ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

བོད་ལྗོངས་སྨན་གླིང་གིས་ཁྱིམ་ཚང་མགྲོན་ཁང་བརྒྱུད་ཡུལ་སྐོར་ལམ་བུ་ཞིག་གཏོད་ཡོད་པ།

2018-12-07 བཀྲ་རྒྱལ་གྱིས་བསྒྱུར།
བོད་ལྗོངས་ཉིང་ཁྲི་སྨན་གླིང་རྫོང་གི་ཁྱིམ་ཚང་མགྲོན་ཁང་གི་ཟུར་གཅིག
           ཀྲུང་གོའི་བོད་ལྗོངངས་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་དུ“ཡུལ་སྐོར་ལ་བརྟེན་ནས་རྫོང་དར་རྒྱས་དང་དངོས་སྒྲུབ་ལ་བརྟེན་ནས་རྫོང་འཛུགས་པ། ཐོན་ལས་མཉམ་འདྲེས། དམངས་ཕྱུག་རྫོང་དར”བཅས་ཀྱི་སྤྱིའི་བསམ་ཕྱོགས་གཞིར་བྱས་ཏེ། ཁྱིམ་ཚང་མགྲོན་ཁང་འཕེལ་རྒྱས་ཤུགས་ཆེན་བཏང་པ་དང་། གྲོང་གསེབ་སྔར་ལས་མང་པོས་ཡུལ་སྐོར་ཐོན་ཁུངས་སྔར་བས་སྔོག་འདོན་གང་ལེགས་གནང་པ་དང་། གྲོང་གསེབ་སྔར་ལས་མང་པོ་ཞིག་གིས་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་དང་དམིགས་བསལ་ཁྱད་ཆོས་ལྡན་པའི་དམངས་སྲོལ་རིག་གནས།དེ་བཞིན་འགྲིམ་འགྲུལ་གྱི་ཆ་རྐྱེན་སྟབས་བདེར་བརྟེན་ཁྱིམ་ཚང་མགྲོན་ཁང་འཕེལ་རྒྱས་སུ་བཏང་ནས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལ་སྐུལ་འདེད་བཏང་ཡོད། གྲོང་གསེབ་ཀྱི་ཡུལ་སྐོར་ཞབས་ཞུའི་ཐོན་ལས་གསར་པ་འདི་དག་ནི་ཞིང་འབྲོག་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བའི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།
           དུས་ཀུན་ཏུ། སྨན་གླིང་རྫོང་གིས་ཡར་ཀླུང་གཙང་པོའི་རོང་ཆེན་དང་གནམ་ལྕགས་འབར་བ་གཙོ་གནད་དུ་གཏོད་པ་ལྟེ་བར་འཛིན་པ་དང་། གྲོག་རོང་ཆེན་པོ་དང་གནས་ཡུལ་རོང་མཛེས་ལྗོངས་ཁུལ་གཞི་རྟེན་དུ་འཛིན་པ། ཤར་རྒྱུད་ཁུལ་དང་ལྟེ་གནས་གྲོང་ཁྱེར་ཁུལ་གཞོགས་འདེགས་ཏུ་འཛིན་པ། ཡར་ཀླུང་གཙང་པོའི་གཡས་གཡོན་མཉམ་དུ་གསར་སྤེལ། “གཤོག་ཟུང་གི་མཉམ་འཕུར”བྱས་ཐོག་ཞིང་འབྲོག་མང་ཚོགས་རྒྱ་ཁྱབ་ཏུ་ཞུགས་པ་བཅས་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་གྱི་འཕེལ་རྒྱས་རྣམ་པས། ཡུལ་སྐོར་ལས་རིགས་འདི་ཉིད་དམངས་ཕྱུག་ཐོན་ལས་ཀྱི་གོ་གནས་ལེགས་ཤོས་དང་ཚད་ལས་བརྒལ་བའི་འཕེལ་རྒྱས་ཀྱི་སར་བཞག་ཡོད་པ་རེད།
           ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་བཞིན་པའི་གོ་སྐབས་དང་བསྟུན་ཏེ་ཁྱིམ་ཚང་མགྲོན་ཁང་གི་དཔལ་འབྱོར་ཡང་སྨན་གླིང་རྫོང་དུ་མགྱོགས་མྱུར་ཆེན་པོ་བྱུང་ཐོག  གྲོང་གསེབ་དར་རྒྱས་ཀྱི་རྟེན་ས་གལ་ཆེན་ཞིག་ཏུ་གྱུར་ཡོད།
           "དོན་དངོས་སུ། དམངས་སྲོལ་ནི་ཡུལ་སྐོར་གྱི་བསྡུས་གཟུགས་ཞིག་ཡིན་ཕྱིན།ང་ཚོས་ཁྱིམ་ཚང་མགྲོན་ཁང་གོང་འཕེལ་ཡོང་བ་བྱ་རྒྱུ་དེ་ཡུལ་སྐོར་ཁྱོན་ཡོངས་ནས་འཕེལ་རྒྱས་གཏོང་བའི་འཇུག་སྒོ་དང་འགག་གནད་སྒྲོལ་སར་གཏན་ཁེལ་གནང་སྟེ‘ཐབས་ཤེས་ཆ་ཚང་གཉིས’བཏོན་ཞིང་སྣ་མང་ཅན་གྱི་གོང་འཕེལ་མངོན་འགྱུར་བྱུང་ཡོད”ཅེས སྨན་གླིང་རྫོང་གི་འགན་འཁུར་བས“ཐུན་མོང་ལ་དབང་བའི་ས་ཆ”ཞེས་པའི་འདུ་ཤེས་བེད་སྤྱོད་དེ་ཁྱིམ་ཚང་མགྲོན་ཁང་ལ་བརྟེན་ནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་པ་དང་།ཡུལ་སྐོར་ལྟ་སྐོར་དང་དམངས་སྲོལ་མྱོང་རོལ། ཁྱད་ཆོས་ལྡན་པའི་ཞབས་ཞུ་མཉམ་དུ་འདྲེས་པར་བརྟེན། “ང་ཚོས་ཞིང་ལས་ལས་དོན་གཞུང་སྒྲུབ་ཁང་གི་ས་ཞིང་འཁོར་རྒྱུགས་ལས་སྟེགས་བརྒྱུད། ལོ་བཅུར་དུས་འཁོར་གཅིག་ལ་བརྩིས་ནས་སུ་ཞིག་གིས་ཁྱིམ་ཚང་མགྲོན་ཁང་འཕེལ་རྒྱས་བཏང་ན་ང་ཚོས་དེར་ལོ་བཅུའི་གཟིགས་སྐྱོང་སྲིད་ཇུས་གནང་པ་དང་། མགྲོན་ཁང་ནང་གི་ཆུ་གློག་དྲ་རྒྱ་ཚང་མ་མཁོ་འདོན་གནང་པ་ཡིན”ཞེས་ཟེར།
           གཟིགས་སྐྱོང་གི་སྲིད་ཇུས་དང་རྨང་གཞིའི་སྒྲིག་བཀོད་ཀྱི་འགན་སྲུང་གིས་ཡུལ་གཞན་གྱི་མི་མི་ཉུང་བ་ཞིག་གིས་སྨན་གླིང་ལ་དངུལ་བཏང་ནས་ལས་རིགས་སྐྱོང་པར་ཡིད་སེམས་བཀུག་ཡོད་པ་རེད།
           “གནས་ཤིག་བཙལ་ནས་འདུག”ཅེས་པ་ནི་སྨན་གླིང་ཁྱིམ་ཚང་མགྲོན་ཁང་གཉེར་མཁན་སྔ་གྲས་ཡིན་ལ། 2014 ལོ་ནས་ད་བར་མགྲོན་ཁང་གི་གཞི་ཁྱོན་ཡང་ཐོག་མའི་ཁང་མིག་བཞི་ནས་ད་ལྟའི་བཅོ་ལྔར་འཕར་ཡོད།
           རྒྱུན་ཆད་མེད་པའི་ཡུལ་སྐོར་བས་ཁྱིམ་ཚང་མགྲོན་ཁང་གི་ཉིན་རེ་བཞིན་གོང་འཕེལ་འགྲོ་བ་དང་། དུས་མཚུངས་སུ་མཐའ་འཁོར་གྱི་གྲོང་མི་ཚོ་ལས་དེར་ཞུགས་པར་ཡང་སྐུལ་ཁྲིད་གནང་ཡོད། རླངས་འཁོར་ཞབས་ཞུ་དང་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་འཚོང་། ཁྱིམ་ཚང་མགྲོན་ཁང་དུ་ཞོར་ལས་གཉེར་པ་བཅས་ཀྱིས་གྲོང་མི་ཚོར་ཡོང་འབབ་འཕར་སྣོན་བྱུང་ཡོད།
བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་གནས་ཡུལ་གྲོང་རྡལ་གྱི་གྲོང་མིའི་ཁྱིམ་ཚང་མགྲོན་ཁང་།
           རྒྱུས་ལོན་བྱུང་པ་ལྟར་ན། གྲོང་གསེབ་ཡུལ་སྐོར་གྱི་སྣེ་ཁྲིད་འོག་སྨན་གླིང་གྱི་ཁྱིམ་ཚང་མགྲོན་ཁང་ནི་གྲངས་འབོར་ཐོག་འཕེལ་རྒྱས་མགྱོགས་པོ་བྱུང་ཡོད་པ་མ་ཟད་སྤུས་ཚད་ཀྱང་ལེགས་སུ་ཕྱིན་ཡོད་། སྨན་གླིང་རྫོང་ལ་སྐར་མ་རིམ་པའི་ཁྱིམ་ཚང་མགྲོན་ཁང103དང་ཉལ་ཁྲི2275ཡོད་ཅིང་། 2018ལོའི་ཟླ1-7པའི་བར་སྨན་གླིང་རྫོང་གིས་ཡུལ་སྐོར་བ་སྣེ་ལེན་ཞུ་ཚད་མི་གྲངས་དང་། ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར2107.58ལ་སླེབས་ནས་ན་ནིང་གི་དུས་མཚུངས་དང་བསྡུར་ན་སོ་སོར196.47%དང187.29%འཕར་ཡོད་པ་རེད།
འབྲེལ་ཡོད་རྩོམ་ཡིག