ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཞི་ཅིན་ཕིང་ཧྥ་རན་སིའི་ཞི་སི་ལ་ཐོན་པ་དང་དེ་ནས་རླངས་འཁོར་ལ་བཞུགས་ཏེ་མའོ་ན་ཀི་གྲོང་ཁྱེར་ཕེབས་ནས་མའོ་ན་ཀི་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་མཛད་འགོ་བརྩམས།

2019-03-25
ཟླ3པའི་ཚེས24ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཧྥ་རན་སིའི་ཞི་སི་ལ་ཐོན་པ་དང་དེ་ནས་རླངས་འཁོར་ལ་བཞུགས་ཏེ་མའོ་ན་ཀི་གྲོང་ཁྱེར་དུ་ཕེབས་ནས་མའོ་ན་ཀི་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་མཛད་འགོ་བརྩམས།
            ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ3པའི་ཚེས24ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཧྥ་རན་སིའི་ཞི་སི་ལ་ཐོན་པ་དང་དེ་ནས་རླངས་འཁོར་ལ་བཞུགས་ཏེ་མའོ་ན་ཀི་གྲོང་ཁྱེར་དུ་ཕེབས་ནས་མའོ་ན་ཀི་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་མཛད་འགོ་བརྩམས།
            ཉིན་དེའི་དུས་ཚོད་བཅུ་གཉིས་ཀྱི་སྟེང་། ཞི་ཅིན་ཕིང་བཞུགས་པའི་ཆེད་བཏང་གནམ་གྲུ་ཉི་སི་གནམ་གྲུ་ཐང་དུ་ཐོན་པ་དང་། ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་རྣམ་གཉིས་ལ་མའོ་ན་ཀི་སྲིད་གཞུང་གི་འགོ་གཙོ་དང་རྒྱལ་སྲིད་བློན་ཆེན་ཐེ་ཨར་དང་མའོ་ན་ཀི་ཕྱི་ཕྱོགས་འབྲེལ་བ་དང་མཉམ་ལས་ཀྱི་བློན་ཆེན་ཐོ་ནེ་ལིས་སོགས་ཀྱིས་བསུ་མ་བྱས་ཤིང་། ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཀྲང་ལེ་ཏི་ལིས་ཨང་ཡང་གནམ་གྲུ་ཐང་དུ་སོང་ནས་བསུ་མ་བྱས།
            ཞི་ཅིན་ཕིང་ནི་དབྱི་ཐ་ལི་ལ་རྒྱལ་དོན་འཚམས་འདྲི་མཛད་ཚར་རྗེས་མའོ་ན་ཀི་ལ་ཕེབས་པ་རེད། ཞི་ཅིན་ཕིང་གིས་མའོ་ན་ཀི་ལ་འཚམས་འདྲི་མཛད་ཚར་རྗེས་ཉི་སི་ནས་ཧྥ་རན་སི་ལ་རྒྱལ་དོན་འཚམས་འདྲི་མཛད་རྒྱུ་རེད།
རྩོམ་སྒྲིག་པ། སངས་སྐྱབས།
འབྲེལ་ཡོད་རྩོམ་ཡིག