གནམ་གྲུ་ཐང་དུ་ཆུ་ནང་ནས་འཕུར་བའི་ཚོད་ལྟ་ཐེངས་དང་པོ་བྱས་ནས་ལེགས་གྲུབ་བྱུང་བ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།  རྒྱལ་ཁབ་ཀྱི་ཀྲུའུ་ཞི།  ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གློག་འཕྲིན་བཏང་གནང་ནས་བཀྲ་ཤིས་བདེ་ལེགས་དང་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས།
          ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རང་རྒྱལ་གྱིས་རང་ཉིད་ཀྱི་ལག་རྩལ་ལ་བརྟེན་ནས་ཞིབ་བཟོ་བྱས་པའི་མེ་གསོད་དང་ཆུ་ཐོག་རོགས་སྐྱོབ་ཀྱི་སྐམ་མཚོ་གཉིས་སྤྱོད་ཀྱི AG600རྟགས་ཅན་གྱི་གནམ་གྲུ་ཆེན་པོ་དེ་སྤྱི་ཟླ་བཅུ་བའི་ཚེས་ཉི་ཤུའི་ཉིན་གྱི་སྔ་དྲོ་ཧུའུ་པེ་ཅིང་མོན་ཀྲང་ཧོ་གནམ་གྲུ་ཐང་དུ་ཆུ་ནང་ནས་འཕུར་བའི་ཚོད་ལྟ་ཐེངས་དང་པོ་བྱས་ནས་ལེགས་གྲུབ་བྱུང་བ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།  རྒྱལ་ཁབ་ཀྱི་ཀྲུའུ་ཞི།    ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གློག་འཕྲིན་བཏང་གནང་ནས་བཀྲ་ཤིས་བདེ་ལེགས་དང་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས། 
          ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བསྟན་དོན།    མེ་གསོད་དང་ཆུ་ཐོག་རོགས་སྐྱོབ་ཀྱི་སྐམ་མཚོ་གཉིས་སྤྱོད་ཀྱི AG600རྟགས་ཅན ་གྱི་གནམ་གྲུ་ཆེན་པོ་དེ་ཆུ་ཐོག་ནས་ཐེངས་དང་པོར་འཕུར་སྐྱོད་བྱེད་རྒྱུ་ལེགས་གྲུབ་བྱུང་ཞིང་། དེ་ནི་རང་རྒྱལ་གྱི་མཁའ་འགྲུལ་བཟོ་ལས་ཀྱིས་རང་ཉིད་ཀྱི་ལག་རྩལ་ལ་བརྟེན་ནས་གསར་སྐྲུན་རྒྱུན་འཁྱོངས་བྱས་ནས་ཐོབ་པའི་ཚན་རྩལ་གྲུབ་འབྲས་ཆེན་པོ་ཞིག་རེད།    ཞིབ་བཟོའི་ནང་ཞུགས་མཁན་གྱི་ལས་ཁུངས་དང་མི་སྣ་ཡོངས་ཀྱིས་དཀའ་སྤྱད་འབད་འཐབ་དང་། འབད་འབུངས་ལྷོད་མེད།  འགག་གཏོར་དཀའ་སེལ་བཅས་བྱས་པས་ཞིབ་བཟོའི་རྣམ་གྲངས་ལ་འགག་གཏོར་གྲུབ་འབྲས་ཆེན་པོ་ཐོབ་ཡོད་པས། ང་རང་ཉིད་ཀྱིས་བློ་མཐུན་ཚོར་སེམས་གཏིང་ནས་བཀྲ་ཤིས་བདེ་ལེགས་ཞུས་པ་ཡིན་ཟེར།   ཞི་ཅིན་ཕིང་གིས་འབྲེལ་ཡོད་ཕྱོགས་ཀྱིས་མཁའ་སྐྱོད་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་སྙིང་སྟོབས་མུ་མཐུད་དུ་དར་སྤེལ་གཏོང་བ་དང་གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་བཟང་བོ་བྱེད་པ།   གསར་སྐྲུན་གོང་འཕེལ་ལ་སྐུལ་འདེད་ནུས་ལྡན་གཏོང་བ།   ཡང་འབད་བསྐྱར་འབད་བྱེད་པ།  མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་བ་བཅས་བྱས་ནས། ཞིབ་བཟོའི་རྣམ་གྲངས་ལེགས་གྲུབ་ཡོང་རྒྱུར་འགན་ལེན་བྱེད་པ་དང་། རང་རྒྱལ་གྱི་བབ་བསྟུན་རོགས་སྐྱོར་མ་ལག་དང་རྒྱལ་ཁབ་ཀྱི་རང་བྱུང་གནོད་འཚེ་འགོག་བཅོས་མ་ལག་འཛུགས་སྐྲུན་གྱི་དགོས་མཁོ་མུ་མཐུད་དུ་བསྐངས་ཏེ། མཁའ་འགྲུལ་སྟོབས་ཆེན་རྒྱལ་ཁབ་འཛུགས་སྐྲུན་གྱི་དམིགས་འབེན་མངོན་འགྱུར་ཡོང་ཆེད་འབད་འཐབ་བྱེད་དགོས་ཟེར།
འབྲེལ་ཡོད་རྩོམ་ཡིག