ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཆུ་ཤུར་རྫོང་དུ་བརྟག་ཞིབ་གནང་བ།

2018-12-11 སངས་སྐྱབས་ཀྱིས་བསྒྲིགས།
           ཟླ་12ཚེས་9ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཆུ་ཤུར་རྫོང་དུ་ཕེབས་ནས་དམངས་གཉེར་ཁེ་ལས་འཕེལ་རྒྱས་དང་། དབུལ་སྒྲོལ་འགག་སྒྲོལ། གཞི་རིམ་ཏང་འཛུགས་སྐྱོང་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་ཞིང་། འདི་ནི་བོད་ལྗོངས་གསེར་གྱི་ཁ་བཏགས་སྨན་ལས་ཚད་ཡོད་ཀུང་སིར་ཝུའུ་དབྱིང་ཅེས་ཁེ་ལས་ཀྱི་ཐོན་སྐྱེད་དང་གཉེར་སྐྱོང་གནས་ཚུལ་མཁྱེན་རྟོགས་གནང་བའི་གནས་ཚུལ་ཡིན་པ།
           ཚེས་9ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཆུ་ཤུར་རྫོང་དུ་ཕེབས་ཏེ་དམངས་གཉེར་ཁེ་ལས་འཕེལ་རྒྱས་དང་། དབུལ་སྒྲོལ་འགག་སྒྲོལ། གཞི་རིམ་ཏང་འཛུགས་སྐྱོང་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་ཞིང་། ཁོང་གིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”བྱེད་ཐུབ་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་བཅས་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། མཐའ་སྐྱོང་བོད་བརྟན་དང་། དམངས་གཉེར་ཁེ་ལས། དབུལ་སྒྲོལ་འགག་སྒྲོལ་བཅས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ། ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་དམིགས་ས་དང་། ཤུགས་རྒྱག་ས། འགོ་འཛུགས་ས། དོན་ལ་བབས་ས་བཅས་ལ་དམ་པོར་དམིགས་པ།
           ཞིང་པ་ལས་མི་ཡོངས་ཀྱི་ཁྲིམས་མཐུན་ཁེ་དབང་ཕྱོགས་ཡོངས་ནས་འགན་ལེན་བྱ་ཆེད། རང་སྐྱོང་ལྗོངས་མི་སྤྱི་སྡེ་ཚན་གྱིས་བྱ་ཐབས་གསར་གཏོད་དང་། ཞུ་གཏུག་ཐབས་ལམ་ཤར་བགྲོད། 12333ཐད་འབྲེལ་ཁ་པར་དང་སྣེ་ལེན་སྐར་ཁུང་བཙུགས་ནས་ཐེར་འདོན་ཞུ་གཏུག་འཕྲལ་ལེན་འཕྲལ་སྒྲུབ་བྱས་ཡོད། མི་སྤྱི་སྡེ་ཚན་དང་བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས་སྦྲེལ་མཐུད་དམ་ཟབ་བྱས་ཏེ་ལྗང་མདོག་ཐབས་ལམ་བཙུགས་ནས་རིན་པ་མི་དགོས་པར་ཞིང་པ་ལས་མིར་བཅའ་ཁྲིམས་རོགས་སྐྱོར་བྱས་པ་དང་། ཞིང་པ་ལས་མིར་འབྲེལ་ཡོད་དཔང་རྟགས་འཚོལ་བསྡུ་བྱེད་རོགས་བྱས་པ། གླ་ཆ་འདེད་མཁན་གྱིས་ཁྲིམས་འཛིན་ཐབས་ལམ་བརྒྱུད་དེ་རྩོད་གཞི་ཐག་གཅོད་ལ་ཁྲིད་སྟོན་བྱས་ཡོད། 
           གཞན་ཡང་ཞིང་པ་ལས་མིར་གླ་ཆ་དུས་ཐོག་ཏུ་རག་ཆེད། རང་སྐྱོང་ལྗོངས་མི་སྤྱི་སྡེ་ཚན་གྱིས་འབྱུང་ཁུངས་ལྟ་འདོམས་དང་། མངོན་མེད་རྐྱེན་ངན་ནན་འགོག ཡིད་རྟོན་མི་སྤྱོད་ཀྱི་རྣམ་པ་གསར་གཏོད་བཅས་བྱས་པ་དང་འབྲེལ། མིང་ངོ་མ་འགོད་པའི་ལམ་ལུགས་དང་དངུལ་ཁང་ནས་གླ་ཆ་ཚབ་སྤྲོད་ཀྱི་ལམ་ལུགས་འཚོལ་ཞིབ་བྱས་ཏེ་བཟོས་ཡོད། མིག་སྔར་ལམ་ལུགས་ཀྱི་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད་པས་སང་ལོར་ཁྱོན་ཡོངས་ལ་ཁྱབ་གདལ་ཐུབ་པའི་བརྩོན་ལེན་བྱ་རྒྱུ་རེད།
འབྲེལ་ཡོད་རྩོམ་ཡིག