ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

རྟའུ་རྫོང་བར་སྨད་གྲོང་བརྡལ་ལ་སི་ཁྲོན་ཞིང་ཆེན་གྱི་སྐོར་དང་པོའི་རིག་གནས་ཡུལ་སྐོར་གྲོང་བརྡལ་ཆུང་ངུའི་མཚན་སྙན་ཐོབ་པ།

2019-05-08 བཀྲ་ཤིས་རྒྱལ་གྱིས་བསྒྱུར།
           ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཉེ་ཆར་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྟའུ་རྫོང་རིག་གནས་རླུང་འཕྲིན་བརྙན་འཕྲིན་དང་ཡུལ་སྐོར་ཅུས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན།སི་ཁྲོན་ཞིང་ཆེན་གྱི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཚོགས་ཆེན་ཐོག་རྟའུ་རྫོང་བར་སྨད་གྲོང་བརྡལ་ལ་སི་ཁྲོན་ཞིང་ཆེན་གྱི་སྐོར་དང་པོའི“རིག་གནས་ཡུལ་སྐོར་གྱི་ཁྱད་ལྡན་གྲོང་བརྡལ་ཆུང་ངུའི”མཚན་སྙན་ཐོབ་པ་དང་འབྲེལ་སྒོ་བྱང་ཡང་སྤྲད་ཡོད་འདུག
བར་སྨད་གྲོང་བརྡལ་གྱི་མཚན་ལྗོངས།
           ཤེས་རྟོགས་བྱུང་བར་གཞིགས་ན།སི་ཁྲོན་ཞིང་ཆེན་གྱི་རིག་གནས་ཡུལ་སྐོར་ཁྱད་ལྡན་གྲོང་བརྡལ་ཆུང་ངུ་དཔྱད་འདེམས་བྱེད་སྒོ་ལོ་རེར་ཐེངས་རེར་སྤེལ་བཞིན་ཡོད་ཅིང་།གཙོ་བོ་ནི་མི་ཆོས་རིག་གནས་ཐོན་ཁུངས་དང་འཕེལ་རྒྱས་འཆར་འགོད།རིག་གནས་ཡུལ་སྐོར་ཁྱད་ལྡན་ཐོན་ལས་མ་ལག རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་ཕྱོགས་བསྡུས་ཕན་འབྲས། རྨང་གཞིའི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད།  ཁྲོམ་རའི་ལྟ་སྐུལ་དོ་དམ་དང་བདེ་འཇགས་ཐོན་སྐྱེད། སྤུས་རྟགས་འཛུགས་སྐྲུན་བཅས་ཕྱོགས་བདུན་གྱི་ཐད་ནས་དཔྱད་འདེམས་གནང་ཡོད་པ་རེད། རིག་གནས་ཡུལ་སྐོར་གྱི་ཁྱད་ལྡན་གྲོང་བརྡལ་ཆུང་ངུ་དེ་ནི་ཁྱད་ལྡན་རིག་གནས་དང་རང་བྱུང་མཛེས་ལྗོངས། རིག་དངོས་གནའ་ཤུལ། ཁྱད་ལྡན་འཛུགས་སྐྲུན་སོགས་དམིགས་བསལ་ཐོན་ཁུངས་ལ་བརྟེན་པ་དང་། སྔོག་འདོན་དང་མཉམ་འདྲེས། གཞན་སྒྱུར། གསར་གཏོད་བཅས་ཀྱི་རིག་གནས་ནང་དོན་ལ་བརྟེན་ནས་རིག་གནས་ཀྱི་གཞི་རྒྱུ་བསྡུ་སྒྲིལ་བྱས་ཏེ་རིག་གནས་ཡུལ་སྐོར་གྱི་བརྗོད་དོན་གཙོ་བོ་མངོན་གསལ་དོད་པ་དང་ཁྱད་ལྡན་ཐོན་ལས་འབུར་དུ་ཐོན་པ།  ཡུལ་སྐོར་བྱེད་ནུས་འཐུས་སྒོ་ཚང་བ། སྣོད་བཅུད་ཐོན་སྐྱེད་དང་འཚོ་བ་མཉམ་འདྲེས། འཚོ་སྡོད་དང་ཡུལ་སྐོར། ལས་རིགས་ལ་འཚམ་པའི་སྲིད་འཛིན་ས་ཁོངས་མ་ཡིན་པའི་རིག་གནས་ཡུལ་སྐོར་བྱ་ཡུལ་གཏོད་རྒྱུ་གཏན་འཁེལ་གསལ་པོ་གནང་ཡོད་པ་རེད། 
བར་སྨད་གྲོང་བརྡལ་ལ་རྒྱང་གཟིགས།
           བར་སྨད་གྲོང་བརྡལ་ལ་ཐུན་མོང་མ་ཡིན་པའི་རང་བྱུང་ཐོན་ཁུངས་ཡོད་པ་དང་ས་བབ་ཀྱི་ལེགས་ཆ་མངོན་གསལ་དོད་པོ་ཡོད་པས་དཀར་མཛེས་ཁུལ་གྱི་རིག་གནས་ཡུལ་སྐོར་གྲོང་བརྡལ་ཆུང་ངུའི་ནང་ཚུད་པའི་གྲོང་བརྡལ་གཅིག་པུ་རེད། རྟའུ་རྫོང་རིག་གནས་རླུང་འཕྲིན་བརྙན་འཕྲིན་དང་ཡུལ་སྐོར་ཅུས་ཀྱི་འགན་འཁུར་པས་ངོ་སྤྲོད་བྱས་པར་གཞིགས་ན།རྟའུ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་བྲག་སྨད་རིག་གནས་ཡུལ་སྐོར་ཕྱོགས་བསྡུས་སྒྲིག་གཞིའི་ལས་དོན་ཁག་སྤེལ་འགོ་ཚུགས་པ་དང་།དེའི་དམིགས་ཡུལ་ནི“རིག་གནས+ཡུལ་སྐོར+རོལ་རྩེད་སྤྲོ་གསེང”་བཅས་ཀྱི་འཕེལ་རྒྱས་ཀྱི་བསམ་ཕྱོགས་ཟུང་འབྲེལ་བྱེད་པ་དང་། བར་སྨད་རིག་གནས་ཡུལ་སྐོར་གྱི་ལེགས་ཆ་སྔོག་འདོན་གཏིང་ཟབ་བྱས་པ་བརྒྱུད། ནུས་ཤུགས་ཡོད་རྒུས་དཔལ་སྨད་ཁམས་པའི་མི་ཉག་གི་དམངས་སྲོལ་རིག་གནས་ལྟེ་གནས་བསྐྲུན་ནས་ཞི་བདེ་ཤང་མི་ཉག་ཀ་དག་4Aམཛེས་ལྗོངས་ཁུལ་དང་མོ་ཧྲི་སྤྱི་གླིང་གི4Aརིམ་པའི་མཛེས་ལྗོངས་ཁུལ་དང་སྦྲེལ་ནས་སི་ཁྲོན་བོད་རིགས་ས་ཁུལ་གྱི་གྲོང་གསེབ་ཀྱི་ཞིང་ལས་ཡུལ་སྐོར་གྱི་ལམ་ཐིག་ཡག་ཤོས་ཤིག་བསྐྲུན་ཐོག    ལུང་བསྟན་རྩྭ་ཐང་དང་ཡར་ལྷ་གངས་རིའི་མཛེས་ལྗོངས་ཁུལ་ལའང་ཁྱབ་ཐུབ་པར་བྱེད་རྒྱུ་ཡིན་ལ། དེ་དུས་ཡུལ་སྐོར་པས་བྲག་རྡོའི་རྔམ་བརྗིད་དང་མུ་མེད་པད་ཁའི་མཛེས་ལྗོངས།ཡར་ལྷ་གངས་རིའི་བརྗིད་ཉམས།མགར་ཐར་དགོན་གྱི་དབེན་པ།ལུང་བསྟན་རྩྭ་ཐང་གི་ཡངས་ཤིང་རྒྱ་ཆེ་བའི་མཛེས་ལྗོངས་དང་གདོད་མའི་གེ་སེར་འཆམ་བཅས་རོལ་མྱོང་བྱས་ཏེ་སྤྲོ་གསེང་ཞིང་ལས།  ས་གནས་དེ་གའི་རིག་གནས་དང་གྲོང་གསེབ་ཡུལ་སྐོར་བཅས་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བ་བྱས་ཏེ་ཞིང་ལས་ཀྱི་ཐོན་ལས་ཟུར་སྣོན་རིན་ཐང་མཐོ་རུ་གཏོང་རྒྱུ་དང་། དེང་རབས་ཀྱི་གྲོང་གསེབ་དང་ཞིང་ལས་ཡུལ་སྐོར་གྱི་ཐོན་རྫས་མ་ལག་ཆགས་པ་བྱས་ཏེ་ཞིང་ལས་ཐོན་འཕར་དང་ཞིང་པའི་ཡོང་འབབ་འཕར་བའི་ཐད“ཡུལ་སྐོར་ཅན”གྱི་ཐབས་ལམ་མཁོ་འདོན་བྱེད་རྒྱུ་རེད།
འབྲེལ་ཡོད་རྩོམ་ཡིག