ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ལྷ་སའི་“བདེ་སྐྱིད་བོད་ཁྱིམ་”གྱི་ཁྱད་ཆོས་ལྡན་པའི་དམངས་སྲོལ་རིག་གནས་གསར་གཏོད་ཉམས་ལེན་གྱི་བྱེད་སྒོར་ཚ་རླབས་སྔར་བཞིན་ཆེ།

2019-07-10 པདྨ་ཚེ་རིང་གིས་བསྒྱུར།
            ཟླ་7པའི་ཚེས་6ཉིན།  ལྷ་སའི་སྟོད་ལུང་བདེ་ཆེན་ཁུལ་གྱི་མི་རིགས་ཁྱད་ལྡན་རིག་གནས་གསར་གཏོད་ཉམས་ལེན་ཟླ་བའི་གཙོ་དོན་བྱེད་སྒོ་དེ་སྟོད་ལུང་བདེ་ཆེན་ཁུལ་གྱི་“བདེ་སྐྱིད་བོད་ཁྱིམ་”ནས་རྒྱུན་མར་སྤེལ་བ་རེད། རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་འགོ་ཁྲིད་ཀྱིས་སྔ་རྗེས་སུ་བདེ་སྐྱིད་བོད་ཁྱིམ་གྱི་ཡུལ་སྤོས་གནས་ཚང་སྤུས་ལེགས་དང་བདེ་སྐྱིད་བོད་ཁྱིམ་གྱི་གཉིས་གཏོད་རྟེན་གཞིར་ལྟ་སྐོར་བྱས་པ་དང་། ཁྱད་ཆོས་ལྡན་པའི་དམངས་སྲོལ་རིག་གནས་གསར་གཏོད་ཉམས་ལེན་ཁུལ་དུ་བསྐྱོད་དེ་ས་གནས་དེ་གའི་མངོན་མིན་རིག་གནས་ཤུལ་བཞག་གི་མགར་བ་དང་དེ་བཞིན་ཉམས་ལེན་དུ་ཡོང་མཁན་ཡུལ་སྐོར་བ་རྣམས་ལ་ཐུགས་བརྩེ་བའི་ངང་ནས་ཕན་ཚུན་བསམ་ཚུལ་བརྗེརེས་བྱས་པ་རེད།
            བྱེད་སྒོའི་ཡུལ་དངོས་སུ་ཐག་རིང་ནས་ཡོང་བའི་ཡུལ་སྐོར་བ་ཚང་མས་སྲོལ་རྒྱུན་གྱི་དམངས་སྲོལ་ཁྲོད་ནས་བྲོ་བ་གསར་རྐྱང་ཞིག་དང་མྱོང་ཚོར་ཟབ་མོ་ཞིག་བྱུང་ཡོད། དཀྲུག་ཇའི་ཉམས་ལེན་ཁུལ་དེ་སྔ་མོ་ནས་སུའུ་ཀྲིག་ནས་ཡོང་བའི་གྲོགས་པོ་ཆུང་ཆུང་སྐོར་ཞིག་གིས་བསྐོར་ནས་ཡོད་ཅིང་། ཁོང་ཚོས་དགེ་རྒན་གྱི་རྗེས་སུ་འབྲངས་ཏེ་མཉམ་དུ་དཀྲུག་ཇ་བསྐོལ་བ་དང་ཤིང་ཟོ་དཀྲུག་ནས་རང་གིས་དཀྲུག་ཇ་སྐོལ་ཚུལ་སློབ་སྦྱོང་བྱས་པ་མ་ཟད། དགེ་རྒན་གྱིས་དཀྲུག་ཇའི་སྐོར་གྱི་གཏམ་རྒྱུད་གསུངས་པ་ལ་ཉན། འདི་ནི་ཁོང་ཚོར་མཚོན་ན་ད་ཐེངས་ཀྱི་ཡུལ་སྐོར་ཁྲོད་དོན་སྙིང་ཆེན་པོ་ལྡན་པའི་ཉམས་ལེན་ཞིག་རེད།
            བོད་ལྗོངས་ཀྱི་རྩོམ་རིག་དཔེ་ཀློག་མཉམ་སྤྱོད་ཚོགས་འདུའི་ཐོག་སྐུ་མགྲོན་ཧ་ཅང་མང་པོ་ཡོད། བོད་ལྗོངས་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའམ་རྒྱལ་ཡོངས་སུ་མིང་དུ་གྲགས་པའི་བོད་ཡུལ་གྱི་རྩོམ་པ་པོ་ཀྲང་ཡུས་ཆན་གྱིས་བརྩམས་སྒྲུང་ཇི་ལྟར་གསར་རྩོམ་བྱེད་པའི་ཐད་ནས་གཙོ་དོན་མཉམ་སྤྱོད་བྱས་པ་དང་། བོད་ལྗོངས་ཀྱི་རྩོམ་རིག་ལ་དགའ་པོ་ཡོད་མཁན་མང་པོ་ཞིག་གི་ཡིད་དབང་ཅིག་ཅར་དུ་འཕྲོགས།  མཉམ་སྤྱོད་ཚོགས་འདུའི་ཐོག་ཀྲང་ཡུས་ཆན་གྱིས་བོད་ལྗོངས་སུ་ཕྱིན་ནས་ཡུལ་སྲོལ་གོམས་གཤིས་ཤེས་རྟོགས་དང་།  གསར་རྩོམ་བརྒྱུད་རིམ་ཁྲོད་ཀྱི་གཏམ་རྒྱུད། དེ་མིན་རང་ཉིད་ཀྱི་མྱོང་ཚོར་བཅས་ཚོགས་ཞུགས་པ་ཡོངས་ལ་བསམ་ཚུལ་བརྗེ་རེས་བྱས་ཏེ་བོད་ལྗོངས་ཀྱི་རྩོམ་རིག་སྙིང་སྟོབས་ཀྱི་གསོལ་སྟོན་རྒྱ་ཆེར་བཤམས།
            ད་དུང་བོད་ཡིག་ཡིག་གཟུགས་ཉམས་ལེན་དང་བོད་ཀྱི་འབག་བཟོའི་ཉམས་ལེན།  བོད་ཟས་གསར་བའི་ཉམས་ལེན། མེ་ཕུང་སྐོར་བྲོ་ཉམས་ལེན་སོགས་སྣ་མང་ཕུན་སུམ་ཚོགས་པའི་དམངས་སྲོལ་ཉམས་ལེན་གྱི་བྱེད་སྒོ་རྣམས་ཀྱིས་རྒྱ་ཆེའི་བོད་སྐྱོད་ཡུལ་སྐོར་བ་དང་། ལྷ་སའི་གྲོང་མི། བོད་ལྗོངས་ཀྱི་རིག་གནས་ཡུལ་སྐོར་ལས་རིགས་ཀྱི་ལས་གཉེར་མི་སྣ་སོགས་ཀྱི་ཡིད་དབང་བཀུགས་ཡོད་པ་རེད། བྱེད་སྒོ་དེས་རྒྱ་ཆེའི་ཡུལ་སྐོར་བ་དང་གྲོང་མི་ཚོར་དངོས་སུ་ཉམས་ལེན་བྱས་ནས་བོད་ལྗོངས་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་མཛེས་པ་སེམས་ཀྱིས་ཚོར་ཞིང་། མ་སྐུལ་དང་ལེན་གྱིས་བོད་ལྗོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་ཁྱབ་གདལ་གཏོང་མཁན་དུ་གྱུར་པས།  ས་ཁོངས་དཔལ་འབྱོར་གོང་འཕེལ་ཡོང་བར་སྐུལ་ཁྲིད་ཐུབ་པ་མ་ཟད། ས་གནས་དེ་གའི་གནད་སྨིན་དབུལ་སྒྲོལ་གྱི་བྱ་གཞག་ལའང་རམ་འདེགས་བྱས་ཡོད།
            རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་བྱེད་སྒོའི་དམིགས་ཡུལ་ནི་སྟོད་ལུང་བདེ་ཆེན་ཁུལ་གྱི་“ཞང་ཞུང་མེ་ཏོག་”གི་སྐྱེ་ཁམས་ཡུལ་སྐོར་རིག་གནས་ཐོན་ལས་གླིང་དུ་“སྤྱི་ཚོགས་རིག་གནས་ཀྱི་ནང་སྙིང་”ཞེས་པའི་ཡུལ་སྐོར་ཟོང་རྟགས་སྤུས་ལེགས་ཀྱི་སྣང་བརྙན་སྔར་བས་གོམ་གང་མདུན་སྤོས་སྒོས་ལེགས་པར་བཞེངས་པ་དང་། ཟོང་རྟགས་སྤུས་ལེགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་བ། འགྲུལ་ཁུངས་ཁྲོམ་ར་སྔར་བས་རྒྱ་ཆེར་གཏོང་བ་བཅས་བྱས་ནས། རྒྱ་ཆེའི་ཡུལ་སྐོར་བ་སྟོད་ལུང་བདེ་ཆེན་ཁུལ་དུ་ཡུལ་སྐོར་ཉམས་ལེན་བྱེད་པར་ཡོང་རྒྱུར་སེམས་འགུག་རྒྱུ་དེ་རེད། བྱེད་སྒོ་དེས་ས་གནས་དེ་གའི་མི་རིགས་ཀྱི་ཁྱད་ལྡན་རིག་གནས་གསར་གཏོད་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་བརྒྱུད། ཐོན་ལས་གྲུབ་ཆ་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་། ས་གནས་དེ་གའི་མང་ཚོགས་ཀྱི་ལས་ཞུགས་ལས་གཏོད་ལ་སྐུད་ཁྲིད་བྱེད་པ། དབུལ་ཕོངས་མང་ཚོགས་ཀྱིས་རང་ངོས་ཀྱི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ནས་ས་གནས་དེ་གའི་མང་ཚོགས་དབུལ་སྒྲོལ་སྲ་བརྟན་དང་རྒྱུན་མཐུད་འཕེལ་རྒྱས་ཡོང་བ་མངོན་འགྱུར་བྱས་པ་རེད།
འབྲེལ་ཡོད་རྩོམ་ཡིག