ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

“ཐོག་མའི་བསམ་འདུན་མི་བརྗེད་པར་ཀྲུང་གོའི་ཕུགས་འདུན་གཏོད”2018ལོའི“སེམས་མཐུན་ཏེ་ཀྲུང་གོའི་སེམས་པ་མཉམ་གཏོད”ཅེས་པ་ལོ་བཅུ་འཁོར་བའི་གཟེངས་བསྟོད་ཚོགས་ཆེན་འཚོགས་པ།

2018-12-14 བཀྲ་རྒྱལ་གྱིས་བསྒྱུར།
              ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། 2018ལོའི་ཟླ་12པའི་ཚེས་11ཉིན་གྱི་དགོང་མོར། “ཐོག་མའི་བསམ་འདུན་མི་བརྗེད་པར་ཀྲུང་གོའི་ཕུགས་འདུན་གཏོད”2018ལོའི“སེམས་མཐུན་ཏེ་ཀྲུང་གོའི་སེམས་པ་མཉམ་གཏོད”ཅེས་པ་ལོ་བཅུ་འཁོར་བའི་གཟེངས་བསྟོད་ཚོགས་ཆེན་དེ་པེ་ཅིང་མི་རིགས་ཟློས་གར་ཁང་དུ་འགོ་ཚུགས་པ་དང་། “སེམས་མཐུན་ཏེ་ཀྲུང་གོའི་སེམས་པ་མཉམ་གཏོད”ཀྱི་སྨན་བཅོས་དང་བླངས་པ་དང་གཅེས་སེམས་མི་སྣར་བཅས་མི་གྲངས་ཆིག་སྟོང་ལྷག་ཙམ་གྱིས་མཉམ་གཅིག་ཏུ་འཛོམས་ཡོད་པ་རེད།
              ཚོགས་ཆེན་ཐོག་སྔ་གཞུག་ཏུ་ལོ་བཅུ་མཉམ་གཏོད་ཀྱི“བརྩེ་སེམས་བྱ་དགའ་དང་སེམས་འདྲེས་བྱ་དགའ། སེམས་མཐུན་བྱ་དགའ། སེམས་དག་བྱ་དགའ། སེམས་བཅིངས་བྱ་དགའ”བཅས་དང་ལོ་བཅུའི་རིང་གྲུབ་འབྲས་བྱ་དགའ་མཐོ་ཤོས་གནང་སྟེ། ལོ་བཅུའི་རིང་ལ“སེམས་མཐུན་ཏེ་ཀྲུང་གོའི་སེམས་པ་མཉམ་གཏོད”ཀྱི་སྤྱི་ཕན་སྨན་བཅོས་བྱ་གཞག་ལ་བྱས་རྗེས་བླ་མེད་འབུལ་མཁན་དང་བླངས་པ་དང་གཅེས་སེམས་སྨན་བཅོས་སྡེ་ཚན། ཁེ་ལས། གཅེས་སེམས་མི་སྣར་གཟེངས་བསྟོད་གནང་པ་རེད།
              “སེམས་མཐུན་ཏེ་ཀྲུང་གོའི་སེམས་པ་མཉམ་གཏོད”ནི་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་མཛུབ་ཁྲིད་དང་།ཀྲུང་གོའི་བོད་ཀྱི་རིག་གནས་སྲུང་སྐྱོབ་དང་འཕེལ་རྒྱས་མཐུན་ཚོགས།པེ་ཅིང་གྲོང་ཁྱེར་རྒྱ་གྲམ་དམར་པོ་ཚོགས་པ་སོགས་ཀྱིས་མཉམ་འབྲེལ་ཐོག་སྤེལ་བའི་སྤྱི་ཕན་སྨན་བཅོས་བྱེད་སྒོའི་ཆེ་གྲས་ཤིག་ཡིན་ལ། རིམ་པ་ཁག་གི་སྲིད་གཞུང་དང་ལས་ཁུངས། སྨན་བཅོས་སྡེ་ཚན། སྨན་དོན་དང་བླངས་པ།སྤྱི་ཚོགས་ཀྱི་གཅེས་སེམས་ལྡན་པའི་ཁེ་ལས་པ། གཅེས་སེམས་ལྡན་པའི་མི་སྣ་བཅས་ཧུར་ཐག་སྒོས་ཞུགས་པ་དང་རྒྱབ་སྐྱོར་ཤུགས་ཆེན་གནང་ཡོད་པ་རེད། དང་བླངས་པ་ཚོས་ཞབས་རྗེས་ནི་སི་ཁྲོན་དང་ཉིང་ཞ། ནང་སོག བོད་ལྗོངས། མཚོ་སྔོན། ཀན་སུའུ། ཡུན་ནན། ཧྲན་ཏུང་། ཧྲན་ཞི། ཧོ་པེ། ཀོང་ཞི། ཀུའེ་ཀྲོའུ། ཅང་ཤིས་བཅས་ཀྱི་ཞིང་ཆེན་དང་གྲོང་ཁྱེར། རང་སྐྱོང་ལྗོངས20ཙམ་ལ་བསྐྱངས་ཡོད་པ་རེད།
གཟེངས་བསྟོད་ཚོགས་ཆེན་ཐོག་ཟིན་ཐོའི་བརྙན་ཐུང《ཀན་ལྷོའི་ལྷན་སྐྱེས་སྙིང་ནད་ཅན་གྱི་ནད་པར་སྨན་བཅོས་བྱེད་སྒང》གཟིགས་འབུལ་གནང་པ་དང་། བརྙན་ཐུང་དེས་དང་བླངས་པས་ཀན་ལྷོར་སྤྱི་ཕན་བྱེད་སྒོ་དང་དེ་བཞིན་དེའི་རྗེས་མཐུད་ཀྱི་སྨན་བཅོས་ལས་དོན་སྤེལ་བ་ཟིན་ཐོར་བཀོད་ཡོད་པ་རེད།
              ལོ་ངོ་བཅུའི་རིང་ལ། “སེམས་མཐུན་ཏེ་ཀྲུང་གོའི་སེམས་པ་མཉམ་གཏོད”ཀྱིས་བོད་ལྗོངས་དང་སི་ཁྲོན། མཚོ་སྔོན། ཀན་སུའུ། ཡུན་ནན་བཅས་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་དུ་རོགས་སྐྱོར་བྱ་འགུལ་སྤེལ་བ་དང་། དུས་འགོའི་བྱིས་པའི་ལྷན་སྐྱེས་སྙིང་ནད་གྲལ་བཤེར་དང་བཅོས་སྐྱོབ་ནས་ཀླད་པར་སྐྱོན་ཤོར་པ་དང་གྲུམ་བུ་ཚིགས་ཆེན་ནད། སྐྱི་འགྲིབ། མོ་ནད།  ཐུམ་འབུའི་ནད་འགོག་བཅོས་སོགས་འདུས་པའི་ཁྱབ་ཁོངས་མང་པོར་རྒྱ་བསྐྱེད་པ་དང་། ཡུལ་ནད་བརྟག་ཞིབ་དང་འོས་འགན་སྨན་བཅོས་དང་སྐོར་སྐྱོད་སྨན་བཅོས་བྱེད་པ། གཅེས་སེམས་འབུལ་བ། སྨན་བཅོས་གསོ་སྦྱོང་། བདེ་ཐང་བརྒྱུད་བསྒྲགས་བཅས་སྤྱི་ཕན་རོགས་སྐྱོར་དེ་བདེ་ཐང་ཁྱབ་ཁོངས་ཆེ་གྲས་ཁག་ཏུ་ཚུད་པར་བྱས་ཡོད་པ། བདེ་ཐང་སློབ་གླིང་བཙུགས་ནས་བོད་ཁུལ་དུ་ནམ་ཡང་གནས་པའི་སྨན་བཅོས་རུ་ཁག་བཙུགས་པ་དང་། “གཅིག་རེ་བཞིའི་ལས་གྲྭ”སྤེལ་ནས་རྒྱལ་ཁབ་ཀྱི་ཐུགས་ཁུར་དགོན་པ་འཛུགས་སྐྲུན་ཁྲོད་བསྐྱལ་བ། ཨ་མའི་ལུས་འཁྲུ་ཁང་བཙུགས་ནས་ས་མཐོའི་ཨ་མར་བདེ་བ་བསྐྲུན་པ། པད་མའི་ནད་དཔྱད་གཏོད་ནས་དེང་རབས་ཚན་རྩལ་གྱི་བར་སྣང་གི་ཚེ་སྲོག་ལམ་བུ་སྦྲེལ་བ། སྨན་ཁང་318བཙུགས་ནས་ས་མཐོའི་ཚེ་སྲོག་ས་ཚིགས་བཙུགས་སྟེ་བོད་རིགས་ས་ཁུལ་དང་བས་མཐའི་ས་ཁུལ་གཞན་དག་གི་རྩྭ་སྨན་གསོ་སྐྱོང་གླིང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་པ་དང་། ས་མཐོའི་ཀྲུང་ལུགས་སྨན་རྫས་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ཤིང་། སྤྱི་ཕན་གསར་གཏོད་ཀྱི་ལམ་བུ་འཚོལ་ཞིབ་ཐོག་བོད་རིགས་ས་ཁུལ་གྱི་མང་ཚོགས་ལ་བདེ་ཐང་བསྐྱལ་ཞིང་ཐུགས་འཁུར་གནང་ཡོད་པ་རེད།
              གཟེངས་བསྟོད་ཚོགས་ཆེན་ཐོག་ཏུ། “ སེམས་མཐུན་ཏེ་ཀྲུང་གོའི་སེམས་པ་མཉམ་གཏོད” སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གི་ལག་བསྟར་ཀྲུའུ་ཞི། ཀྲུང་ཧྭ་གསོ་རིག་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་ཧྭ་གསོ་རིག་ལྷན་ཚོགས་པེ་ཅིང་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་ཅིན་ཏ་ཕིང་དང་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི་ཨན་ཆི་ཡི་ཡིས་2019 ལོར་སྤེལ་གྲབས་ཡོད་པའི་སྤྱི་ཕན་བྱེད་སྒོ་ཆེ་གྲས་སྤེལ་ཡུལ་ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་མིར་དར་ཆ་སྤྲད་ཅིང་། ཚོགས་དར་བདེ་ལེགས་ངང་སྤྲད་པ་དང་བསྟུན“སེམས་མཐུན་ཏེ་ཀྲུང་གོའི་སེམས་པ་མཉམ་གཏོད” ཀྱི་གཅེས་སེམས་ཀྱང་མུ་མཐུད་ནས་བརྒྱུད་སྤེལ་གནང་པ་མཚོན་ཡོད། 
འབྲེལ་ཡོད་རྩོམ་ཡིག