ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཝུའུ་དབྱིང་ཅེས་སྤོ་བོ་རྫོང་ཁྲབ་རྨོག་ལྟེ་བའི་རྫོང་ཨུད་ཀྱི་ཐོག་ཁང་དམར་པོར་གཟིགས་སྐོར་གནང་སྐབས་བཀའ་སློབ་གལ་ཆེན་གནང་བ།

2019-07-15
             ཟླ་7ཚེས་11ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་ཁྲབ་རྨོག་གྲོང་རྡལ་བག་ཆུང་གྲོང་ཚོར་ཕེབས་ནས་ཁོང་གི་འབྲེལ་གཏུག་དུད་ཚང་དང་གྲོང་ཚོའི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་ཞིང་། འདི་ནི་ཝུའུ་དབྱིང་ཅེས་པད་མ་ཚེ་རིང(གཡོན་གྱི་གཉིས་པ)གི་ཁྱིམ་དུ་ཚང་མ་དང་བྱམས་བརྩེའི་ངང་གླེང་མོལ་གནང་བཞིན་པ།
             ཚེས་11ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཆེད་མངགས་སྤོ་བོ་རྫོང་ཁྲབ་རྨོག་ལྟེ་བའི་རྫོང་ཨུད་ཀྱི་ཐོག་ཁང་དམར་པོར་ཕེབས་ནས་གསར་བརྗེའི་ལོ་རྒྱུས་ཀྱི་སློབ་གསོ་དང་ལེན་གནང་བ་དང་གསར་བརྗེའི་སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུས་ཤིང་། ཁོང་གིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་འཆང་རྒྱུའི”སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ། གསར་བརྗེའི་སྤྱོད་བཟང་རྒྱུན་འཛིན་དང་གསར་བརྗེའི་སྙིང་སྟོབས་དར་སྤེལ་གཏོང་བ། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”ལ་དུས་རབས་ཀྱི་ནང་དོན་གསར་པ་སྣོན་པ། དུས་རབས་གསར་པར་ཏང་རང་ངོས་ཀྱི་གསར་བརྗེ་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་གཏོང་བ། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་འགྲོ་ལམ་བཅས་ཀྱི་ཐོག་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་པ། སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་དང་ལས་འགན་སྔར་ལས་ལེགས་པའི་ངང་འཁུར་བ་བཅས་བྱས་ནས་བོད་ལྗོངས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་དགོས་པའི་ནན་བཤད་གནང་བ་རེད།
             རང་སྐྱོང་ལྗོངས་ཀྱི་རྒྱལ་སྲུང་སློབ་གསོའི་རྟེན་གཞི་ཞིག་ཡིན་པའི་ཆ་ནས་སྤོ་བོ་རྫོང་ཁྲབ་རྨོག་ལྟེ་བའི་རྫོང་ཨུད་ཀྱི་ཐོག་ཁང་དམར་པོའི་ནང་དཔེ་དེབ་དང་བློ་མཐུན་རྒན་གྲས་ཀྱི་ལག་བྲིས་ཟིན་དེབ་8དང་། དངོས་རྫས་ཁག་50ལྷག་ཙམ། པར་རྙིང་པ་800ལྷག་ཙམ་བཅས་བསྡུ་རུབ་བྱས་ཡོད་པ་མ་ཟད། ད་དུང་དགའ་སྐྱོ་གཉིས་ལྡན་གྱི་གསར་བརྗེའི་ལོ་རྒྱུས་དང་བྱས་རྗེས་མང་པོ་མངོན་པར་བྱས་ནས་མི་རིགས་ཁག་གི་ཏང་ཡོན་ལས་བྱེད་པ་ཚོས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་ལས་སྒྲུབ་ལས་གཏོད་ཀྱི་སྤྲོ་སེམས་འཕེལ་ཆེད་བསམ་པའི་སྒུལ་ཤུགས་ཆེན་པོ་མཁོ་འདོན་བྱས་ཡོད། ཝུའུ་དབྱིང་ཅེ་དང་བཅས་པས་ཆར་རྡུང་ལ་མི་འཛེམས་པར་ཐོག་ཁང་དམར་པོར་གཟིགས་སྐོར་གནང་བ་རེད། ཐོག་ཁང་དམར་པོའི་ནང་སྐྱོད་སྐབས། གསར་བརྗེའི་དངོས་རྫས་རེ་རེ་དང་། གསར་བརྗེའི་སྔོན་གཤེགས་དཔའ་བོའི་སྐུ་པར་རེ་རེ། ཡིག་རིས་ཀྱི་ལོ་རྒྱུས་དཔྱད་གཞི་དུམ་བུ་མང་པོ་བཅས་ཀྱི་ཐོག་ཟིལ་རླབས་དགུང་འཕྱུར་གྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་དང་། དཔའ་བོའི་ལོ་རྒྱུས་སྙན་ངག་ལྟར་གྱི་གུང་ཁྲན་ཏང་མིའི་བྱས་རྗེས་རླབས་པོ་ཆེ། དམག་དམངས་དང་དམག་སྲིད་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་མི་སེམས་འགུལ་བའི་ལོ་རྒྱུས་ངོ་མ་བཅས་བཀོད་ཡོད། ཝུའུ་དབྱིང་ཅེ་སོགས་དལ་བུར་ཕེབས་བཞིན་འགྲེལ་བཤད་ནན་ཏན་ངང་གསན་པ་དང་སྐབས་སྐབས་སུ་དེ་དག་ལ་ཡང་ཡང་གཟིགས་ནས་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་མྱོང་ཚོར་ཏན་ཏིག་གནང་ཡོད་ལ། མདུན་སྐྱོད་ཀྱི་སྟོབས་ཤུགས་ཀྱང་དང་ལེན་གནང་བ་རེད།
             ཝུའུ་དབྱིང་ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ང་ཚོ་ལམ་ཐག་རིང་པོ་ཇི་ཙམ་སླེབས་ནས། ཡོང་སའི་ལམ་མ་བརྗེད་པ་བྱེད་དགོས” “ས་མཐོར་ལས་ཀ་བྱེད་སྐབས་དཀོན་ཤོས་ནི་གསོ་རླུང་དང་། རྩ་ཆེ་ཤོས་ནི་སྙིང་སྟོབས་རེད”ཅེས་ཐེངས་མང་གསུངས་མྱོང་། དེ་རིང་ང་ཚོས་ཐོག་ཁང་དམར་པོར་ལྟ་སྐོར་བྱེད་པའི་དམིགས་ཡུལ་ནི། གསར་བརྗེའི་སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུས་ནས་དད་མོས་ཀྱི་སྟོབས་ཤུགས་དང་དད་སེམས་ཀྱི་སྟོབས་ཤུགས་ཆེན་པོ་བླངས་ཏེ་དེ་བས་རང་རྟོགས་ངང་ཐོག་མའི་བསམ་འདུན་བརྟན་སྲུང་དང་བློ་ཁོག་ཆེན་པོས་འགན་འཁྲི་འཁུར་རྒྱུ་དེ་རེད་ཅེས་གསུངས་པ་རེད།
             ཝུའུ་དབྱིང་ཅེས་ཕུགས་བསམ་དང་དད་སེམས་བརྟན་དུ་བཏང་ནས་ཕུགས་བསམ་དོན་གཉེར་ཐད་ཀྱི་ཆབ་སྲིད་ཀྱི་ངེས་ཤུགས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས། གསར་བརྗེའི་སྲོལ་རྒྱུན་རྒྱུན་འཛིན་གྱིས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”དར་སྤེལ་ཤུགས་ཆེན་བཏང་སྟེ་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་འགན་འཁྲི་འཁུར་བ་དང་བྱ་སྤྱོད་སྤེལ་བ་དང་དཀའ་སྤྱད་འབད་འཐབ་བྱེད་རྒྱུར་སྐུལ་ལྕག་བྱས་ནས་བོད་ཀྱི་བྱ་གཞག་ཁག་ཏན་ཏན་ཏིག་ཏིག་ངང་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས། ཏང་གི་དམིགས་ཡུལ་ལག་ལེན་བསྟར་ནས་མང་ཚོགས་ཀྱི་ལངས་ཕྱོགས་བརྟན་པོ་སྲུང་བ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ། མང་ཚོགས་ཀྱི་དོན་དག་རང་ཉིད་ཀྱི་དོན་དག་ལ་བརྩི་བ། བརྩེ་སེམས་འཆང་བཞིན་དོན་དག་ཚང་མ་དོན་འཁྱོལ་ཞིབ་ཚགས་དང་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་དང་བདེ་འཇགས་ཚོར་སེམས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། དོན་གཉེར་གྱི་སྤྱོད་ཚུལ་རྒྱུན་འཁྱོངས་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། ལས་ཀའི་སྤྲོ་སེམས་ཆེན་པོ་དང་། བསམ་པའི་ཉམས་འགྱུར་བཟང་པོ། ལས་ཀའི་སྤྱོད་ཚུལ་ཏན་ཏིག་བཅས་ལ་བརྟེན་ནས་བྱ་གཞག་ཁག་ལ་འཕེལ་རྒྱས་གསར་པ་ཡོང་བ་དང་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་རྒྱུན་ཆད་མེད་པར་གཏོང་དགོས།
             གསར་བརྗེའི་རྗེས་ཤུལ་སྔར་ལས་ལྷག་པའི་ངང་མྱུར་སྐྱོབ་དང་། སྔོག་འདོན། བེད་སྤྱོད་བཅས་ཡག་པོ་བྱས་ནས་ཏང་ཡོན་ལས་བྱེད་པ་དང་གཞོན་ནུ་ལོ་ཆུང་ལ་གསར་བརྗེའི་སྲོལ་རྒྱུན་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་གཏོང་བར་ཤུགས་སྣོན་བརྒྱབ་སྟེ་གསར་བརྗེའི་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་ནས། ང་ཚོས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་པའི་བོད་ཀྱི་ལེའུ་རྩོམ་པར་སྐུལ་འདེད་གཏོང་བའི་ཤུགས་ཆེའི་སྒུལ་ཤུགས་སུ་འགྱུར་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
             ལྗོངས་ཏང་ཨུད་ཀྱི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་བཀོད་སྒྲིག་གཞིར་བཟུང་། ཝུའུ་དབྱིང་ཅེས་ཁྲབ་རྨོག་གྲོང་རྡལ་བག་ཆུང་གྲོང་ཚོར་ཕེབས་ནས་ཁོང་གི་འབྲེལ་གཏུག་དུད་ཚང་དང་གྲོང་ཚོའི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་འབྲེལ་འཚམས་འདྲི་གནང་ནས་ཚང་མ་དང་མཉམ་དུ་ཅི་འཕྲོས་མོལ་འཕྲོས་གནང་བ་དང་ཆབས་ཅིག “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཐད་ཀྱི་ཁོང་ཚོའི་བསམ་འཆར་དང་གྲོས་འགོ་གསན་པ་རེད། པད་མ་ཚེ་རིང་དང་། བསམ་གཏན་ཡེ་ཤེས། ཉི་མ་སོགས་ཀྱིས་རེས་མོས་གཏམ་བཤད་སྤེལ་ནས་ཁྱིམ་གྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་གླེང་སྟེ་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གིས་བྱམས་བརྩེའི་ཐུགས་ཁུར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་། ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོ་དང་རིམ་ཁག་ཏང་ཡོན་ལས་བྱེད་པས་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་ནས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་མཚོན་པར་བྱས་པ་རེད། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་པད་མ་བསོད་ནམས་ཀྱིས“འཚོ་བའི་ཆ་རྐྱེན་ལེགས་སུ་ཤུཌ་ཆེན་ཕྱིན་པ་ལས་ཡུལ་མི་ཚོའི་ཏང་གི་དྲིན་ཚོར་བསམ་པ་དེ་བས་ཟབ་ཏུ་ཕྱིན་ནས་ཚང་མས“སྒུག་རྟེན་སློང”གསུམ་གྱི་བསམ་བློ་དོར་ཏེ་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་ཡོད”ཅེས་བརྗོད་པ་དང་། པད་མ་ཚེ་རིང་གི་དེ་སྔའི་སེམས་ཁྲལ་དག་མེད་པར་གྱུར་ནས་བཟའ་ཟླ་དང་མཉམ་དུ་ཁྱིམ་གྱི་ཡོང་འབབ་རྩིས་རྒྱག་བཞིན་འབྱུང་འགྱུར་གྱི་བདེ་སྐྱིད་འཚོ་བར་རེ་བས་ཁེངས་བཞིན་དུ“རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་ཐུགས་ཁུར་དང་ཁྱིམ་མཚེས་གཡས་གཡོན་གྱི་རོགས་རམ་འོག་ཁྱིམ་གྱི་འཚོ་བ་ཇེ་ལེགས་སུ་ཕྱིན་སོང་ལ། བུ་དོན་གྲུབ་རྡོ་རྗེའི་སློབ་སྦྱོང་གི་སྦྱངས་འབྲས་ཀྱང་ཡག་ཏུ་ཕྱིན་སོང”ཞེས་བརྗོད་པ་རེད། དེ་དག་གསན་རྗེས། ཝུའུ་དབྱིང་ཅེ་དགྱེས་ཚོར་ཆེན་པོ་བྱུང་ཞིང་། ཁོང་གིས་གྲོང་ཚོའི་ལས་བྱེད་པ་དང་ཕྱུག་འགྱུར་སྣེ་ཁྲིད་པས་ཏང་གི་དམིགས་ཡུལ་བློ་ལ་བརྟན་པོར་བཅངས་ནས་ཁྱིམ་མཚེས་ལ་རོགས་རམ་བྱེད་པ་དང་། དུད་ཚད་དབུལ་པོར་སེམས་ཁུར་བྱེད་པ། སྔོན་ལ་ཕྱུག་པོ་ཆགས་མཁན་གྱིས་རྗེས་ལ་ཕྱུག་པོ་ཆགས་མཁན་ལ་རོགས་རམ་བྱེད་པ་བཅས་བྱས་ནས་གྲོང་ཚོའི་མི་རིགས་ཁག་གི་མང་ཚོགས་ཀྱི་སྣེ་ཁྲིད་དེ་དཀའ་སྤྱད་ངལ་རྩོལ་ལ་བརྟེན་ནས་ཐུན་མོང་ཐོག་འབྱོར་ཕྱུག་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱེད་དགོས་པའི་སྐུལ་ལྕག་གནང་བ་རེད། ཝུའུ་དབྱིང་ཅེས་མང་ཚོགས་ཕྱུག་པོ་ཆགས་དགོས་ན་འགག་རྩ་ནི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་རེད། རང་བྱུང་ཐོན་ཁུངས་དང་ཡུལ་བབ་ཀྱི་ལེགས་ཆར་བརྟེན་ནས་བསམ་བློར་བཅིངས་འགྲོལ་བཏང་སྟེ་འདུ་ཤེས་སྒྱུར་བ་དང་། དམིགས་ཚད་ལ་གཞིགས་ནས་སྔོན་སླ་རྗེས་དཀའ་བྱེད་པ། མཐོ་ས་ནས་ཇུས་འགོད་བྱས་ཏེ་ཞིབ་ཚགས་ཅན་གྱི་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སྟོབས་ཤུགས་གཅིག་སྒྲིལ་གྱིས་ཡུལ་སྐོར་རིག་གནས་དང་ནགས་ཁྲོད་ཐོན་ཁུངས་སོགས་ཀྱི་ལེགས་ཆའི་ཐོན་ལས་རྒྱ་སྟོབས་ཆེ་རུ་དང་ལེགས་སུ་གཏོང་དགོས། ཞན་ཆ་གསབ་ནས་ལུགས་མཐུན་དང་ཚན་རིག་དང་མཐུན་པའི་ངང་འཆར་འགོད་བྱེད་པ་དང་། མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་རྒྱ་སྟོབས་ཆེ་རུ་གཏོང་བ། མང་ཚོགས་ལ་དཔྱོད་ཤེས་ཀྱི་སྒོ་ནས་མ་འཇོག་བྱེད་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་པ། རྒྱ་ཆེའི་མང་ཚོགས་ཐག་ཉེ་ས་དང་སྟབས་བདེ་སར་ཐོན་ལས་འཕེལ་རྒྱས་ནང་ཞུགས་པ། འབབ་འཕར་ཕྱུག་འགྱུར་གྱིས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པ་བཅས་བྱེད་དགོས། “ཐོག་མའི་བསམ་འདུན་སྲུང་བ་དང་། འགན་འཁྲི་ཁུར་བ། ཧེ་བག་འཚོལ་བ། དོན་འཁྱོལ་ལ་དམ་འཛིན”བཅས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་སྤེལ་ནས་གཞི་རིམ་ཏང་རྩ་འཛུགས་སྔར་བས་འཛུགས་སྐྱོང་སྟོབས་ཆེན་བྱེད་པ་དང་། ཏང་དང་མི་དམངས་དབར་གྱི་ཤ་རུས་འདྲེས་པ་ལྟ་བུའི་འབྲེལ་བ་སྔར་བས་ཟབ་ཏུ་གཏོང་བ། ལས་དོན་ཁག་ལ་འཕེལ་རྒྱས་གསར་པ་ཡོད་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འགྱུར་ལྡོག་གསར་པ་ཡོད་པ། མང་ཚོགས་ཀྱིས་ཏང་ཡོན་གྱི་འགྱུར་ལྡོག་གསར་པ་དང་ཏང་སྲོལ་གྱི་འགྱུར་ལྡོག་གསར་པ་མཐོང་བ་བྱེད་པ་བཅས་བྱས་ཏེ། ཏང་དང་མི་དམངས་བློ་ཡིད་ཚིམ་པའི་གྲུབ་འབྲས་ཐོབ་པའི་འགན་ལེན་བྱེད་པ་དང་བྱ་གཞག་ཁག་འཕེལ་རྒྱས་ཡོང་ཆེད་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
རྩོམ་སྒྲིག་པ། སངས་སྐྱབས།
འབྲེལ་ཡོད་རྩོམ་ཡིག