ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

རྒྱལ་ལམ་འགྲམ་གྱི་ཁྱིམ་ཚང་མགྲོན་ཁང་།

2019-05-20
འདི་ནི་རྒུ་ཤང་མཚོ་འགྲམ་དང318རྒྱལ་ལམ་འགྲམ་གྱི་ཁྱིམ་ཚང་མགྲོན་ཁང་རེད།(ཟླ5བའི་ཚེས17ཉིན་པར་བླངས)
           ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་སྤོ་མེས་རྫོང་རྒུ་ཤང་རྒུ་གྲོང་ཚོའི་རང་བྱུང་ཁོར་ཡུག་མཛེས་ཤིང་ལྟ་ན་སྡུག རྒུ་གྲོང་ཚོས318རྒྱལ་ལམ་གྱི་འགྲིམ་འགྲུལ་ལེགས་ཆ་ལ་བརྟེན་ནས་ཞིང་སྡེའི་གནས་སྐོར་འཕེལ་རྒྱས་ལ་ཤུགས་བསྣན་ཏེ། རྒྱལ་ལམ་འགྲམ་དུ་ཁྱིམ་ཚང་མགྲོན་ཁང་བཙུགས་པར། ས་གནས་དེའི་མང་ཚོགས་རྣམས་ཀྱི་ཡོང་སྒོ་འཕར་ནས་ཕྱུག་སྒྱུར་བྱུང་བར་སྐུལ་འདེད་བཏང་། 2018ལོར་རྒུ་གྲོང་ཚོའི་ཁྱིམ་ཚང་མགྲོན་ཁང་གིས་བསྡོམས་པས་གནས་སྐོར་བ་མི་ཐེངས་ཁྲི4ལྷག་སྣེ་ལེན་བྱས་ཤིང་། ས་གནས་ཀྱི་མང་ཚོགས་རྣམས་གནས་སྐོར་ཞབས་ཞུ་ཁྲོད་ཞུགས་པ་དང་། འགྲིམ་འགྲུལ་སྐྱེལ་འདྲེན། གནས་སྐོར་ཐོན་རྫས་ཉོ་ཚོང་བྱེད་པ་སོགས་ལ་བརྟེན་ནས་ཡོང་སྒོ་སྒོར་ཁྲི410ཐོབ་པ་རེད།
འདི་ནི་ཟླ5བའི་ཚེས17ཉིན་གནས་སྐོར་བ་རྣམས་རྒུ་གྲོང་ཚོའི་ཁྱིམ་ཚང་མགྲོན་ཁང་གི་ཕྱི་རོལ་དུ་ངལ་གསོ་བྱེད་བཞིན་པའི་ཚུལ་རེད།
འདི་ནི་ཟླ5བའི་ཚེས17ཉིན་རྒུ་གྲོང་ཚོའི་ཁྱིམ་ཚང་མགྲོན་ཁང་ཞིག་གི་སྒོ་འགྲམ་དུ་བཞག་པའི་རླངས་འཁོར་རེད།
འདི་ནི་ཟླ5བའི་ཚེས17ཉིན་རྒུ་གྲོང་ཚོའི་ཁྱིམ་ཚང་མགྲོན་ཁང་གི་ཞབས་ཞུ་མི་སྣས་མགྲོན་ཁང་གཙང་སྤྲ་བྱེད་བཞིན་པའི་ཚུལ་རེད།
འདི་ནི་ཟླ5བའི་ཚེས17ཉིན་ལྕགས་རྟ་བཞོན་པའི་གནས་སྐོར་བ་གཉིས་རྒུ་གྲོང་ཚོའི་ཁྱིམ་ཚང་མགྲོན་ཁང་དུ་འགྲོ་བཞིན་པའི་ཚུལ་རེད།
རྩོམ་སྒྲིག་པ། སངས་སྐྱབས།
འབྲེལ་ཡོད་རྩོམ་ཡིག