ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཐུན་རིན་རྫོང་ལ་ཞིང་ཆེན་རིམ་པའི་ཁྱད་ལྡན་གྲོང་རྡལ་གྱི་མཚན་སྙན་ཐོབ་པ།

2019-03-22
             ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་ལ། ཐུན་རིན་རྫོང་གིས་རེབ་གོང་གི་རིག་གནས་ཐོན་ལས་ནུས་ཁུངས་ཀྱི་ལེགས་ཆར་བརྟེན་ནས། ཚད་གཞི་མཐོན་པོའི་སྒོ་ནས་ཐང་ག་སྒྱུ་རྩལ་གྱི་གྲོང་རྡལ་ཆུང་བ་སྐྲུན་པར་འཆར་གཞི་བཏོན་པ་དང་། རེབ་གོང་རིག་གནས་བརྗོད་དོན་དུ་བཟུང་ཞིང་། ཐང་གའི་ཐོན་ལས་དང་རིག་གནས་གནས་སྐོར་ཐོན་ལས་དེ་རིག་གནས་གནས་སྐོར་མཉམ་འཕེལ་བྱེད་པའི་སྒུལ་ཤུགས་སུ་བརྩིས་ཏེ། རོང་བོ་གྲོང་རྡལ་སེང་གེ་གཤོང་ཡ་མགོ་དང་མ་མགོ་སྡེ་བ་སོགས་དཀྱིལ་སྙིང་ཡིན་པའི་རེབ་གོང་རིག་གནས་ཐོན་ལས་ར་བ་དང་། རྒྱལ་སྤྱིའི་ཐང་ག་འགྲེམ་སྟོན་ལྟེ་བ།གནས་སྐོར་ཕྱོགས་བསྡུའི་ཞབས་ཞུའི་ལྟེ་གནས་སོགས་ལས་གཞི་གལ་ཆེན་དུ་བཟུང་ནས། ཁྱད་ཆོས་ལྡན་པའི་གྲོང་རྡལ་དུ་འཛུགས་སྐྲུན་བྱས་པས་ན་ནིང་གི་ཟླ12པར་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཐུན་རིན་རྫོང་ལ་མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་ཁྱད་ལྡན་གྲོང་རྡལ་གྱི་མཚན་སྙན་བསྩལ་པ་རེད། 
རྩོམ་སྒྲིག་པ། སངས་སྐྱབས།
འབྲེལ་ཡོད་རྩོམ་ཡིག