ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

བོད་ལྗོངས་ཀྱི་2019ལོའི་མཐོ་རིམ་སློབ་ཐོན་སློབ་མའི་ལས་མི་བསྡུ་བའི་ཆེད་ཚོགས་བོད་ལྗོངས་མི་རིགས་སློབ་ཆེན་དུ་འཚོགས།

2019-05-15 པདྨ་ཚེ་རིང་གིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་5པའི་ཚེས་12ཉིན། བོད་རང་སྐྱོང་ལྗོངས་ཀྱི་2019ལོའི་སློབ་ཆེན་སློབ་ཐོན་སློབ་མའི་(བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོ)ཆེད་དམིགས་ལས་མི་བསྡུ་བའི་ཚོགས་འདུ་བོད་ལྗོངས་མི་རིགས་སློབ་ཆེན་དུ་འཚོགས་པ་རེད། ལས་མི་བསྡུ་བའི་ཚོགས་འདུ་དེ་བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གཉིས་ཀྱིས་གཙོ་གཉེར་བྱས་པ་དང་། བོད་ལྗོངས་མི་རིགས་སློབ་ཆེན་གྱིས་འགན་འཁུར་ཏེ་བསྒྲུབས་པ་ ཡིན། ལས་མི་བསྡུ་བའི་ཚོགས་འདུའི་ཐོག་སློབ་ཐོན་སློབ་མ་619ཡིས་ལས་མི་བསྡུ་བའི་ལས་ཁུངས་ལ་ལས་ཞུགས་རེ་འདུན་བྲིས་ཡོད།
འདི་ནི་ལས་མི་བསྡུ་བའི་མཛད་སྒོ་ཚོགས་འདུའི་ཡུལ་དངོས་ཡིན།
          ལས་མི་བསྡུ་བའི་མཛད་སྒོའི་སྟེང་། བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གཉིས་ཀའི་འབྲེལ་ཡོད་འགན་འཁུར་བས་བསྟན་དོན། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྔོན་ནས་བཟུང་མཐོ་རིམ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ལས་དོན་ལ་ཐོག་མཐའ་བར་གསུམ་དུ་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཉེ་བའི་ལོ་ཤས་རིང་མཐོ་རིམ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུད་འདེད་གཏོང་བའི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཏོན་ཞིང་། དེའི་ལས་ཀའི་དོན་སྙིང་ཆེ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་བ་ནི་རྒྱལ་ཡོངས་ཀྱི་ཨང་དང་པོར་བསླེབས་པ་རེད། འགན་འཁུར་བ་ཁོང་གི་རེ་བ་ནི་ལས་མི་བསྡུ་བའི་ཆེད་ཚོགས་བྱེད་ཐབས་འདི་ལྟ་བུ་བརྒྱུད་དེ་ལས་མི་བསྡུ་བའི་ལས་ཁུངས་དང་སློབ་ཐོན་སློབ་མའི་བར་ནས་བསམ་བློ་བརྗེ་རེས་དང་ཕན་ཚུན་གདམ་ག་བྱེད་པའི་ལས་སྟེགས་མཁོ་འདོན་བྱེད་དགོས། དེ་ཡང་སློབ་ཐོན་སློབ་མ་དང་ཁེ་ལས་ཀྱི་ཆ་འཕྲིན་སྤེལ་རེས་བྱ་བའི་ལམ་ཁ་གེགས་མེད་ཤར་གཏོང་ཐུབ་པ་ཞིག་བྱེད་པ་དང་། ལས་མི་བསྡུ་བའི་ལས་ཁུངས་ཀྱིས་སློབ་ཐོན་སློབ་མ་སྔར་བས་མང་བ་ལས་ཞུགས་ཐུབ་པར་བྱེད་པ། རྒྱ་ཆེའི་སློབ་ཐོན་སློབ་མས་ལས་ཞུགས་ཀྱི་དུས་བབ་གསལ་རྟོགས་དང་རང་ངོས་ཀྱི་དོན་དངོས་གཉིས་ཟུང་འབྲེལ་བྱས་ཏེ། ཁྲོམ་རའི་ལས་ཞུགས་ཀྱི་འདུ་ཤེས་བསྐྱེད་པ། ཁེ་ལས་ཀྱིས་ལས་མི་བསྡུ་བའི་གདམ་གར་བརྩི་འཇོག་དང་བསམ་ཤེས་ཡོད་པ་བཅས་ཀྱི་རྨང་གཞིའི་ཐོག་ལས་ཀ་འཚོལ་བའི་བྱ་འགུལ་ནང་ཧུར་ཐག་གིས་ཞུགས་པ་དང་། མ་འོངས་པར་ཁེ་ལས་ནང་ཞུགས་ཏེ་འཇོན་ཐང་གི་ནུས་པ་རྩལ་དུ་འདོན་པ་དང་མི་ཚེའི་རིན་ཐང་མངོན་འགྱུར་ཡོང་བར་བྱེད་དགོས། རེ་བར་འབྲེལ་ཡོད་སྡེ་ཁག་གིས་རྗེས་སྙེག་ཞབས་ཞུ་མུ་མཐུད་དུ་ཡག་པོ་བསྒྲུབ་ནས་ལས་ཞུགས་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་ཡོང་བར་བྱེད་དགོས་པ་མ་ཟད། བོད་ལྗོངས་ཀྱི་མཐོ་རིམ་སློབ་ཐོན་སློབ་མའི་ལས་ཞུགས་དང་འཚམ་པའི་ལས་ཀའི་ལམ་སྲོལ་གསར་པ་ཞིག་འཚོལ་ཞིབ་བགྱི་བར་ཧུར་ཐག་བྱ་རྒྱུའི་རེ་བ་ཡོད་ཅེས་སོགས་བསྟན།
  
འདི་ནི་ལས་མི་བསྡུ་བའི་ཚོགས་འདུའི་ཡུལ་དངོས་ཡིན།
འདི་ནི་ལས་མི་བསྡུ་བའི་ཚོགས་འདུའི་ཡུལ་དངོས་ཡིན།
          ལས་མི་བསྡུ་བའི་ཚོགས་འདུའི་ཐོག་བོད་ལྗོངས་མི་རིགས་སློབ་ཆེན་དང་ཞི་ཨན་འགྲིམ་འགྲུལ་སློབ་ཆེན། ནུབ་བྱང་བཟོ་ལས་སློབ་ཆེན། ནུབ་བྱང་ཞིང་ནགས་ཚན་རྩལ་སློབ་ཆེན། ཁྲང་ཨན་སློབ་ཆེན་སོགས་མཐོ་རིམ་སློབ་གྲྭའི་བོད་ལྗོངས་ཀྱི་སློབ་ཐོན་སློབ་མ་3000ལྷག་ཙམ་གནས་འདིར་ལས་ཞུགས་བྱེད་པར་ཡོང་བ་རེད།
          ད་ཐེངས་ཀྱི་ལས་མི་བསྡུ་བའི་ཚོགས་འདུ་ཀྱི་དམིགས་ཡུལ་ནི་ས་གནས་ས་ཐོག་གི་ལས་མི་བསྡུ་བའི་ཚོགས་འདུ་ཆེ་གྲས་ཀྱི་རྣམ་པ་ཞིག་ཡིན་པས། བོད་རང་སྐྱོང་ལྗོངས་ཀྱི་ཕྱི་ནང་ཁེ་ལས་རྣམས་ལ་ཕྱོགས་ནས་བོད་ལྗོངས་མཐོ་རིམ་སློབ་ཐོན་སློབ་མར་ལས་གནས་འོས་སྦྱོར་བྱེད་པ་དང་བོད་ལྗོངས་ཀྱི་མཐོ་རིམ་སློབ་ཐོན་སློབ་མ་རྣམས་ཁེ་ལས་སུ་ལས་ཞུགས་བྱེད་པའི་ཐབས་ལམ་རྒྱ་ཆེར་གཏོང་རྒྱུ་དེ་རེད། ལས་མི་བསྡུ་བའི་ལས་ཁུངས་124(དེའི་ནང་བོད་ལྗོངས་ཀྱི་ཁེ་ལས་53དང་། ཧུའུ་པེ་ཡི་ཁེ་ལས་24། ཧྲན་ཞི་ཡི་ཁེ་ལས་47བཅས་འདུས)ཡིས་ལས་ཞུགས་ལས་གནས་3700མཁོ་སྤྲོད་བྱས་པ་དང་། དེའི་ཁྲོད་ཀྱི་ལས་ཞུགས་ལས་གནས་2500ལྷག་ཙམ་བོད་ལྗོངས་ཀྱི་སློབ་ཆེན་སློབ་ཐོན་སློབ་མར་འཚམ་པར་བྱས་ཤིང་། ལས་ཞུགས་ཆེད་ལས་ཀྱི་རེ་བ་ནི་རྩིས་གཉེར་དང་དྲུང་ཡིག དངུལ་རྩ། གློག་རྡུལ་ཆ་འཕྲིན་ཚན་རིག་དང་ལག་རྩལ། ཡུལ་སྐོར་སོགས་ཆེད་ལས་60ལྷག་ཡོད་པ་རེད།  
འབྲེལ་ཡོད་རྩོམ་ཡིག