ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

སློབ་གྲྭ་ཆུང་འབྲིང་དང་བུ་བཅོལ་ཁང་དུ་སློབ་གཙོས་མཉམ་དུ་བཟའ་བཅའ་གསོལ་རྒྱུའི་ལམ་ལུགས་བཏོན་པ།

2019-03-21 བཀྲ་རྒྱལ་གྱིས་བསྒྱུར།
           ཉེ་བའི་དུས་ཡུན་རིང་སློབ་གྲྭ་ཆུང་འབྲིང་གི་བཟའ་བཅའི་བདེ་འཇགས་ཀྱི་གནད་དོན་སྐབས་རེར་ཐོན་བཞིན་པར་སྤྱི་ཚོགས་ཐོག་ཏུ་ཚད་མཐོའི་དོ་སྣང་བྱེད་ཀྱི་འདུག དྲ་གྲོགས་མང་པོ་ཞིག་གིས་ཕྱི་རྒྱལ་གྱི་རྒྱལ་ཁབ་ཁ་ཤས་ཀྱི་བྱེད་སྟངས་དཔེ་ལྟ་བྱས་ནས་སློབ་གྲྭའི་སློབ་གཙོས་སློབ་མ་དང་མཉམ་དུ་ཟ་ཁང་ནས་བཟའ་བཅའ་གསོལ་རྒྱུའི་ལམ་ལུགས་ལག་བསྟར་བྱ་རྒྱུའི་གྲོས་འགོ་བཏོན།
           མིག་སྔར། སློབ་གསོ་པུའུ་དང་རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་བཅས་ཀྱིས་ཐུན་མོང་ཐོག《སློབ་གྲྭའི་བཟའ་བཅའི་བདེ་འཇགས་དང་འཚོ་བཅུད་བདེ་ཐང་གི་དོ་དམ་གཏན་འབེབས》ཁྱབ་བསྒྲགས་བྱས་པར། སློབ་གྲྭ་ཆུང་འབྲིང་དང་བུ་བཅོལ་ཁང་དུ་གཅིག་བསྡུས་བཟའ་བཅའ་གསོལ་བ་དང་མཉམ་དུ་བཟའ་བཅའ་གསོལ་བའི་ལམ་ལུགས་འཛུགས་དགོས་ཤིང་། བཟའ་ཐེངས་རེ་རེར་སློབ་གྲྭའི་འབྲེལ་ཡོད་འགན་འཁུར་བས་སློབ་མ་དང་མཉམ་དུ་བཟའ་བཅའ་གསོལ་དགོས་པ་དང་། མཉམ་དུ་བཟའ་བཅའ་གསོལ་བ་ཟིན་ཐོར་ལེགས་པར་འགོད་པ། ཆ་རྐྱེན་འཛོམས་པའི་སློབ་གྲྭ་ཆུང་འབྲིང་དང་བུ་བཅོལ་ཁང་གིས་ད་དུང་ཁྱིམ་བདག་གིས་མཉམ་དུ་བཟའ་བཅའ་གསོལ་བའི་ལམ་ལུགས་འཛུགས་དགོས་པ། སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་གིས་སྤྱིར་བཏང་སློབ་གྲྭའི་ནང་དུ་ཚོང་ཁང་དང་སྒོ་རྩིས་ཚོང་ཁང་སོགས་བཟའ་བཅའ་གཉེར་སྐྱོང་ཁང་བཙུགས་མི་ཆོག་པ་དང་། 《གཏན་འབེབས》འདི་ཟླ4པའི་ཚེས1ཉིན་ནས་ལག་བསྟར་བྱེད་རྒྱུ་རེད།
བཟའ་ཐེངས་རེ་རེར་སློབ་གྲྭའི་འགན་འཁུར་པས་སློབ་མ་དང་མཉམ་དུ་བཟའ་བཅའ་གསོལ་དགོས།
           《གཏན་འབེབས》ནང་། སློབ་གྲྭའི་བཟའ་བཅའི་བདེ་འཇགས་ལ་སློབ་གཙོའི་( ཡོན་ཀྲང) འགན་འཁྲིའི་ལམ་ལུགས་ལག་བསྟར་བྱ་དགོས་པ་དང་། སློབ་གྲྭ་ཆུང་འབྲིང་དང་བུ་བཅོལ་ཁང་དུ་གཅིག་བསྡུས་བཟའ་བཅའ་གསོལ་པ་དང་མཉམ་དུ་བཟའ་བཅའ་གསོལ་བའི་ལམ་ལུགས་འཛུགས་དགོས་ཤིང་། གསོལ་ཐེངས་རེ་རེར་སློབ་གྲྭའི་འབྲེལ་ཡོད་འགན་འཁུར་བས་སློབ་མ་དང་མཉམ་དུ་བཟའ་བཅའ་གསོལ་དགོས། མཉམ་དུ་བཟའ་བཅའ་གསོལ་བ་ཟིན་ཐོར་ལེགས་པར་འགོད་དགོས་པ། གཅིག་བསྡུས་བཟའ་བཅའ་གསོལ་བའི་གོ་རིམ་ཁྲོད་འཕྲད་པའི་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་དང་ཐག་གཅོད་བྱེད་དགོས། ཆ་རྐྱེན་འཛོམས་པའི་སློབ་གྲྭ་ཆུང་འབྲིང་དང་བུ་བཅོལ་ཁང་གིས་ད་དུང་ཁྱིམ་བདག་གིས་མཉམ་དུ་བཟའ་བཅའ་གསོལ་བའི་ལམ་ལུགས་འཛུགས་དགོས་ལ། མཉམ་དུ་བཟའ་བཅའ་གསོལ་མཁན་ཁྱིམ་བདག་གིས་སློབ་གྲྭའི་བཟའ་བཅའི་བདེ་འཇགས་དང་འཚོ་བཅུད་བདེ་ཐང་སོགས་ཀྱི་སྐོར་ལ་བཏོན་པའི་བསམ་འཆར་དང་གྲོས་འཆར་ལ་དུས་ཐོག་ཏུ་ཞིབ་འཇུག་བརྡ་ལན་འབུལ་དགོས།
བཟའ་བཅའ་གསོལ་བའི་གནས་ཚུལ་དགེ་སློབ་དང་ཁྱིམ་བདག་ལ་དུས་ཐོག་ཏུ་ཡོངས་བསྒྲགས་གནང་དགོས།
           སློབ་གྲྭས་ཆེད(ཞོར)ལས་བཟའ་བཅའི་བདེ་འཇགས་ཀྱི་དོ་དམ་མི་སྣ་དང་འཚོ་བཅུད་བདེ་ཐང་གི་དོ་དམ་མི་སྣ་བཀོད་སྒྲིག་གནང་སྟེ། གཅིག་བསྡུས་ཐོག་བཟའ་བཅའ་གསོལ་བའི་ལས་གནས་འགན་འཁྲིའི་ལམ་ལུགས་བཙུགས་པ་དང་འབྲེལ་ལག་བསྟར་བྱེད་པ་དང་། བཟའ་བཅའི་བདེ་འཇགས་དང་འཚོ་བཅུད་བདེ་ཐང་དོ་དམ་གྱི་འབྲེལ་ཡོད་འགན་འཁྲི་ཁ་གསལ་བྱེད་དགོས་པ། ད་དུང་གཅིག་བསྡུས་ཐོག་བཟའ་བཅའ་གསོལ་བའི་ཆ་འཕྲིན་ཡོངས་བསྒྲགས་ལམ་ལུགས་འཛུགས་རྒྱུ་དང་། སྤྱི་པའི་ཆ་འཕྲིན་ལས་སྟེགས་སོགས་ཀྱི་བྱ་ཐབས་སྤྱད་དེ་དགེ་སློབ་དང་ཁྱིམ་བདག་དུས་ཐོག་ཏུ་བཟའ་བཅའ་ཉོ་འདྲེན་བྱེད་ཁུངས་དང་འདོན་སྤྲོད་ལས་ཁུངས་སོགས་ཀྱི་གནས་ཚུལ་ཡོངས་བསྒྲགས་བྱེད་པ། དགེ་སློབ་དང་ཁྱིམ་བདག་གི་འཐུས་མི་རྩ་འཛུགས་བྱས་ནས་བཟའ་བཅའི་བདེ་འཇགས་དང་འཚོ་བཅུད་བདེ་ཐང་གི་དོ་དམ་དང་ལྟ་སྐུལ་ནང་ཞུགས་དགོས།
           སློབ་གྲྭས་བཟའ་བཅའ་ཉོ་སྒྲུབ་དང་ཟ་ཁང་གི་དོ་དམ།བཟའ་བཅའ་མཁོ་འདོན་བྱེད་མཁན་ལས་ཁུངས་གདམ་ག་རྒྱག་པ་སོགས་སློབ་གྲྭའི་གཅིག་བསྡུས་བཟའ་བཅས་གསོལ་བ་དང་འབྲེལ་བའི་དོན་དག་གལ་ཆེན་ཐད། བྱེད་ཐབས་འོས་འཚམ་གྱི་ཐོག་ནས་ཁྱིམ་བདག་ཨུ་ཡོན་ལྷན་ཚོགས་དང་ཡང་ན་སློབ་མའི་འཐུས་མི་ཚོགས་ཆེན། དགེ་རྒན་ལས་བཟོ་པའི་འཐུས་མིའི་ཚོགས་ཆེན་གྱི་བསམ་འཆར་ལ་གསན་ནས་དགེ་སློབ་དང་ཁྱིམ་བདག་ཀྱི་གནས་ཚུལ་ཤེས་དབང་དང་ནང་ཞུགས་བྱེད་དབང་། གདམ་ག་བྱེད་དབང། ལྟ་སྐུལ་བྱེད་དབང་བཅས་འགན་ལེན་བྱ་དགོས་པའི་དུས་མཚུངས་སུ་བཟའ་བཅའི་བདེ་འཇགས་སྐོར་གྱི་ཐེར་འདོན་གོང་ཞུའི་ཐབས་ལམ་ཤར་བགྲོད་ཡོང་དགོས་པ།    དགེ་སློབ་དང་ཁྱིམ་བདག་གིས་ཟ་ཁང་དང་ཕྱི་ནས་བཟའ་བཅའ་ཉོ་སྒྲུབ། དེ་བཞིན་འབྲེལ་ཡོད་བཟའ་བཅའི་བདེ་འཇགས་སྐོར་གྱི་བསམ་འཆར་དང་གྲོས་འགོ་བཏོན་པར་གསན་དགོས།
ཧང་ཀྲོའུ་ཡི་སློབ་ཆུང་ཞིག་གི་གསོལ་ཁང་དུ་ཁྱིམ་བདག་གིས་བཟའ་བཅའི་བདེ་འཇགས་ལ་ཞིབ་བཤེར་གནང་བཞིན་པ།
སློབ་གྲྭ་རང་ངོས་ནས་གཉེར་གྱིན་པའི་ཟ་ཁང་གིས་སྤྱི་ཕན་རང་བཞིན་གྱི་རྩ་དོན་རྒྱུན་འཁྱོངས་གནང་དགོས།
           སློབ་གྲྭ་རང་ངོས་ནས་གཉེར་གྱིན་པའི་ཟ་ཁང་གིས་སྤྱི་ཕན་རང་བཞིན་གྱི་རྩ་དོན་རྒྱུན་འཁྱོངས་གནང་དགོས་པ་ལས་ཁེ་སྤོགས་ལེན་རྒྱུ་དམིགས་ཡུལ་དུ་འཛིན་མི་རུང་། འཚོ་བཅུད་ལེགས་གཏོང་འཆར་འགོད་ལག་བསྟར་བྱེད་ཀྱིན་པའི་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་སློབ་གྲྭའི་ཟ་ཁང་ཕྱི་ཕྱོགས་སུ་འགན་གཙང་སྤྲད་ བྱེད་མི་ཆོག་པའམ་མངག་བཅོལ་གཉེར་སྐྱོང་བྱེད་དུ་བཅུག་མི་ཆོག སློབ་གྲྭའི་ཟ་ཁང་གིས་ཟེ་སྐྱུར་ཚྭ་ཕལ་བ་(དེའི་ནང་ཟེ་ཚྭ་སྐྱུར་ནཱ་དང་ཟེ་འབྲིང་སྐྱུར་ཅཱ་འདུ)ཉོ་སྒྲུབ་དང་གསོག་ཉར།བེད་སྤྱོད་བྱས་མི་ཆོག སློབ་གྲྭ་ཆུང་འབྲིང་དང་བུ་བཅོལ་ཁང་གི་ཟ་ཁང་གིས་དམར་ཟས་འཁྱག་པ་རིགས་ཀྱི་ཟས་རིགས་དང་ཟས་རིགས་རློན་པའི་རིགས། མེ་ཏོག་སྦྱར་བའི་བག་ལེབ་བཟོ་འཚོང་མི་ཆོག་པ་དང་། ཚལ་སྲན་དང་ཧོང་ཧོ་ཚལ་སོས་པ། རི་སྐྱེས་ཤ་མོ། མྱུ་གུ་འབུས་བའི་ཞོག་ཁོག་སོགས་ཉེན་ཁ་ཆེ་བའི་བཟའ་བཅའ་ལས་སྣོན་བྱས་མི་ཆོག
           སློབ་གྲྭ་ཆུང་འབྲིང་དང་བུ་བཅོལ་ཁང་གི་ཟ་ཁང་གིས་གསོལ་ཐེངས་རེར་ལས་སྣོན་བྱས་པའི་བཟའ་བཅའི་ཐོན་རྫས་རེ་རེའི་མ་དཔེ་ཉར་ཚགས་བྱེད་དགོས་པ་དང་། སྣ་ཁ་མི་འདྲ་བ་རེ་རེར་མ་དཔེ་ཉར་ཚགས་བྱས་པ་དེས་ཞིབ་བཤེར་དགོས་མཁོ་བསྐང་ཐུབ་དགོས་ཤིང་ཁེ125ལས་ཉུང་མི་ཆོག་པ་མ་ཟད། ཉར་ཚགས་གནང་པའི་བཟའ་བཅའི་མ་དཔེའི་མིང་དང་ཉར་ཚགས་ཚད། ཉར་ཚགས་དུས་ཚོད། ཉར་ཚགས་མཁན་སོགས་ཀྱི་གནས་ཚུལ་ཟིན་ཐོར་འགོད་དགོས། མ་དཔེ་བཟའ་བཅའ་ནི་ཆེད་བཟོས་འཁྱགས་སྒམ་ནང་ཆུ་ཚོད48ཡན་ལ་ཉར་ཚགས་བྱ་དགོས།
རྩོམ་སྒྲིག་པ། སངས་སྐྱབས།
འབྲེལ་ཡོད་རྩོམ་ཡིག