ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

“ཁེ་ལས་སྟོང་གིས་གྲོང་ཚོ་སྟོང་ལ་རོགས་སྐྱོར”བྱེད་པ་སྟེ། གློག་ཆས་བརྒྱ་ཕྲག་འབྲོག་ཁྱིམ་དུ་སྦྱིན་པ།

2019-03-22 བཀྲ་རྒྱལ་གྱིས་བསྒྱུར།
——ལུང་ཆོན་ཡེ་ཆུས་ཀྱི་ཁེ་ལས་དཀར་མཛེས་རྫོང་ཚྭ་རྩྭ་ཤང་དུ་བསྐྱོད་ནས་རོགས་སྐྱོར་བྱེད་སྒོ་སྤེལ་བ།
           “དངོས་གནས་ཐུགས་རྗེ་ཆེ་ཞུ།  ངེད་ཚང་ལ་ཡང་འཁྱགས་སྒམ་ཡོད་པར་གྱུར་ལ།  གྲོང་ཁྱེར་ནང་གི་མི་ཚང་དང་འདྲ་བར་བཟའ་མ་ཚར་པའི་བཟའ་བཅའ་འཁྱགས་སྒམ་ནང་ཉར་ཆོག…… ” ཅེས་ལས་བྱེད་མི་སྣས་བསྐྱལ་ཡོང་པའི་འཁྱག་སྒམ་ལ་བལྟས་ཏེ་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་ཚྭ་རྩྭ་ཤང་བཞི་མདོ་གྲོང་ཚོའི་དུད་ཚང་དབུལ་པོ་དཔལ་གྲགས་ཀྱིས་དགའ་སྤྲོས་ཁེངས་ནས་དེ་སྐད་ཟེར།
དབུལ་ཕོངས་མང་ཚོགས་ཀྱིས་གོས་འཁྲུའི་འཕྲུལ་ཆས་ཁྱིམ་ལ་འཁྱེར་བཞིན་པ།
           ཟླ3པའི་ཚེས19ཉིན། སི་ཁྲོན་ཞིང་ཆེན་ཁྲེན་ཏུའུ་ལུང་ཆོན་ཡེ་ཆུས་སྤྱི་སྤྱོད་རླངས་འཁོར་ཀུང་སི་དང་ལུང་ཤིན་རང་བྱུང་སོལ་རླངས་ཀུང་སི་བཅས་དཀར་མཛེས་རྫོང་ཚྭ་རྩྭ་ཤང་དུ་བསྐྱོད་དེ“ཁེ་ལས་སྟོང་གིས་གྲོང་ཚོ་སྟོང་ལ་རོགས་སྐྱོར”གྱི་དཔུང་སྒྲིག་རོགས་སྐྱོར་བྱེད་སྒོ་སྤེལ་ཞིང་། ཚྭ་རྩྭ་ཤང་བཞི་མདོ་གྲོང་ཚོ་དང་མུའུ་ཐུང་ཡེ་གྲོང་ཚོའི་དུད་ཚང་དབུལ་པོ99ལ་རིན་སྒོར་ཁྲི24ཡི་གོས་འཁྲུའི་འཕྲུལ་ཆས་དང་འཁྱགས་སྒམ། བརྙན་འཕྲིན་བཅས99སྦྱིན་པ་རེད།
           ཚྭ་རྩྭ་ཤང་གི་ཤང་ཀྲང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ལུང་ཆོན་ཡེ་ཆུས་སྤྱི་སྤྱོད་རླངས་འཁོར་ཀུང་སི་དང་ལུང་ཤིན་རང་བྱུང་སོལ་རླངས་ཀུང་སིའི་མངགས་བཅོལ་ལྟར། དུས་སྔོན་ལ་ཚྭ་རྩྭ་ཤང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་བཞི་མདོ་གྲོང་ཚོ་དང་མུའུ་ཐུང་ཡེ་གྲོང་ཚོའི་ཁྱིམ་ཚང་ལ་ཐེངས་མང་རིང་གནས་ཚུལ་རྒྱུས་ལོན་དུ་བསྐྱོད་དེ། མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་གནས་ཚུལ་དང་དེར་གནས་པའི་དཀའ་ངལ།དགོས་མཁོར་མཁྱེན་རྟོགས་གནང་བ་དང་།གྲོང་ཚོའི་ཨུ་ལྷན་གཉིས་ཀྱི་ཚན་ཁག་ཁོངས་མིས་གྲོས་མོལ་གནང་པ་དང་། དུད་ཚང་དབུལ་པོའི་འཐུས་མིར་འདེམས་ཤོག་འཕངས་ཏེ་གྲོས་འཆམ་བྱུང་པ། ཚྭ་རྩྭ་ཤང་མི་དམངས་སྲིད་གཞུང་ནས་མོས་མཐུན་བྱུང་པ་བརྒྱུད། མཐར་དུད་ཚང་དབུལ་པོར“གཅིག་བརྒལ་དྲུག་ཡོད” དང་། “བཟང་པོ་བཞི་ལྡན”གྱི་འཚོ་བ་གསར་པ་རོལ་རྒྱུ་དང་། གོས་འཁྲུའི་འཕྲུལ་ཆས་དང་བརྙན་འཕྲིན་འཕྲུལ་ཆས། འཁྱག་སྒམ་ཉོ་བར་མོས་མཐུན་མགྲིན་གཅིག་ཏུ་གནང་ནས་དུད་ཚང་དབུལ་པོའི་འཚོ་བའི་ཐད་ཀྱི་དཀའ་ངལ་དངོས་ཐག་གཅོད་བྱས་པ་རེད།
རི་མོ་ནི་དཀར་མཛེས་རྫོང་ཚྭ་རྩྭ་ཤང་གིས་དབུལ་པོའི་མང་ཚོགས་ལ་གློག་ཆས་གནང་པའི་ཡུལ་དངོས།
           རྒྱུས་ལོན་བྱུང་པ་ལྟར་ན། ཚྭ་རྩྭ་ཤང་བཞི་མདོ་གྲོང་ཚོ་དང་མུའུ་ཐུང་ཡེ་གྲོང་ཚོས2018ལོའི་ཟླ10པར་ལུང་ཆོན་ཡེ་ཆུས་སྤྱི་སྤྱོད་རླངས་འཁོར་ཀུང་སི་དང་ལུང་ཤིན་རང་བྱུང་སོལ་རླངས་ཀུང་སིར“ཁེ་ལས་སྟོང་གིས་གྲོང་ཚོ་སྟོང་ལ་རོགས་སྐྱོར” གྱི་གན་རྒྱར་མིང་རྟགས་བཀོད་པ་དང་། བྱེད་སྒོ་དེ་བསྟུད་མར་ལོ་ངོ་གསུམ་ལ་རྒྱུན་མཐུད་ནས་སྤེལ་བ་དང་། ལོ་ལྟར་རོགས་སྐྱོར་མ་དངུལ་སྒོར་ཁྲི15ལས་མི་དམའ་བ་དང་། 2018ལོའི་ཟླ12པར་ལུང་ཆོན་ཡེ་ཆུས་སྤྱི་སྤྱོད་རླངས་འཁོར་ཀུང་སི་དང་ལུང་ཤིན་རང་བྱུང་སོལ་རླངས་ཀུང་སིས་སོ་སོར་སྒོར་ཁྲི15དང་སྒོར་ཁྲི9བཏང་ནས་ཁྱིམ་སྤྱོད་གློག་ཆས་ཉོས་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།
འབྲེལ་ཡོད་རྩོམ་ཡིག