ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཀུན་སྤྱོད་ལེགས་སྐྱོང་རྒྱུན་འཁྱོངས་སྒོས་བོད་ཀྱི་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་བསྐྲུན་མཁན་བྱེད་དགོས།

2018-11-16 བཀྲ་རྒྱལ་གྱིས་བསྒྱུར།
----བོད་ལྗོངས་མི་རིགས་སློབ་ཆེན་གྱི་དགེ་སློབ་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱས་པ།
         ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།  ཟླ10པའི་ཚེས15 ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ནས་ལོ་ངོ60འཁོར་བར་བཀྲ་ཤིས་བདེ་ལེགས་ཞུ་བའི་འཕྲིན་ཡིག་སྤྲིངས་གནང་སྟེ། སློབ་གྲྭ་ཡོངས་ཀྱི་རྒྱ་ཆེའི་དགེ་སློབ་ལས་བཟོ་བ་ཡོངས་དང་སློབ་གྲོགས་རྣམས་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས། “ ཉེ་ཆར་ཟླ་གཅིག་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་གིས་དགེ་སློབ་ཁྲོད་དུ་བག་ཆགས་དང་སློབ་སྦྱོང་གི་ཚ་རླབས་ཆེན་པོ་འཕྱུར་པ་རེད”ཅེས་བོད་ལྗོངས་མི་རིགས་སློབ་ཆེན་ནོར་དཔལ་སློབ་གླིང་གི་ཡོན་ཀྲང་གཞོན་པ་ཁྲེན་ཨའེ་ཏུང་གིས་ཀྲུང་གོའི་བོད་ལྗོངས་དྲ་བའི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས“ལྷན་རྒྱས་ཡོངས་ལ་སྐུལ་མ་དང་ཐུགས་ཁུར་ཆེན་པོ་གནང་ཡོད་པ་མ་ཟད་འགན་འཁྲི་ཆེན་པོ་ཡང་ཚོར་ཡོད”ཟེར།
བོད་ལྗོངས་མི་རིགས་སློབ་ཆེན་ནོར་དཔལ་སློབ་གླིང་གིས་དགེ་རྒན་དང་ལས་བཟོ་བ་རྩ་འཛུགས་བྱས་ཏ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་ཐུན་མོང་ཐོག་སློབ་སྦྱོང་གནང་བཞིན་པ།
         དེ་ཡང་ཧྲའན་ཤིས་ཞན་དབྱང་དུ་ཆགས་པའི་བོད་ལྗོངས་མི་རིགས་སློབ་ཆེན་ནི་བོད་ཞི་བས་བཅིངས་འགྲོལ་བཏང་རྗེས། ཏང་ཀྲུང་དབྱང་གིས་མེས་རྒྱལ་ནང་སར་བཙུགས་པའི་བོད་ཀྱི་མཐོ་རིམ་སློབ་གྲྭ་ཐོག་མ་ཡིན་ལ། དེ་ནི་བོད་ཀྱི་སློབ་གསོའི་བྱ་གཞག་བདེ་བླག་ངང་མདུན་སྐྱོད་ཐུབ་པའི་གོ་རིམ་དངོས་སུ་བརྒྱུད་མྱོང་མཁན་དང་ནང་ཞུགས་མཁན། བདེན་པའི་དཔང་པོ་བཅས་ཡིན། ལོ་ངོ60ཡི་རིང་། བོད་ལྗོངས་མི་རིགས་སློབ་ཆེན་གྱིས་རྒྱལ་ཁབ་ལ་ལས་རིགས་ཁག་གི་ཕུལ་བྱུང་ཤེས་ལྡན་མི་སྣ་ཁྲི་བརྒྱད་ལྷག་གསོ་སྐྱོང་གནང་ཡོད་ཅིང་། དེའི་ནང་ཁྱད་དུ་འཕགས་པའི་ཤེས་ལྡན་པ་མང་པོ་ཐོན་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཛུགས་སྐྲུན་ནང་འབད་པ་ལྷུར་ལེན་བྱེད་བཞིན་ཡོད་པ་རེད།
         བོད་ལྗོངས་མི་རིགས་སློབ་ཆེན་ནོར་དཔལ་སློབ་གླིང་ནི་བོད་ཀྱི་མཐོ་རིམ་སློབ་ཆེན་དུ་བཙུགས་པའི་དཔལ་འབྱོར་དོ་དམ་རིག་ཚན་གྱི་གཞི་རིམ་སློབ་གཉེར་གྱི་སྡེ་ཚན་སྔ་ཤོས་ཡིན་ལ།ལོ་ངོ60ཡི་རིང་།  བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད“ལངས་ཕྱོགས་བརྟན་ཞིང་བྱང་ཚད་མཐོ་བ། སྤྱོད་ཚུལ་བཟང་བ།  གཞི་རིམ་དུ་སྐྱོད་ཐུབ་པ་དང་གཞིས་ཆགས་ཐུབ་པ། སྤྱོད་སྒོ་ལྡན་པའི”དཔལ་འབྱོར་དོ་དམ་ཤེས་ལྡན་མི་སྣ7000 ལྷག་ཙམ་གསོ་སྐྱོང་བྱས་ནས་བོད་ཀྱི་ནོར་སྲིད་དཔལ་འབྱོར་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་འབྱུང་གནས་སུ་ཆགས་ཡོད་པ་རེད། ཉེ་བའི་ལོ་ཤས་རིང་།ནོར་དཔལ་སློབ་གླིང་དུ་ཀུན་སྤྱོད་ལེགས་སྐྱོང་གི་དཔེ་མཚོན་མི་སྣ་སྐོར་ཞིག་སྐྱེད་བསྲིངས་གནང་ཡོད་ཅིང་། དེའི་ནང་སློབ་གསོ་པུའུ་ཡི“དུས་རབས་གསར་པའི་ཕུལ་བྱུང་ཤེས་ལྡན་པར་རྒྱབ་སྐྱོར་བྱེད་པའི་འཆར་གཞིའི”ནང་བདམས་ཐོན་བྱུང་བའི་མི་སྣ་ཡོད་པ་དང་།  བོད་ཀྱི་ཆེས་མཛེས་པའི་སྐལ་བཟང་མེ་ཏོག་གི་བུད་མེད་དགེ་རྒན། ལྗོངས་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་མི་སྒེར། སློབ་མ་ཆེས་དགའ་སའི་བོད་རིགས་འཛིན་བདག་བཅས་ཡོད་པ་རེད།
བོད་ལྗོངས་མི་རིགས་སློབ་ཆེན་ནོར་དཔལ་སློབ་གླིང་གི་སློབ་མའི་ལས་སྣེ་བས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་གལ་ཆེན་ལ་སློབ་སྦྱོང་བྱེད་བཞིན་པ།
         “མིག་སྔར་བོད་འདི་ཉིད་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་འགག་རྩའི་དུས་སྐབས་སུ་སླེབས་ཡོད་པས།སྤྱོད་ཤེས་ལུས་མཛེས་བཅས་ཁྱོན་ཡོངས་ནས་གོང་འཕེལ་གྱི་བྱང་ཚད་མཐོ་བའི་དངོས་སྤྱོད་ཅན་གྱི་ཤེས་ལྡན་མི་སྣ་སྐྱེད་བསྲིངས་བྱ་རྒྱུ་ནི་ཁ་ཚ་དགོས་གཏུགས་སུ་ལྷག་ཡོད”ཅེས་ཁྲེན་ཨའེ་ཏུང་གིས“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ནང་དུ‘ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང’དང‘མི་རིགས་མཐུན་སྒྲིལ’ནན་གྱིས་བསྟན་ཡོད་དེ། ནོར་དཔལ་སློབ་གླིང་དུ་ད་ལྟ་བོད་རིགས་སློབ་མ400ལྷག་ཙམ་ཡོད་པ་དང་། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་ལྟར། ལོ་ངོ60ཡི་རིང་གི་གསོ་སྐྱོང་ཉམས་མྱོང་ཕྱོགས་བསྡོམས་བྱས་ནས་བློ་བརྟན་འགྱུར་མེད་སྒོས་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་རྒྱུན་འཁྱོངས་དང་། དགེ་རྒན་གྱི་ཀུན་སྤྱོད་དང་དགེ་རྒན་གྱི་སྤྱོད་ལམ་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པ། ཧུར་ཐག་སྒོས་ཕུགས་བསམ་དང་དད་སེམས་ལྡན་པ། ཀུན་སྤྱོད་ཀྱི་བསམ་ཚུལ་ལྡན་པ། ཤེས་བྱ་ཕུན་སུམ་ཚོགས་པོ་ལྡན་པ། བྱམས་སེམས་ལྡན་པ་བཅས་ཀྱི་དཔལ་འབྱོར་རིག་པའི་དགེ་རྒན་གྱི་དཔུང་ཁག་ཅིག་སྐྱེད་བསྲིངས་བྱས་ཏེ། ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་ཟམ་མི་ཆད་པར་ཇེ་ལེགས་སུ་གཏོང་བ་དང་།མུ་མཐུད་དུ“ བོད་རྒྱ་སློབ་མས་ཕན་ཚུན་ལ་ལག་གདང་སྦྲེལ་བ་དང་ཕན་ཚུན་ལ་རོགས་རེས་ཀྱིས་མཉམ་དུ་ཡར་རྒྱས་ཡོང་པ’ ‘བོད་རྒྱའི་སློབ་མ་ཁྱིམ་ཚང་གཅིག་ལྟར་བརྩེ་བ’ ‘འབྲེལ་གསུམ་སྐྱོད་གསུམ་གྲོགས་སྒྲིག་གཅིག’སོགས་ཀྱི་ཁྱད་ཆོས་ལྡན་པའི་སློབ་སྦྱོང་བྱེད་བྱེད་སྒོ་སྤེལ་ཐོག   སློབ་མ་རེ་རེ་ནི‘བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་དུ་གྱུར་དགོས’ཞེས་བརྗོད་བྱུང་།”
བོད་ལྗོངས་མི་རིགས་སློབ་ཆེན་ནོར་དཔལ་སློབ་གླིང་ཏང་ཨུད་ཀྱི་ཧྲུའུ་ཅི་ཀའོ་ཧུང་ཝེ་ཡིས་ཆེད་དོན་སློབ་ ཁྲིད་གནང་བཞིན་པ།
         ལོ་རྒྱུས་ཀྱི་འགོ་རྩོམ་ས་གསར་པའི་ཐོག་འགྲེངས་ཏེ། བོད་ལྗོངས་མི་རིགས་སློབ་ཆེན་ནོར་དཔལ་སློབ་གླིང་ཏང་ཨུད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་གལ་ཆེན་ལ་སློབ་སྦྱོང་མཐིལ་ཕྱིན་བྱས་ནས“ལེགས་པོ་དྲུག་ལྡན་གྱི་སློབ་གླིང”འཛུགས་པའི་འཕེལ་རྒྱས་ཀྱི་དམིགས་ཚད་གསལ་པོར་བསྟན་ཡོད་དེ།  ཏང་སྐྱོང་ལས་ཀ་བཟང་པོ་ཡོང་ཐུབ་པ་དང་རིག་ཚན་འཛུགས་སྐྱོང་ཡག་པོ་ཡོང་པ། མི་གསོ་སྐྱོང་གི་སྤུས་ཀ་ལེགས་པ། དོ་དམ་ལ་ཕན་འབྲས་ཆེ་བ། དགེ་རྒན་གྱི་དཔུང་སྡེའི་ཀུན་སྤྱོད་བཟང་པ། སྤྱི་ཚོགས་ཀྱི་གདེང་འཇོག་བཟང་པ་བཅས་སོ། "ད་ལྟའི་ཆར་དང་ཕྱིན་ཆད་དུས་སྐབས་ཤིག་གི་རིང་།  ནོར་དཔལ་སློབ་གླིང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཐོག‘གདེང་ཚོད་བཞི’ཏན་ཏིག བརྟན་པོ་གནང་པ་དང་། སྤྱོད་བཟང་དར་སྤེལ་དང་མི་སྣ་གསོ་སྐྱོང་བྱ་རྒྱུའི་རྩ་བའི་ལས་འགན་མཐའ་འཁྱོངས་བྱེད་པ།  ཚང་མས་མི་གསོ་སྐྱོང་བྱེད་པ་དང་བརྒྱུད་རིམ་ཧྲིལ་པོར་མི་གསོ་སྐྱོང་བྱེད་པ། ཕྱོགས་ཡོངས་ནས་མི་གསོ་སྐྱོང་གི་མ་ལག་དང་དགེ་རྒན་གྱི་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་ལ་གདེང་འཇོག་ལམ་སྲོལ་འཛུགས་པ་དང་། དཔེ་ཁྲིད་དང་མི་སྣ་གསོ་སྐྱོང་ཕན་ཚུན་གཅིག་གྱུར་མཐའ་འཁྱོངས་བྱེད་པ། རྒྱལ་གཅེས་བོད་དར་གྱི་སློབ་སྦྱོང་དད་སེམས་མཐའ་འཁྱོངས་བྱེད་པ། ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཡི་བཀའ་སློབ་སེམས་ལ་དམ་པོར་བཅིང་ནས་ནང་སེམས་རྒྱུད་ལ་འཇགས་པ་དང་ ཕྱིའི་སྤྱོད་ལམ་ལག་ལེན་དུ་འཁྱོལ་བ། དགེ་སློབ་ཀྱི་ཁྱིམ་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་དང་རྒྱང་རིང་གི་ཕུགས་བསམ་གསོ་སྐྱོང་གནང་པ།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བསླབ་གཞིར་འཇུག་པ་དང་སློབ་ཚན་དུ་འདྲེན་པ།ཚན་རིག་ཞིབ་འཇུག་ཏུ་འདྲེན་པ་བཅས་རྒྱུན་འཁྱོངས་ལྷོད་མེད་བྱས་ཏེ་མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་གྲུབ་འབྲས་གསར་ཤོས་ཀྱིས་དགེ་སློབ་ཚོའི་བསམ་བློར་དྲག་ཆས་སྤྲས་རྒྱུ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་ཧུར་ཐག་བྱ་དགོས་ཤིང་། མར་ཁེ་སི་རིང་ལུགས་ཀྱི‘ལྟ་བ་ལྔ’དང‘ཤུགས་སྣོན་རྒྱག་པ་གཉིས་སྨྲ་བའི’ སློབ་གསོར་ཤུགས་སྣོན་བྱེད་པ། ཧུར་ཐག་སྒོས་ཀྲུང་གོའི་ཁྱད་ཆོས་ལྡན་ཞིང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་བོད་ཀྱི་དཔལ་འབྱོར་རིག་ཚན་འཛུགས་དགོས་པ། ‘མི་རིགས་སློབ་ཆེན་གྱིས2020ལོའི’འཆར་གཞི་ལག་ལེན་གཏིང་ཟབ་བསྟར་པ། རིག་ཚན་འཛུགས་སྐྲུན་བྱེད་པའི་ཆུ་ཚད་དང་ཤེས་ལྡན་པ་གསོ་སྐྱོང་གི་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་ཤིང་། བྱ་སྤྱོད་དངོས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་ལ་དྲིན་ལན་གཞལ་ཐོག  བོད་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་དང‘ལོ་བརྒྱ་གཉིས’ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་ཆེད། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ལ་ལེགས་སྐྱེས་འབུལ་དགོས”ཞེས་ཁྲེན་ཨའེ་ཏུང་གིས་དེ་སྐད་བརྗོད་བྱུང་།
བོད་ལྗོངས་མི་རིགས་སློབ་ཆེན་ནོར་དཔལ་སློབ་གླིང་གིས་ཟུར་ཁྲིད་པ་ཡོངས་རྩ་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་གལ་ཆེན་ལ་སློབ་སྦྱོང་གནང་བཞིན་པ།
བོད་ལྗོངས་མི་རིགས་སློབ་ཆེན་ནོར་དཔལ་སློབ་གླིང་གི་འཛིན་བདག་གི་སློབ་མ་རྩ་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་དགོངས་དོན་གལ་ཆེན་ལ་སློབ་སྦྱོང་བྱེད་བཞིན་པ།
འབྲེལ་ཡོད་རྩོམ་ཡིག