ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།

2019-05-20
          ཚེས་16ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། 
          རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཏིང་ཡེ་ཤན་དང་ཀྲོང་ཡན་ཚོགས་འདུར་ཕེབས་ཡོད་པ་རེད། 
          ཚོགས་འདུའི་ཐོག་ལྗོངས་ཏང་ཨུད་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་2019ལོའི་ལས་དོན་གྱི་གཙོ་གནད་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ལས་དོན་གྱི་སྒྲིག་སྲོལ་དང་ཆེད་དོན་ཚོགས་ཆུང་གི་ལས་དོན་གྱི་སྒྲིག་སྲོལ་དང་དེ་བཞིན་གཞུང་དོན་ཁང་གི་ལས་དོན་ཞིབ་སྲོལ། 《རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཆེད་དོན་ཚོགས་ཆུང་ཁག་བཀོད་སྒྲིག་དང་བཟང་སྒྲིག་བྱེད་རྒྱུའི་སྐོར་གྱི་དགོངས་སྐོར》སོགས་ཀྱི་ཡིག་ཆར་གྲོས་ཞིབ་བྱས་པ་དང་སྦྲཌ་གྲོས་འཆམ་ཡང་བྱུང་བ་རེད། 
          ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་དེ་ཨུ་ཡོན་ལྷན་ཁང་ལ་བསྒྱུར་བ་དེ་ནི་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཚད་གཞིར་འཛིན་པ་དང་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་དང་། ལྗོངས་ཏང་ཨུད་ཀྱིས་ལས་དོན་གལ་ཆེན་ལ་འགོ་ཁྲིད་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བའི་ལམ་ལུགས་ཀྱི་བཀོད་སྒྲིག་གལ་ཆེན་ཞིག་རེད། དེ་ལྗོངས་ཏང་ཨུད་ཀྱིས་སྒྱུར་བཅོས་ལས་དོན་ལ་གཅིག་གྱུར་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་པ་དང་། འགན་འཁྲིར་སྤྱི་འདོམས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཁ་ཕྱོཌ་སྟངས་འཛིན་དང་། སྤྱི་ཡོངས་ཇུས་འགོད། སྲིད་ཇུས་བཟོ་བ། སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ནུས་པ་ཆེ་རུ་བཏང་ནས་དུས་རབས་གསར་པའི་རང་ལྗོངས་ཀྱི་སྒྱུར་བཅོས་སྒོ་དབྱེར་སྔར་ལས་ལྷག་པའི་སྐུལ་འདེད་གཏོང་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད་ཅེས་གསུངས་པ་རེད།ཚོགས་འདུའི་ཐོག ཏང་གིས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བར་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་བསྒྱུར་བཅོས་དེ་ཡང་དག་པའི་ཁ་ཕྱོགས་སུ་བསྐྱོད་ཐུབ་པའི་འགན་ལེན་བྱེད་དགོས། རིམ་ཁག་ཏང་ཨུད་ཀྱིས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དེ་བས་མངོན་གསལ་དོད་པའི་གནས་བབ་གལ་ཆེན་ཐོག་བཞག་སྟེ་འགོ་ཁྲིད་ཀྱི་འགན་འཁྲིར་ཤུགས་སྣོན་རྒྱག་པ་དང་སྒྱུར་བཅོས་བྱ་ཐབས་གལ་ཆེན་སྒྲིག་འཛུགས་ལག་བསྟར་ལ་དམ་འཛིན་ཡག་པོ་བྱས་ཏེ། སྒྱུར་བཅོས་ལ་འགོ་ཁྲིད་དང་། ཇུས་འགོད། སྐུལ་འདེད་བཅས་བྱེད་པའི་འཇོན་ཐང་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། རིམ་ཁག་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གིས་སྤྱི་འདོམས་དང་སྤྱི་ཡོངས་ལ་དམ་འཛིན་བྱེད་པའི་ནུས་པ་བཏོན་ཏེ་ཚན་རིག་དང་མཐུན་པའི་སྒྱུར་བཅོས་ཀྱི་ལས་དོན་ལ་ཇུས་འགོད་བྱས་ནས་ཀྲུང་དབྱང་གི་རྩེ་རིམ་ཇུས་འགོད་གཞིར་བཟུང་། སྒྱུར་བཅོས་བྱ་ཐབས་ཁག་ལ་སྐུལ་འདེད་ཏན་ཏིག་ཐུབ་པའི་འགན་ལེན་བྱེད་དགོས། སྣེ་ཁྲིད་སྡེ་ཚན་ཁག་གིས་སྒྲུབ་གཉེར་བྱེད་པའི་སྒྱུར་བཅོས་བྱ་ཐབས་ཀྱི་བརྒྱུད་རིམ་ཧྲིལ་པོར་འགན་འཁུར་ནས་དམ་འཛིན་མཐར་ཕྱིན་པ་བྱས་ཏེ་དོན་འཁྱོལ་གནད་སྨིན་ཡོང་བའི་འགན་ལེན་བྱེད་དགོས། རིམ་ཁག་སྒྱུར་བཅོས་གཞུང་ལས་ཁང་གིས་ཕྱོགས་བསྡུས་མཐུན་སྦྱོར་གྱི་ནུས་པ་བཏོན་ཏེ་དེ་ཉིད་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་འཁོར་རྒྱུག་ལྟེ་གནས་དང་ཞབས་ཞུའི་ལས་སྟེགས་སུ་འགྱུར་བ་བྱེད་དགོས་པ་དང་། ལྷག་པར་དུ་དམངས་ཀྱི་འདོད་འདུན་མཚོན་པའི་ཐབས་ལམ་ཡངས་པོ་གཏོད་པ་དང“དམངས་ཀྱི་གནས་ཚུལ་ཞུ་བའི་དྲ་བ”ཡག་པོ་བསྐྲུན་ནས་མང་ཚོགས་ཀྱི་བསམ་འཆར་ནན་ཏན་ཉན་པ་དང་། བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ། བསམ་འཆར་དང་ཐབས་ཇུས་འདོན་པ་བཅས་བྱས་ནས་ལས་དོན་གྱི་དམིགས་སའི་རང་བཞིན་དང་ཕན་འབྲས་རང་བཞིན་ཆེ་རུ་གཏོང་དགོས། རིམ་ཁག་འགན་འཁུར་བློ་མཐུན་གཙོ་བོ་རྣམས་ནི་ཡུལ་དེ་ག་དང་ཁྱབ་ཁོངས་དེ་གའི་སྒྱུར་བཅོས་ཟབ་གཏོང་གི་འགན་འཁུར་བ་དང་པོ་ཡིན་པས་འགན་འཁྲི་གསལ་པོ་ཤེས་པ་དང་འགན་འཁྲི་ཡག་པོ་ཁུར་ནས་སྒྱུར་བཅོས་ཀྱི་འགན་འཁྲི་དོན་འཁྱོལ་བདེ་བླག་ཡོང་བར་སྐུལ་ཁྲིད་བྱེད་དགོས། ཆབ་སྲིད་ལ་སྣང་ཆེན་དང་སྒྲིག་ལམ་བསྲུངས་ནས་ལས་དོན་གལ་ཆེན་སྙན་སེང་ཞུ་བའི་ལམ་ལུགས་དོན་འཁྱོལ་ནན་ཏན་དང་སྒྱུར་བཅོས་གལ་ཆེན་རིགས་ཡིན་ཕྱིན་ངེས་པར་དུ་རིམ་པ་བཞིན་དགོངས་སྐོར་སྙན་སེང་ཞུ་དགོས་པའི་ནན་བཤད་གནང་བ་རེད། 
          ཚོགས་འདུའི་ཐོག ལྗོངས་ཡོངས་ཀྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་གི་རྩེ་རིམ་ཇུས་འགོད་དང་སྤྱིའི་བཀོད་ཇུས་ལ་དམ་འཛིན་ཏན་ཏིག་དང་ཡག་པོ་བྱས་ནས་སྤྱི་འདོམས་མཐུན་སྦྱོར་དང་སྤྱི་ཡོངས་ལ་སྐུལ་འདེད་གཏོང་བ་དང་། དུས་བསྟུན་ཇུས་འདོན་དང་དུས་བསྟུན་ལས་སྒྲུབ་དང་བྱ་སྤྱོད་སྤེལ་བ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་གཅིག་ཏུ་ལག་ལེན་བསྟར་བ། བརྟན་ལྷིང་ཨང་དང་པོར་འཇོག་པ་དང་། དམངས་འཚོ་ལེགས་བཅོས། ཐོན་ལས་དང་ལས་ཞུགས་བཅས་ཟུང་འབྲེལ་མཐའ་འཁྱོངས་བྱེད་པ། དཀའ་ངལ་དང་རྙོག་དྲ་སྲིད་གཞུང་གིས་སེལ་བ་དང་སྟབས་བདེ་དང་ཕན་པ་མང་ཚོགས་ལ་སྤྲོད་རྒྱུ་མཐའ་འཁྱོངས་བྱེད་པ། ལས་བྱེད་ལས་བཟོ་དང་མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ་དང་། འཕྲལ་མཁོ་ཆེ་ཤོས་ཡིན་པ། བདེ་རྩར་ཐུག་པ་བཅས་ཀྱི་སྨན་བཅོས་དང་། སློབ་གསོ། ལས་ཞུགས། ཚན་རྩལ། རྒན་གསོ། རྒན་ཡོལ་བཀོད་སྒྲིག་སོགས་ཀྱི་གནད་དོན་ལ་དམ་པོར་དམིགས་པ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད། སྣོད་བཅུད་འཛུགས་སྐྱོང་ལ་ཤུགས་སྣོན། གཞི་རིམ་གྱི་རྨང་གཞི་བརྟན་གཏོང་སོགས་ཀྱི་ཞིབ་འཇུག་བྱ་གཞི་གལ་ཆེན་ལ་དམ་འཛིན་ནན་པོ་བྱེད་པ། སྒྱུར་བཅོས་ཇི་ཙམ་བྱས་ན་དེ་ཙམ་གྱིས་ལེགས་སུ་འགྲོ་བ་དང་། ཇི་ཙམ་བྱས་ན་དེ་ཙམ་གྱིས་དོན་དངོས་དང་མཐུན་པ། ཇི་ཙམ་བྱས་ན་དེ་ཙམ་གྱིས་མང་ཚོགས་ལ་ཕན་པ་ཐོབ་པ་བཅས་མཐའ་འཁྱོངས་བྱེད་པ། གཙོ་གནད་འབུར་ཐོན་དང་རིམ་དབྱེ་ལག་བསྟར་བྱེད་པ། མ་དངུལ་གཏོང་ཉུང་བ་དང་། ཕན་འབྲས་ཐོན་མགྱོགས་པ། མང་ཚོགས་ལ་ཐད་ཀར་ཕན་པ་ཐོབ་པ་བཅས་ཀྱི་སྒྱུར་བཅོས་རྣམ་གྲངས་ཁག་གཅིག་བཏོན་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཆེ་རུ་རྒྱུན་ཆད་མེད་པར་གཏོང་དགོས་པའི་ནན་བཤད་གནང་བ་རེད། 
རྩོམ་སྒྲིག་པ། སངས་སྐྱབས།
འབྲེལ་ཡོད་རྩོམ་ཡིག