ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཧན་ཀྲིན་གྱིས་འགོ་འཛིན་མཛད་དེ་འབྲི་ཆུ་ཟུར་གསུམ་ཁུལ་ཁོངས་གཞི་གཅིག་ཅན་འཕེལ་རྒྱས་ཡར་སྐུལ་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།

2019-06-06
            ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ6པའི་ཚེས3ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། འབྲི་ཆུ་ཟུར་གསུམ་ཁུལ་ཁོངས་གཞི་གཅིག་ཅན་འཕེལ་རྒྱས་ཡར་སྐུལ་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཧན་ཀྲིན་གྱིས་ཧྲང་ཧེ་ནས་འགོ་འཛིན་མཛད་དེ་འབྲི་ཆུ་ཟུར་གསུམ་ཁུལ་ཁོངས་གཞི་གཅིག་ཅན་འཕེལ་རྒྱས་ཡར་སྐུལ་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲི་ཆུ་ཟུར་གསུམ་ཁུལ་ཁོངས་གཞི་གཅིག་ཅན་དུ་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཤིང་། འབྲི་ཆུ་ཟུར་གསུམ་ཁུལ་ཁོངས་གཞི་གཅིག་ཅན་འཕེལ་རྒྱས་འཆར་འགོད་རྩ་གནད་ཁྱོན་ཡོངས་ནས་ལག་བསྟར་དང་དངོས་འབེབས་བྱས་པ་དང་། འབྲེལ་ཡོད་ཡིག་ཆར་གྲོས་བསྡུར་དང་གྲོས་ཞིབ་བྱས་པར་མ་ཟད། དུས་རིམ་རྗེས་མའི་བྱ་བ་གཙོ་བོར་ཞིབ་འཇུག་དང་བཀོད་སྒྲིག་བྱས།
            ཧན་ཀྲིན་གྱིས་གསུངས་རྒྱུར། འབྲི་ཆུ་ཟུར་གསུམ་ཁུལ་ཁོངས་གཞི་གཅིག་ཅན་འཕེལ་རྒྱས་དེ་རྒྱལ་ཁབ་འཐབ་ཇུས་སུ་མཐོར་འདེགས་བཏང་བ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་འཐབ་ཇུས་དང་ཇུས་གཞི་གལ་ཆེན་ཞིག་ཡིན། ཁྱོན་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་ལངས་ཏེ་བསམ་བློའི་འདུ་ཤེས་གཅིག་གྱུར་དང་མཐོར་འདེགས་སུ་གཏོང་བ་དང་། ཏང་ཀྲུང་དབྱང་གི་འཐབ་ཇུས་དགོངས་པར་གོ་བ་ཟབ་མོ་ལེན་དགོས་ལ། འབྲི་ཆུ་ཟུར་གསུམ་ཁུལ་ཁོངས་ཀྱི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱེད་པ་དང་གཞི་གཅིག་ཅན་དང་སྤུས་ཚད་མཐོ་བའི་གནད་འགག་གཉིས་དང་དམ་དུ་སྦྲེལ་ཏེ། གཞི་གཅིག་ཅན་འཕེལ་རྒྱས་འཆར་འགོད་བྱ་བ་བཟང་བོར་བསྒྲུབ་པ་དང་། ཤུགས་རྐྱེན་ཆེན་པོ་ཐེབས་པ་དང་སྣེ་ཁྲིད་ནུས་ཤུགས་ལྡན་པའི་འཕར་ཚད་འཛུགས་སྐྲུན་བྱེད་དགོས་ཟེར།
            ལིས་ཆང་དང་ཧི་ལིས་ཧྥིན་གཉིས་ཀ་གྲོས་ཚོགས་ལ་ཞུགས་པ་དང་། འབྲི་ཆུ་ཟུར་གསུམ་ཁུལ་ཁོངས་གཞི་གཅིག་ཅན་འཕེལ་རྒྱས་ཡར་སྐུལ་འགོ་ཁྲིད་ཚན་ཆུང་གི་ཁོངས་མི་དང་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་། དེ་མིན་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་གྲོས་ཚོགས་ལ་ཞུགས། 
རྩོམ་སྒྲིག་པ། སངས་སྐྱབས།
འབྲེལ་ཡོད་རྩོམ་ཡིག