ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

བོད་ཀྱི་བུད་མེད་ལས་དོན་ལ་འཆར་གཞི་གསར་པ་བཀོད་པ།

2018-10-24 བཀྲ་རྒྱལ་གྱིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ10བའི་ཚེས23ཉིན་གྱི་ཕྱི་དྲོར། བོད་རང་སྐྱོང་ལྗོངས་ཀྱི་བུད་མེད་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་གྲོལ་ཞིང་། མི་རིགས་དང་ལས་རིགས་ཁག་གི་བུད་མེད་འཐུས་མི400ལྷག་ཙམ་གྱིས་བོད་ལྗོངས་ཡོངས་ཀྱི་བུད་མེད་སྤུན་ཟླ་རྣམས་ཀྱི་མངག་བཅོལ་གལ་ཆེན་ཕྲག་ཏུ་ཁུར་ཞིང་། ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་སེམས་ཆེན་པོས་འཐུས་མིའི་དབང་ཆ་ལག་བསྟར་ནན་ཏན་བྱས་པ་དང་འགན་འཁྲི་དོན་འཁྱོལ་བསྒྲུབ་ཏེ་བོད་ཀྱི་བུད་མེད་ཀྱི་བྱ་གཞག་ཐད་ཐབས་འདོན་ཇུས་འདོན་གནང་ཡོད་པ་རེད།
བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་པ་གྲོལ་བའི་ཡུལ་དངོས།
          ཚོགས་ཆེན་ཐོག་བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་པའི་ལག་བསྟར་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང་པ་དང་། ལག་བསྟར་ཨུ་ཡོན་ལྷན་ཁང་སྐབས་བཅུ་པའི་གྲོས་ཚོགས་ཐེངས་དང་པོའི་ཐོག་བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ། (འགན་གཅིག་ལྕོགས་དང་སྐབས་འགན་བཞེས་མཁན་འདུས)དང་རྒྱུན་ཨུ་བཅས་བདམས་ཐོན་བྱུང་སྟེ། ཀྲུའུ་ཞི་རྒྱལ་མཚན་ལྷ་མོ་བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་པའི་ཀྲུའུ་ཞིར་བདམས་བསྐོ་གནང་པ་རེད།
བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་པའི་ཀྲུའུ་ཞི་རྒྱལ་མཚན་ལྷ་མོ།
          ད་ཐེངས་བདམས་ཐོན་བྱུང་བའི་བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་པའི་ལག་བསྟར་ཨུ་ཡོན་ལྷན་ཁང་ལ་མི་སྣ63ཡོད་དེ་ཆ་སྙོམས་ལོ་ཚད་ལོ44.5དང་། བོད་རིགས་ཀྱིས་ལས་འཛིན་ཨུ་ཡོན་ལྷན་ཁང་གི་བསྡོམས་འབོར་གྱི58.7%ཟིན་ཡོད་པ། རྒྱ་རིགས་ཀྱིས་ལས་འཛིན་ཨུ་ཡོན་ལྷན་ཁང་གི་སྤྱི་འབོར་གྱི36.5%ཟིན་པ། དེ་མིན་གྲངས་ཉུང་མི་རིགས་གཞན་དག་གིས་ལས་འཛིན་ཨུ་ཡོན་ལྷན་ཁང་བསྡོམས་འབོར་གྱི་བརྒྱ་ཆ4.8%ཟིན་པ། ཞིབ་འཇུག་སློབ་མས་ལས་འཛིན་ཨུ་ཡོན་ལྷན་ཁང་གི་བསྡོམས་འབོར་གྱི34.9%ཟིན་པ། སློབ་གྲྭ་ཆེན་མོ་དང་ཆེད་ཚན་བསླབ་གནས་ཀྱིས་ལས་འཛིན་ཨུ་ཡོན་ལྷན་ཁང་བསྡོམས་འབོར་གྱི50.8% ཟིན་པ། འབྲིང་རིམ་ཆེད་ལས་སློབ་གྲྭ་དང་མཐོ་རིམ་སློབ་འབྲིང་།དེ་མན་གྱི་བསླབ་གནས་ཀྱིས་ལས་འཛིན་ཨུ་ཡོན་ལྷན་ཁང་བསྡོམས་འབོར་གྱི14.3%ཟིན་ཡོད། སྐབས་འདིའི་ལས་འཛིན་ཨུ་ཡོན་ལྷན་ཁང་ལ་སློབ་གསོ་དང་རིག་གནས། འཕྲོད་བསྟེན། སྲིད་ཁྲིམས། མི་རིགས་ཆོས་ལུགས། ཞིང་འབྲོག ཁེ་ལས་ལས་རིགས་ཀྱི་འཐུས་མི་ཡོད་ལ། ཏང་སྲིད་དང་གཞི་རིམ་གྱི་འཐབ་ཕྱོགས་དང་པོའི་མང་ཚོགས་ཀྱི་ཚོགས་པའི་འཐུས་མི་ཡང་ཡོད་པ་རེད། དེས་ནི་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ནི་ཁྱབ་རྒྱ་ཤིན་ཏུ་ཆེ་བའི་མང་ཚོགས་རང་བཞིན་དང་འཐུས་མིས་རང་བཞིན་གང་ལེགས་ལྡན་པ་མཚོན་ཐུབ་ལ། དུས་སྐབས་གསར་པའི་བུད་མེད་ཀྱི་སྲིད་ཞུགས་སྲིད་མོལ་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་ཡོད་པ་ཡང་མཚོན་ཐུབ།
བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་པ་གྲོལ་པའི་ཡུལ་དངོས།
          སླར་ཕྱིན། བོད་ཀྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྔར་བས་རྒྱུན་མཐུད་ཀྱི་འཚོལ་ཞིབ་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་བསྐྱོད་དེ་བུད་མེད་མང་ཚོགས་ཀྱི་རེ་སྒུག་བློ་ལ་བརྟན་པོར་ངེས་རྒྱུ་དང་། ཕྲག་ཐོག་ཏུ་འཁུར་བའི་ལས་འགན་ལྗིད་པོ་བློ་ལ་བརྟན་པོར་ངེས་ཐོག  བུད་མེད་མང་ཚོགས་བློ་ཡིད་འཚིམ་མིན་ལས་ཀའི་ཚད་གཞིར་བཟུང་སྟེ་ད་ཐེངས་ཀྱི་ཚོགས་འདུའི་སྟེང་འཐུས་མིས་བཏོན་པའི་བསམ་འཆར་དང་གྲོས་གཞིར་ཞིབ་འཇུག་ནན་ཏན་གནང་རྒྱུ་རེད། བུད་མེད་ཀྱི་ལས་དོན་གནད་ལ་མི་འཁེལ་བའི་གནད་དོན་ལ་དམིགས་ཏེ།ཐོག་མཐའ་བར་གསུམ་དུ་ལས་ཀའི་ལྟེ་གནད་དེ་གཞི་རིམ་དུ་བཞག་ནས། མང་ཚོགས་ཀྱི་འགྲམ་དུ་བཅར་རྒྱུ་དང་འཐབ་ས་དང་པོར་བསྐྱོད་རྒྱུ། ལོ་ཚོད་མི་འདྲ་བ་དང་ཚོགས་སྤྱི་མི་འདྲ་བ། རིམ་གྲས་མི་འདྲ་བ། ལས་རིགས་མི་འདྲ་བའི་བུད་མེད་མང་ཚོགས་ཀྱི་དགོས་མཁོར་རྒྱུས་ལོན་བྱེད་པ། སྔར་བས་དྲང་བཞག་དང་སྤུས་ལེགས། སེམས་སྐྱིད་ཀྱི་ཞབས་འདེགས་མཁོ་འདོན་གནང་རྒྱུ་མ་ཟད། རྒྱ་ཆེའི་བུད་མེད་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོར་དོ་ཁུར་བྱེད་རྒྱུ་དང་། བུད་མེད་དང་བྱིས་པ་དཀའ་ངལ་ལ་དོ་ཁུར་བྱེད་རྒྱུ། སྤྱིར་བཏང་གི་བུད་མེད་མང་ཚོགས་ལ་དོ་ཁུར་བྱེད་རྒྱུ།བུད་མེད་དང་བྱིས་པའི་དཀའ་ངལ་དངོས་ཐག་གཅོད་བྱས་ཏེ། བུད་མེད་མང་ཚོགས་ལ་བདེ་སྐྱིད་དང་ཐོབ་འདོད། བདེ་འཇགས་བཅས་ཀྱི་ཚོར་སེམས་སྔར་བས་མཐོ་རུ་གཏོང་དགོས། 
བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་པ་གྲོལ་བའི་ཡུལ་དངོས།
འབྲེལ་ཡོད་རྩོམ་ཡིག