ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཞི་ཅིན་ཕིང་ནས་མཉེས་པོ་གནང་བའི་ལུང་ཚིག་ཅེས་པའི་དབྱི་ཐ་ལིའི་སྐད་ཀྱི་པར་མ་སྟོན་འགོ་ཚུགས་པ།

2019-03-22 དབང་འདུས།
            ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབྱི་ཐ་ལིར་རྒྱལ་དོན་འཚམས་འདྲི་གནང་བའི་སྐབས་སུ། ཞི་ཅིན་ཕིང་ནས་མཉེས་པོ་གནང་བའི་ལུང་ཚིག་ཅེས་པའི་དབྱི་ཐ་ལིའི་སྐད་ཀྱི་པར་མ་སྤྱི་ཚེས་21ཉིན་དབྱི་ཐ་ལིར་བསྟན་འགོ་ཚུགས་ཡོད་པ་མ་ཟད། འཛམ་གླིང་ཧྲིལ་པོའི་དབྱི་ཐ་ལིའི་སྐད་ཀྱི་རྒྱལ་ཁབ་དང་ས་ཁུལ་དུ་དུས་གཅིག་ཏུ་བསྟན་འགོ་ཚུགས་ཡོད། ཉིན་དེ་གར། དབྱི་ཐ་ལིའི་ཆེས་ཤུགས་རྐྱེན་ལྡན་པའི་ཚོང་ལས་སྙན་སྦྱོར་ཚོགས་པ་མེ་ཏི་ཡ་སའེ་ཐེ་སྨྱན་སྦྱོར་བརྒྱུད་སྤེལ་ཚོགས་པ་དང་། ཁེ་ལ་སེ་སྨྱན་སྦྱོར་བརྒྱུད་སྤེལ་ཚོགས་པའི་ཁོངས་གཏོགས་ཀྱི་བརྙན་འཕྲིན་འཕྲིན་ལམ་དང་། མཁོ་མཁན་ཕྱོགས། དྲ་ཚིགས་བཅས་ཀྱི་ཐོག་བརྙན་མཐོང་བརྩམས་བྱ་དེ་བསྟན་ཡོད་པ་རེད། ཀྲུང་གོའི་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་ཀྲུང་གོ་དང་དབྱི་ཐ་ལིའི་མཁོ་མཁན་ཕྱོགས་དང་། དབྱི་ཐ་ལི་ཡི་གེའི་དྲ་བ་དང་སྤྱི་ཚོགས་འབྲེལ་གཏུག་སྟེགས་བུ་སོགས་ཀྱི་ཐོག་ལའང་དུས་གཅིག་ཏུ་བཏོན་ཡོད་པ་རེད།
            ཀྲུང་གོ་དང་དབྱི་ཐ་ལིའི་རྒྱལ་ཁབ་གཉིས་པོའི་ཤེས་དཔལ་སྤེལ་རེས་བྱེད་པའི་ནང་དོན་གལ་ཆེན་ཞིག་ཡིན་པའི་ངོས་ནས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་གསར་རྩོམ་གནང་བ་མ་ཟད་ཡིག་སྒྱུར་བྱས་པའི་ཆེད་དོན་བརྩམས་བྱ་དེ་བསྟན་ནས་ཟླ་བ་ལྔ་སོང་ཚུན་དབྱིན་ཡིག་དང་། ལྗར་པན་ཡི་གེ ལྷོ་ཁོ་རེ་ཡའི་ཡི་གེ སེ་ཕན་གྱི་ཡི་གེ་སོགས་སྐད་ཡིག་སྣ་ཚོགས་ཐོག་ནས་སྤེལ་ཡོད་ཅིང་། ཕྱི་རྒྱལ་གྱི་ལྟ་མཁན་མི་དུང་ཕྱུར་ལས་བརྒལ་བར་ཁྱབ་ཡོད་པས། རྒྱ་ཆེའི་བསྔགས་བརྗོད་ཐོབ་ཡོད་པ་རེད།
            བརྙན་མཐོང་བརྩམས་བྱ་དེ་དག་ནི་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུངས་བཤད་དང་། རྩོམ་ཡིག བཀའ་མོལ་སོགས་ཀྱི་ཁྲོད་བེད་སྤྱོད་གནང་བའི་ཀྲུང་གོའི་གནའ་བོའི་གསུང་རབ་ཁྲོད་ཀྱི་གྲགས་ཅན་གསུང་ཚིག་ཞིབ་ཚགས་འདམས་པ་དང་། ཕུགས་བསམ་པ་འཛུགས་པ་དང་། ཀུན་སྤྱོད་ལྡན་པ། མང་ཚོགས་ལ་བརྩེ་བ། བསྲི་ཞུ་སྒྲུབ་པ། གནམ་འོག་ཏུ་གཞུང་དོན་སྒྲུབ་པ་སོགས་བརྗོད་དོན་གཙོ་བོ་མི་འདྲ་བར་གཞིགས་ནས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་ཡི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་ཤེས་རྟོག་གཏིང་ཟབ་གནང་བ་དང་དེའི་ཁྲོད་ནས་རྒྱལ་སྐྱོང་སྲིད་འཛིན་གྱི་བློ་རིག་བསྡུ་ལེན་གནང་བའི་འདུ་ཤེས་གསོན་ཉམས་ལྡན་པའི་ངང་མངོན་པར་བྱས་ཡོད།
            ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་འགོ་འཛིན་ཧྲེན་ཧའེ་ཞོང་དང་། དབྱི་ཐ་ལིའི་མེ་ཏི་ཡ་སའེ་ཐེ་སྨྱན་སྦྱོར་བརྒྱུད་བསྒྲགས་ཚོགས་པའི་ལས་འཛིན་ལྷན་ཚོགས་ཀྱི་འགོ་འཛིན་ཁང་ཧྥ་ལོ་ཉེ་ལི་སོགས་ལེ་ཚན་བསྟན་འགོ་ཚུགས་པའི་མཛད་སྒོར་ཞུགས་ཡོད་པ་རེད།
            དབྱི་ཐ་ལིའི་གླེང་ཕྱོགས་ཀྱིས་སྤྱི་ཡོངས་ནས། ཞི་ཅིན་ཕིང་གི་མཉེས་པོ་གནང་བའི་ལུང་ཚིག་ཅེས་པའི་དབྱི་ཐ་ལིའི་སྐད་ཀྱི་པར་མ་བཏོན་པ་དེས། ས་གནས་དེ་གའི་མང་ཚོགས་ཚོར་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཉམས་བཟང་ཐད་ཀར་ཤེས་རྟོག་བྱེད་པའི་སྒེའུ་ཁུང་ཞིག་འཁོ་འདོན་བྱས་ནས། དེ་བས་ཡག་པའི་སྒོ་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་བ་ཤེས་རྟོག་ཐུབ་རྒྱུ་ཡིན་པའི་ངོས་འཛིན་གནང་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།
འབྲེལ་ཡོད་རྩོམ་ཡིག