ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཞི་ཅིན་ཕིང་གིས་དབྱི་ཐ་ལིའི་ཙུང་ཐུང་མ་ཐ་ལོས་ལ་དང་གྲོས་མོལ་མཛད།

2019-03-25
ཟླ་གསུམ་པའི་ཚེས་ཉེར་གཉིས་ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབྱི་ཐ་ལིའི་ཙུང་ཐུང་བཞུགས་ཤག་ཁོས་ལིས་ན་ལེ་ཕོང་བྲང་དུ་དབྱི་ཐ་ལིའི་ཙུང་ཐུང་མ་ཐ་ལོས་ལ་དང་གྲོས་མོལ་མཛད།
             ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་གསུམ་པའི་ཚེས་ཉེར་གཉིས་ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབྱི་ཐ་ལིའི་ཙུང་ཐུང་བཞུགས་ཤག་ཁོས་ལིས་ན་ལེ་ཕོང་བྲང་དུ་དབྱི་ཐ་ལིའི་ཙུང་ཐུང་མ་ཐ་ལོས་ལ་དང་གྲོས་མོལ་མཛད།
             ཞི་ཅིན་ཕིང་གིས་གསུངས་རྒྱུར། ད་ལོ་ནི་ཀྲུང་གོ་དང་དབྱི་ཐ་ལིའི་བར་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་བཅོ་ལྔ་ལོན་པའི་ལོ་ཡིན་པ་དང་སང་ལོ་ནི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་ལོན་པའི་ལོ་ཡིན། དུས་རབས་ཕྱེད་ཙམ་གྱི་རིང་ལ། རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་ལ་བརྩི་འཇོག་དང་ཡིད་ཆེས། རོགས་རམ་བཅས་བྱས་ཤིང་། མཐོ་རིམ་འགོ་ཁྲིད་པའི་བར་གྱི་འགྲོ་འོང་ཇེ་མང་དུ་བཏང་བ་དང་འཐབ་ཇུས་ཡིད་ཆེས་ཇེ་བརྟན་དུ་བཏང་ཞིང་བརྗེ་རེས་མཉམ་ལས་དང་ཁེ་ཕན་མཉམ་འདྲེས་ལ་ཤུགས་བསྣན་པ་དང་ཕན་ཚུན་བར་གྱི་རྒྱུས་ལོན་དང་མཛའ་བཤེས་ཇེ་ཟབ་ཏུ་བཏང་། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་དབྱི་ཐ་ལི་ཕྱོགས་དང་མཉམ་དུ་ལག་རྡང་སྦྲེལ་ཏེ། དུས་རབས་གསར་བའི་ཀྲུང་གོ་དང་དབྱི་ཐ་ལིའི་འབྲེལ་བའི་འཕེལ་རྒྱས་ཁ་ཕྱོགས་ཆེན་མོ་གསལ་བོར་ཤེས་པར་བྱེད་པ་དང་། མཐོ་རིམ་འགོ་ཁྲིད་པའི་བར་གྱི་འབྲེལ་འདྲིས་ལ་ཤུགས་བསྣན་ནས། ཕྱོགས་གཉིས་ཀྱི་དངོས་གཉེར་མཉམ་ལས་ཀྱི་སྤུས་ཚད་ཇེ་མཐོར་གཏོང་བ་དང་རིམ་པ་འཕར་བར་སྐུལ་འདེད་གཏོང་བར་མ་ཟད། ཕྱོགས་གཉིས་བར་གྱི་མི་གཞུང་བརྗེ་རེས་ལ་ཤུགས་སྣོན་པ་དང་རིག་གནས་དང་སློབ་གསོ། སྨྱན་བྱད་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཟེར།
             མ་ཐ་ལོས་ལ་ཡིས་བཤད་རྒྱུར། ཀྲུང་གོ་ནི་དབྱི་ཐ་ལིའི་མཉམ་ལས་ཀྱི་གྲོགས་པོ་གལ་ཆེན་ཞིག་ཡིན་ལ། དབྱི་ཐ་ལི་ཕྱོགས་ཀྱིས་ཀྲུང་གོའི་འཕེལ་རྒྱས་གྲུབ་འབྲས་ལ་ཡིད་སྨོན་བྱེད་ཀྱིན་ཡོད་པ་དང་ཀྲུང་གོ་ཕྱོགས་ཀྱིས་སྒོ་འབྱེད་འཐབ་ཇུས་ལག་བསྟར་བྱས་པར་གཟེངས་བསྟོད་བྱེད་པ་ཡིན། དབྱི་ཐ་ལི་ཕྱོགས་ཀྱིས་དབྱི་ཐ་ལི་དང་ཀྲུང་གོའི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་མཉམ་ལས་འབྲེལ་བ་བཙུགས་ནས་ལོ་ལོ་བཅོ་ལྔ་ལོན་པ་དང་སང་ལོར་ཕྱོགས་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་ལོན་པ་གོ་སྐབས་སུ་བཟུང་སྟེ། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་། ཚན་རྩལ། གསར་སྐྲུན་སོགས་ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཟེར།
             གྲོས་མོལ་མ་མཛད་པའི་སྔོན་ལ། དབྱི་ཐ་ལིའི་ཙུང་ཐུང་མ་ཐ་ལོས་ལ་ཡིས་ དབྱི་ཐ་ལིའི་ཙུང་ཐུང་བཞུགས་ཤག་ཁོས་ལིས་ན་ལེ་ཕོང་བྲང་དུ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས་ཏེ་ཀྲུའུ་ཞི་ཞི་ཅིན་ཕིང་དབྱི་ཐ་ལི་ལ་རྒྱལ་དོན་འཚམས་འདྲིར་ཡོང་བར་བསུ་མ་བྱས།  །
རྩོམ་སྒྲིག་པ། སངས་སྐྱབས།
འབྲེལ་ཡོད་རྩོམ་ཡིག