ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

རྒྱ་བོད་སྐད་གཉིས་ཀྱི་སྒུལ་འཕྲིན་ཉེར་སྤྱོད་སྒྲིག་རིམ་ཕུལ་བྱུང་བསྡུ་བའི་དཔྱད་འདེམ་སྐབས་གཉིས་པའི་བྱེད་སྒོ་དངོས་སུ་མཇུག་འགྲིལ།

2018-12-13 བྱམས་པས་བསྒྱུར།
བྱ་དགའ་ཐོབ་པའི་བརྩམས་ཆོས།
             ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་12ཚེས་11ཉིན། ཀྲུང་གོའི་དྲ་རྒྱའི་སྤྱི་ཚོགས་རྩ་འཛུགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་རྒྱ་བོད་སྐད་གཉིས་ཀྱི་སྒུལ་འཕྲིན་ཉེར་སྤྱོད་སྒྲིག་རིམ་ཕུལ་བྱུང་བསྡུ་བའི་དཔྱད་འདེམ་སྐབས་གཉིས་པའི་བྱེད་སྒོ་ཁྲེང་ཏུའུ་རུ་རྒྱལ་ཁའི་ངང་མཇུག་འགྲིལ། རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་བསྡུ་རུབ་དཔྱད་འདེམ་བྱེད་སྒོས་བོད་རིགས་ས་ཁུལ་གྱི་མང་ཚོགས་རྣམས་ལ་དྲ་རྒྱའི་རིག་གནས་བརྒྱུད་སྤེལ་སྤེལ་རེས་ལ་སྐུལ་འདེད་གཏོང་བ་དང་། མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་སྟབས་བདེ། བོད་རིགས་ས་ཁུལ་གྱི་ཆ་འཕྲིན་འཛུགས་སྐྲུན་སྐད་གཉིས་བཀོལ་སྤྱོད་རམ་འདེགས་བྱེད་རྒྱུ་དམིགས་ཡུལ་དུ་བཟུང་ནས། ཁྱོན་རིགས་བཞིའི་སྒུལ་འཕྲིན་ཉེར་སྤྱོད་སྒྲིག་རིམ་ཕུལ་བྱུང་20འདེམ་ཐོན་བྱུང་། ནད་ལྟ་རོགས། གངས་ཡིད་སློབ་གསོ། བོད་དབྱིན་ལོ་ཙཱ། བོད་བརྡ་འཕྲིན། ཨ་ལོང་FMབཅས་གསར་གཏོད་གསར་ཇུས་རིགས་ཀྱི་སྐད་གཉིས་ཉེར་སྤྱོད་སྒྲིག་རིམ་ཕུལ་བྱུང་དུ་བདམས། ཤམ་བྷ་ལ་བོད་ཡུལ་ཀུན་གསལ་སྣང་མཛོད། བོད་རྒྱ་སྐད་གཉིས་གསར་འཕྲིན། གངས་ལྗོངས་ཉི་གཞོན། བོད་ལྗོངས་ཉིན་རེའི་ཚགས་པར། ན་རོ་གནམ་གཤིས་བཅས་ལ་འཚོ་བའི་ཞབས་ཞུ་རིགས་ཀྱི་སྐད་གཉིས་ཉེར་སྤྱོད་སྒྲིག་རིམ་ཕུལ་བྱུང་དུ་བདམས། བོད་ཀྱི་དུས་དེབ། མཛེས་པར། བོད་སྐད་རླུང་འཕྲིན། བོད་བརྙན། དྲི་ཟའི་དབྱངས་བཅས་ལ་སྤྲོ་གསེང་བློ་རིག་རིགས་ཀྱི་སྐད་གཉིས་ཉེར་སྤྱོད་སྒྲིག་རིམ་ཕུལ་བྱུང་དུ་བདམས། ཡོངས་འཛིན། དུང་དཀར་བོད་ཡིག་འཇུག་ཐབས། ཐག་རག་ཡིག་སྒྱུར་མ་ལག  བོད་རྒྱ་ཡིག་སྒྱུར། བོད་རྒྱ་རིག་ནུས་ཡིག་སྒྱུར་མ་ལག་བཅས་ལ་ཡོ་བྱད་རིགས་ཀྱི་ཉེར་སྤྱོད་སྒྲིག་རིམ་ཕུལ་བྱུང་དུ་བདམས།
             རྒྱུས་ལོན་བྱུང་བ་ལྟར་ན། བྱེད་སྒོ་དེ་ཟླ་བ་བཞི་ལྷག་ཙམ་འགོར་བ་དང་། རྒྱལ་ནང་གི་ཞིབ་འཇུག་ཚན་པ་དང་སྨྱན་སྦྱོར་ལས་ཁུངས། རྒྱལ་གཏོགས་ཁེ་ལས་ཆེ་གྲས། དྲ་རྒྱའི་ཁེ་ལས་གྲགས་ཅན། མི་སྒེར་བཅས་ཀྱི་གསར་སྤེལ་མཁན་རྣམས་ཀྱིས་མིང་ཐོ་བཀོད་ནས་བྱེད་སྒོར་ཞུགས། ཁྱོན་སྐད་གཉིས་ཉེར་སྤྱོད་སྒྲིག་རིམ་85ཐོག་མའི་དཔྱད་འདེམ་བྱས་པ་བརྒྱུད་དཔྱད་འདེམ་དུ་ཞུགས། ཐེངས་འདིའི་དཔྱད་འདེམ་ནང་ཉེར་སྤྱོད་སྒྲིག་རིམ་ཀྱིས་གསར་འགྱུར་དང་བརྙན་ཐུང་། འབྲེལ་འདྲིས་ལས་སྟེགས་སོགས་ཀྱི་རྣམ་པ་བརྒྱུད། བོད་རིགས་ས་ཁུལ་གྱི་མང་ཚོགས་ཀྱིས་དགའ་ཞེན་བྱེད་པའི་སྤྱི་ཚོགས་རིག་གནས་དང་དམངས་སྲོལ། འཚོ་བ། ཟས་ཞིམ་པོ། རོལ་དབྱངས། གློག་བརྙན་འཁྲབ་ཚན་སོགས་དང་། རིག་ནུས་སྐད་གདངས་ཡི་གེ་ནང་འཇུག ཡིག་སྒྱུར། འཚོལ་བཤེར། གནམ་གཤིས། དྲ་རྒྱའི་ཉོ་ཚོང་། སློབ་གསོ། སྨན་བཅོས། རོལ་དབྱངས། བརྙན་འཕྲིན་སོགས་མང་ཚོགས་ཀྱི་འཚོ་བ་དང་འབྲེལ་བའི་ཞབས་ཞུའི་ལས་སྟེགས་འདུས་ཡོད། བཀོལ་བདེ་སྤྱོད་སླ་བ་མ་ཟད། བོད་རིགས་ས་ཁུལ་གྱི་མང་ཚོགས་ཀྱིས་སྤྱོད་ཐུབ་པ་དང་བཀོལ་རྒྱུར་དགའ་བའི་སྒུལ་བདེའི་ཉེར་སྤྱོད་སྒྲིག་རིམ་ཡིན།
             འབྲེལ་ཡོད་འགན་ཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། བྱ་དགའ་ཐོབ་པའི་ཉེར་སྤྱོད་ནི་བོད་རིགས་ས་ཁུལ་དུ་སྐད་གྲགས་ཅུང་ལྡན་པ་དང་སྤྱོད་མཁན་གཞི་ཁྱོན་ངེས་ཅན་ཡོད་པས། གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ཀྱིས་སྒུལ་འཕྲིན་མཐའ་སྣེར་བཀོལ་སྤྱོད་དང་ཆ་འཕྲིན་གཏོང་སྐབས་སྐད་བརྡ་མི་འཕྲོད་པའི་བཀག་རྒྱ་སེལ་ཐུབ་པ་དང་། རྒྱ་བོད་ཕུལ་བྱུང་ཉེར་སྤྱོད་ཚད་གཞི་བཙུགས་ནས། བོད་ལྗོངས་སྒུལ་འཕྲིན་དྲ་སྦྲེལ་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཀྱི་ནུས་པ་ཐོན་ཐུབ།
འབྲེལ་ཡོད་རྩོམ་ཡིག