ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

བོད་ལྗོངས་མཁའ་འགྲུལ་གྱི་གསང་བ་འཚོལ་ཞིབ།

2019-01-15 བྱམས་པས་བསྒྱུར།
བོད་ལྗོངས་མཁའ་འགྲུལ་གྱི་གནམ་གྲུའི་ཞབས་ཞུ་མས་འགྲུལ་བར་གཡང་ཡིག་ཕུལ་བ།
            བོད་ལྗོངས་མཁའ་འགྲུལ་ཞེས་བརྗོད་མ་ཐག་ཁྱོད་ཀྱིས་ཅི་ཞིག་དྲན་ནམ། གནམ་གྲུའི་ནང་གི་བོད་རིགས་ཞབས་ཞུ་བ་མཛེས་མ་དང་གྲུང་ཤ་དོད་པའི་གནམ་གྲུའི་འགོ་གཙོ་དེ་ཡིན་ནམ། ཡང་ན་གནམ་གྲུ་ས་མཐོར་འཕུར་སྐབས་ཀྱི་བདེ་འཇགས་དང་དུས་ཐོག་ཏུ་ཐོན་མིན་དེ་ཡིན།
            བོད་ལྗོངས་མཁའ་འགྲུལ་“ཧྥིན་ཧྥན་ཚོགས་ཆུང་”ནི་ཀྲུང་གོའི་དམངས་སྤྱོད་མཁའ་འགྲུལ་ལོ་རྒྱུས་ཐོག་གི་ས་མཐོའི་བུད་མེད་འཕུར་སྐྱོད་ཚོགས་ཆུང་དང་པོ་ཡིན།
“ཧྥིན་ཧྥན་ཚོགས་ཆུང་”གི་མཛེས་མ་ཏོན་རེས་པའོ།
            རྒྱལ་སྤྱིའི་དམངས་སྤྱོད་མཁའ་འགྲུལ་ལས་རིགས་ཀྱི་གཏན་འབེབས་ལྟར་ན། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་2438ཡན་གྱི་གནམ་ཐང་ལ་ས་མཐོའི་གནམ་ཐང་དུ་འབོད། བོད་རང་སྐྱོང་ལྗོངས་ཁོངས་ཀྱི་གནམ་ཐང་ལྔའི་རྒྱ་མཚོའི་ངོས་ལས་མཐོ་ཚད་ཚད་གཞི་དེ་ལས་བརྒལ་ཡོད་པས། གནམ་གྲུའི་གཤིས་ནུས་ཀྱི་ཚད་གཞི་སྔར་བས་མཐོ་བ་བཏོན་ཡོད།
            བོད་ལྗོངས་མཁའ་འགྲུལ་ནི་རྒྱལ་ནང་གི་ས་མཐོའི་མཁའ་འགྲུལ་ཀུང་སི་དང་པོ་ཡིན། 2011ལོར་འཕུར་འགོ་ཚུགས། མིག་སྔར་A330གནམ་གྲུ་5དང་A320གནམ་གྲུ་6། A 319གནམ་གྲུ་19ཡོད།
ལྷ་ས་གོང་དཀར་གནམ་ཐང་དུ་ཡོད་པའི་བོད་ལྗོངས་མཁའ་འགྲུལ་གྱི་གནམ་གྲུ།
            ས་མཐོའི་གཤིས་ནུས་གཟེངས་སུ་ཐོན་པའིA319གནམ་གྲུ་ནི་དམངས་སྤྱོད་མཁའ་འགྲུལ་ལས་རིགས་སུ་ས་མཐོར་འཕུར་སྐྱོད་ཆེས་འཚམ་པའི་གནམ་གྲུའི་རིགས་གཅིག་ཡིན་པ་ཀུན་གྱིས་ཁས་ལེན་པ་དང་། གནམ་གྲུ་དེའི་ས་མཐོའི་གཤིས་ནུས་ཆེས་གཟེངས་སུ་ཐོན་པས་“ས་མཐོའི་རྒྱལ་སྲས་”ཞེས་བསྔགས་བརྗོད་བྱེད།  བོད་ལྗོངས་མཁའ་འགྲུལ་གྱིA319གནམ་གྲུ་ཡོངས་ལ་ས་མཐོར་འཕུར་བསྐྱོད་བྱེད་པར་འཚམས་པའི་དམིགས་བསལ་བཅོས་སྒྲིག་བྱས་ཡོད་པས། འདེད་ཤུགས་ཆེ་ཤོས་ཡིན་པའི་པང27000ཡི་སྒུལ་ཤུགས་འཕྲུལ་འཁོར་སྒྲིག་སྦྱོར་བྱས་ཡོད་པ་མ་ཟད། འཕྲལ་སྡོམ་གསོ་རླུང་མཁོ་འདོན་དང་ཚགས་ཞིབ་པའི་ཕྱོགས་སྟོན། གནམ་གཤིས་བརྟག་དཔྱད་ལེ་ཏཱ་ཆེད་དུ་བཀོད་སྒྲིག་བྱས་ཡོད།
བོད་ལྗོངས་མཁའ་འགྲུལ་གྱིས་དཔྱད་གཞིའི་ཡིག་ཆ།
            2012ལོར་ལྷ་ས་གོང་དཀར་གནམ་ཐང་གིས་མཚན་མོ་གནམ་གྲུ་གཏོང་བ་རྒྱུན་གཏན་ཅན་དུ་མངོན་འགྱུར་བྱུང་ཚུན། བོད་ལྗོངས་མཁའ་འགྲུལ་གྱི་གནམ་གྲུ་བོད་ལྗོངས་སུ་ཞག་སྡོད་བྱས་ཚེ་སྒུལ་བྱེད་འཕྲུལ་འཁོར་གློག་སྦར་དཀའ་བའི་གནད་དོན་ལ་འཕྲད། འོན་ཀྱང་སྐབས་དེར་གནམ་གྲུའི་སྒུལ་བྱེད་འཕྲུལ་འཁོར་བཟོ་སྐྲུན་བཟོ་གྲྭ་དང་ཐ་ན་གོ་ལ་ཧྲིལ་པོའི་དམངས་སྤྱོད་མཁའ་འགྲུལ་ལས་རིགས་ཚང་མར་དེ་བསྟུན་གྱི་ཐག་གཅོད་བྱེད་ཐབས་མེད། རྒྱལ་ཁབ་ཕྱི་ནང་གི་སྡེ་ཚན་མང་པོས་མཉམ་འབྲེལ་ཐོག་ཚན་རིག་ཞིབ་འཇུག་འགག་སྒྲོལ་ལོ་བཞི་བྱས་མཐར། 2017ལོར། A319གནམ་གྲུ་དགུན་དུས་ས་མཐོའི་གནམ་ཐང་དུ་ཞག་སྡོད་བྱས་ཚེ་སྒུལ་བྱེད་འཕྲུལ་འཁོར་གློག་སྦར་དཀའ་བའི་འཛམ་གླིང་རང་བཞིན་གྱི་དཀའ་གནད་ཐག་གཅོད་ཐུབ་པས་གནད་དོན་དེའི་རྐྱེན་གྱིས་གནམ་གྲུ་འགོར་འགྱངས་བྱས་ཚད་དམའ་རུ་བཏང་།
            དེང་སྐབས། བོད་ལྗོངས་མཁའ་འགྲུལ་གྱིས་མཁའ་ལམ་60ལྷག་ཕྱེ་ཡོད། ནང་སའི་མཁའ་ལམ་བཀོད་པ་མང་ཆེ་བ་ལེགས་འགྲུབ་བྱུང་བ་དང་། ནང་ས་ནས་ཨེ་ཤེ་ཡ་ཤར་ལྷོའི་བར་གྱི་མཁའ་ལམ་ཡང་ཤར་གཏོང་ཐུབ།
            ས་མཐོའི་གནམ་ཐང་དུ་གནམ་གྲུར་སྡོད་པའི་ཚོར་བ་དེ་ཅི་འདྲ་ཞིག་ཡིན་པ་ཁྱོད་རང་དངོས་སུ་ཕེབས་ནས་མྱོང་རོལ་བྱེད་པར་སྒུག་ཡོད།
འབྲེལ་ཡོད་རྩོམ་ཡིག