ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

བོད་རང་སྐྱོང་ལྗོངས་ཀྱིས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་དང་ཀྲུང་དབྱང་ཁེ་ལས་ཀྱི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣར་དགའ་བསུ་དང་དགའ་སྐྱེལ་ཞུ་བའི་ཚོགས་ཆེན་འཚོགས་པ།

2019-08-01
            ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་བསུ་བ་ཞུ་བ་དང་། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུ་འགག་རྩའི་དུས་སུ་སླེབས་ཉེར་ཡོད་པ་བཅས་ཀྱི་མཚམས་དེར། ཚེས་30ཉིན་གྱི་སྔ་དྲོ། རང་ལྗོངས་ཀྱིས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་དང་ཀྲུང་དབྱང་ཁེ་ལས་ཀྱི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣར་དགའ་བསུ་དང་དགའ་སྐྱེལ་ཞུ་བའི་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་ནས་ཁག་དགུ་པའི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་། བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་མཁན་ཁག་བརྒྱད་པའི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣར་བླ་ན་མེད་པའི་གུས་འདུད་ཞུས་པ། དུས་ཡུན་རིང་པོའི་ནང་བོད་ཀྱི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་རོགས་རམ་ཤུགས་ཆེན་བྱེད་མཁན་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་། ཀྲུང་དབྱང་གི་རྒྱལ་ཁབ་ལས་ཁུངས། ཀྲུང་དབྱང་ཁེ་ལས་བཅས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།
             རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན། ཀྲུང་དབྱང་རྩ་འཛུགས་པུའི་པུའུ་ལས་དོན་ཨུ་ཡོན་ལས་བྱེད་པ་ཅུས་དང་པོའི་ཅུས་ཀྲང་ལི་ཞའོ་ཤིན་བཅས་ཚོགས་འདུར་ཞུགས་པ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་གྱིས་གསུང་བཤད་གནང་བ་རེད།
             ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ནོར་བུ་དོན་གྲུབ་ཚོགས་འདུར་ཕེབས་པ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཁྲེན་ཡུང་ཆི་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
             ཚོགས་འདུའི་ཐོག་བསྟན་དོན། ཏང་ཀྲུང་དབྱང་གིས་སྔར་ནས་བཟུང་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་བོད་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་བོད་ཀྱི་བརྟན་ལྷིང་ལ་སྐུལ་འདེད་གཏོང་རྒྱུ་དེ་སྔ་ཕྱི་བར་གསུམ་དུ་ཡུན་རིང་གི་བྱེད་ཕྱོགས་ཤིག་ཏུ་བརྩིས་ནས་ལོ་རྒྱུས་ཀྱི་དུས་མཚམས་ཁག་ནང་བོད་ལ་དམིགས་བསལ་གྱི་ཐུགས་ཁུར་དང་བྱམས་སྐྱོང་གནང་ཡོད།
             ལྷག་པར་དུ་ཁ་གཏད་བོད་སྐྱོར་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་གལ་ཆེན་ནི་རང་རྒྱལ་གྱི་རྒྱལ་ཁབ་གནས་ཚུལ་དང་རྦད་དེ་མཐུན་ཡོད་ལ། བོད་རང་སྐྱོང་ལྗོངས་ཀྱི་གནས་ཚུལ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་ཡང་རྦད་དེ་མཐུན་ཡོད་པས། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་དང། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་འགྲན་མེད་ཁྱད་འཕགས་རང་བཞིན། མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད། ཀྲུང་ཧྭ་མི་རིགས་ལྟ་རེས་སྐྱོང་རེས་དང་སྤུན་ཉེ་འཆམ་མཐུན་གྱི་བརྩེ་དུང་ཟབ་མོ་བཅས་གང་ལེགས་མངོན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་རབ་དང་རིམ་པས་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་བཀའ་དྲིན་ཚོར་བཞིན་དུ་དུས་རབས་གསར་པར་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་དང་བློ་སེམས་གཅིག་མཐུན་གྱིས་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་པའི་ཡིད་ཆེས་དང་ངར་ཤུགས་ལ་སྐུལ་མ་ཐེབས་པ་དེ་ནི་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་བྱ་གཞག་ཁག་རྒྱུན་ཆད་མེད་པར་མདུན་དུ་སྐྱོད་པར་སྐུལ་འདེད་གཏོང་བའི་རྩ་བའི་གཞི་འཛིན་ས་དང་སྒུལ་ཤུགས་ཆེན་པོ་ཞིག་རེད།
             ཚོགས་འདུའི་ཐོག་བསྟན་དོན། ཁག་བརྒྱད་པའི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་ནི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་ལས་བྱེད་པར་དོ་དམ་ནན་པོ་བྱེད་པའི་དུས་བབ་གསར་པའི་འོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་རིམ་མཚུངས་ལེགས་འདེམས་ཀྱི་བྱེད་ཐབས་སྤྱད་དེ་བོད་དུ་ལས་ཀ་བྱེད་པར་མངགས་པའི་ཁག་དང་པོ་དེ་རེད། ལོ་གསུམ་རིང་། ཁག་བརྒྱད་པའི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣས་འགན་འཁྲིར་ངོ་གནོངས་མི་དགོས་པ་དང་མངགས་བཅོལ་ཆུད་ཟོས་སུ་མ་བཏང་བར་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་བདེ་སྡུག་མཉམ་མྱོང་དང་དཔུང་པ་མཉམ་གཤིབ་ཀྱིས་འཐབ་འཛིང་དང་། བརྩེ་སེམས་ཟབ་མོས་ལེགས་སྐྱེས་ཕུལ་བ་དང་དངོས་སྒྲུབ་དཀའ་སྒྲུབ་བྱས་ནས་ཐོག་མཐའ་བར་གསུམ་དུ“འདུ་ཤེས་བཞི”བརྟན་པོར་འཛུགས་པ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་པ། ཐོག་མཐའ་བར་གསུམ་དུ་ལྷག་བསམ་རྣམ་དག་དང་། གཞུང་དྲང་། འགན་འཁུར་བཅས་ཐུབ་པ་བྱས་པ། ཐོག་མཐའ་བར་གསུམ་དུ་མི་རིགས་ས་ཁུལ་གྱི་ལས་བྱེད་པའི“དམིགས་བསལ་གསུམ”གྱི་བླང་བྱ་ལག་ལེན་བསྟར་ཏེ་དངོས་སྒྲུབ་འགན་འཁུར་གྱིས་བརྟན་ལྷིང་ལ་སྐུལ་འདེད་དང་འཕེལ་རྒྱས་ལ་རམ་འདེགས་བྱས་ནས་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། བརྩེ་སེམས་ཟབ་མོ་དང་བརྩེ་སེམས་དངོས་ལ་བརྟེན་ནས་དམངས་ཀྱི་དཀའ་ངལ་དང་དཀའ་གནད་བསལ་ཏེ་བོད་ཀྱི་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་ལ་ནུས་པ་གལ་ཆེན་བཏོན་ཡོད། བློས་གཏོང་གི་ལེགས་སྐྱེས་ལ་བརྟེན་ནས་ཐོག་མའི་བསམ་འདུན་དོན་གཉེར་དང་ལྷག་བསམ་རྣམ་དག་བྱས་ཏེ་དུས་རབས་གསར་པར་བློ་གཅིག་སེམས་གཅིག་གིས་ཏང་གི་དམིགས་ཡུལ་ལག་ལེན་བསྟར་བར་ནང་དོན་གསར་པ་བསྣན་ནས་ཁ་གཏད་བོད་སྐྱོར་གྱི་ལས་རྗེས་གསར་པ་བཏོད་པ་དང་། བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་ལ་སྐུལ་འདེད་གཏོང་བར་རྣམ་པ་གསར་པ་བཏོད་ཡོད། བློ་མཐུན་རྣམ་པ་ནང་སར་ལོག་རྗེས་ལས་གནས་གསར་པའི་ཐོག་ལས་རྗེས་གསར་པ་གཏོད་པ་དང་ཆབས་ཅིག སྔར་རྒྱུན་བཞིན་བོད་ཀྱི་སྒྱུར་བཅོས་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་སེམས་ཁུར་བྱེད་པའི་རེ་བ་ཡོད།
             ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་བོད་སྐྱོར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་ཤེས་ལྡན་མི་སྣའི་ཐོན་ཁུངས་རྩ་ཆེན་ཞིག་ཏུ་བརྩིས་ནས་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པ་དང་ཆབས་ཅིག་ཆབ་སྲིད་ཐད་ཡིད་ཆེས་གང་ལེགས་བྱེད་པ་དང་། ལས་དོན་ཐད་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ། འཚོ་བའི་ཐད་སེམས་རྩ་འཁོལ་པོས་སེམས་ཁུར་བྱེད་པ། དོ་དམ་ཐད་བླང་བྱ་ནན་པོ་འདོན་པ་བཅས་ཀྱིས་ཁོ་ཚོའི་ལེགས་ཆ་དང་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་བོད་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་ལ་སྐུལ་འདེད་གཏོང་བའི་ཐད་ཁོང་ཚོའི་བློ་གྲོས་དང་སྟོབས་ཤུགས་གཅིག་སྒྲིལ་གང་ཐུབ་བྱེད་དགོས། ཁག་དགུ་པའི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣས་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་ལས་དོན་ཡག་པོ་སྒྲུབ་པའི་འཇོན་ཐང་ཆེ་རུ་གཏོང་བ་དང་། གང་མགྱོགས་འབྲེལ་འདྲིས་ཡོང་བར་བྱས་ཏེ་ཆབ་སྲིད་ཀྱི་ཚོར་སྐྱེན་རང་བཞིན་དང་ཆབ་སྲིད་ཀྱི་དབྱེ་འབྱེད་ནུས་པ་ཆེ་རུ་གཏོང་བ། མིག་དཔེ་ཡག་པོ་བཏོན་ནས་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་གཟུགས་བརྙན་བཟང་པོ་གཏོད་པ་དང་སྲུང་སྐྱོང་ཡག་པོ་བྱེད་དགོས།
རྩོམ་སྒྲིག་པ། སངས་སྐྱབས།
འབྲེལ་ཡོད་རྩོམ་ཡིག