ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

2019ལོའི་དྲ་རྒྱའི་དབུལ་སྐྱོར་གྱི་ལག་ཐོགས་ཁ་པར་སྤྲོད་པའི་སྤྱི་ཕན་རྣམ་གྲངས་བོད་ལྗོངས་སུ་སྤེལ་འགོ་ཚུགས་པ།

2019-09-10
               ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཚེས7ཉིན་གྱི་སྔ་དྲོར2019ལོའི་དྲ་རྒྱའི་དབུལ་སྐྱོར་གྱི་ལག་ཐོགས་ཁ་པར་སྤྲོད་པའི་སྤྱི་ཕན་རྣམ་གྲངས་བོད་ལྗོངས་སུ་སྤེལ་འགོ་ཚུགས་པའི་མཛད་སྒོ་ལྷ་སར་འཚོགས་པ་རེད།
               ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་དང་ཀྲུང་དབྱང་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ཨུ་ལྷན་གཞུང་དོན་ཁང་དང་རྒྱལ་ཁབ་དྲ་འབྲེལ་ཆ་འཕྲིན་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་དབྱང་ཞའོ་ཝེ་ཡིས་ཤིས་ཚིག་སྒྲོན་པ་དང་ཀྲུང་གོ་དྲ་སྦྲེལ་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱི་ལས་འཛིན་དཔོན་མཱ་ལི་ཕེབས་པ་རེད།
               ཏིང་ཡེ་ཤན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཝུའུ་དབྱིང་ཅེ། ཀྲུའུ་རེན་བློ་བཟང་རྒྱལ་མཚན། ཀྲུའུ་ཞི་ཆེ་དགྲ་ལྷ་བཅས་ཀྱི་ཚབ་ཞུས་ཏེ་དུས་ཡུན་རིང་པོའི་ནང་བོད་ལ་རྒྱབ་སྐྱོར་དང་རོགས་རམ་ཤུགས་ཆེན་བྱེད་མཁན་ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་དང་། རྒྱལ་ཡོངས་དྲ་འཕྲིན་ཁོངས་གཏོགས། དྲ་སྦྲེལ་ཁེ་ལས་ལས་རིགས་བཅས་ལ་ལྷག་བསམ་ཟོལ་མེད་ངང་ཐུགས་རྗེ་ཆེ་ཞུས་པ་རེད།
               ཏིང་ཡེ་ཤན་གྱིས་2018ལོར་དྲ་རྒྱའི་དབུལ་སྐྱོར་གྱི་སྐད་གཉིས་ལག་ཐོགས་ཁ་པར་སྤྲོད་པའི་སྤྱི་ཕན་བྱེད་སྒོའི་ཡོངས་བསྒྲགས་ཚོགས་འདུ་དང་དྲ་རྒྱའི་དབུལ་སྐྱོར་ལས་དོན་སྐུལ་འདེད་ཚོགས་འདུ་གྲུབ་འབྲས་ཐོབ་པའི་ངང་འཚོགས་རྗེས། འདི་ལོ་མུ་མཐུད་རང་ལྗོངས་སུ་དྲ་རྒྱའི་དབུལ་སྐྱོར་ལག་ཐོགས་ཁ་པར་སྤྲོད་པའི་སྤྱི་ཕན་རྣམ་གྲངས་ལག་ལེན་བསྟར་ནས་བོད་དུ་ཕྱོགས་ཡོངས་ནས་དྲ་རྒྱའི་དབུལ་སྐྱོར་ལས་དོན་གཏིང་ཟབ་སྤེལ་ཆེད་གོ་སྐབས་གསར་པ་དང་ཆ་རྐྱེན་གསར་པ་གཏོད་རྒྱུ་ཡིན། ང་ཚོས་ངེས་པར་དུ་ཐོབ་དཀའ་བའི་གོ་སྐབས་ལ་གཅེས་སྤྲས་གང་ལེགས་བྱས་ཏེ་ལག་ཐོགས་ཁ་པར་སྤྲོད་པ་དང་སྤྱོད་པ་སོགས་ཀྱི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ནས། མང་ཚོགས་སྔར་བས་མང་བས་དྲ་སྦྲེལ་འཕེལ་རྒྱས་ཀྱི་ཕན་འབྲས་མཉམ་རོལ་ཐུབ་པ་བྱེད་དགོས། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ཁྲོད་ཀྱི་དྲ་སྦྲེལ་གྱི་མི་མངོན་པའི་སྟོབས་ཤུགས་སྔར་བས་སྔོག་འདོན་བྱས་ཏེ། ས་ཁུལ་དབུལ་པོ་དང་མང་ཚོགས་དབུལ་པོའི་ནང་སྐྱེས་སྒུལ་ཤུགས་ཆེ་རུ་ཤུགས་ཆེན་གཏོང་བ་དང་དྲ་རྒྱའི་དབུལ་སྐྱོར་བྱ་སྤྱོད་ལ་གྲུབ་འབྲས་གསར་པ་སྔར་བས་ཆེ་བ་ཐོབ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ནས། འདི་ལོའི་ལོ་མཇུག་ཏུ་གཞི་རྩའི་ཆར་དབུལ་པོ་དབུལ་རྐྱང་དབུལ་སྒྲོལ་ཐུབ་པའི་འགན་ལེན་བྱས་ཏེ། རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།
               དབྱང་ཞའོ་ཝེ་ཡིས་ལག་ཐོགས་ཁ་པར་སྤྲོད་པའི་སྤྱི་ཕན་རྣམ་གྲངས་ནི་དྲ་རྒྱར་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དོན་འཁྱོལ་བྱེད་པ་དང་མཐའ་སྐྱོང་བོད་བརྟན་ལ་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་བྱེད་ཐབས་ཤིག་རེད་ལ། བོད་འདི་ཉིད་དབུལ་སྒྲོལ་ཕྱུག་འགྱུར་བྱ་རྒྱུར་རོགས་སྐུལ་བྱེད་པ་དང་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་ཆེ་རུ་གཏོང་བའི་ཐབས་ལམ་ནུས་ལྡན་ཞིག་ཀྱང་རེད། འབྲེལ་ཡོད་སྡེ་ཚན་དང་ཁེ་ལས་ཀྱིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་། བོད་ལྗོངས་ཀྱི་དངོས་ཡོད་གནས་ཚུལ་ལ་གཞི་ཚུགས་ཏེ། ཤིན་ཏུ་དབུལ་པོ་དང་། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ། དམིགས་བསལ་གྱི་དབུལ་པོའི་ཚོགས་སྤྱི་བཅས་ལ་དམིགས་ནས“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཤུགས་ཆེན་བྱས་ཏེ་དམིགས་འབེན་མི་འགྱུར་བའི་འགན་ལེན་བྱེད་དགོས། དྲ་རྒྱའི་སྨྱན་སྦྱོར་གྱི་བརྒྱུད་གཏོང་ལེགས་ཆ་འདོན་སྤེལ་བྱས་ནས་གླེང་ཕྱོགས་ཀྱི་རྣམ་པ་ཡག་པོ་ཧུར་ཐག་གཏོད་པ་དང་ཐུན་མོང་ངོས་འཛིན་གཅིག་སྡུད་དང་སྟོབས་ཤུགས་གཅིག་ཏུ་འགྲིལ་ནས་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཀྱིས་ཐུན་མོང་ཐོག་དབུལ་སྒྲོལ་འགག་སྒྲོལ་ལ་རོགས་སྐུལ་བྱ་རྒྱུར་སྣེ་ཁྲིད་བྱེད་དགོས། ལས་ཀར་འགན་ཁུར་བའི་སྙིང་སྟོབས་ཐོག་ནས་དོན་འཁྱོལ་ལ་དམ་འཛིན་དང་འགག་སྒྲོལ་ལ་སྐུལ་འདེད་གཏོང་བའི་ལས་དོན་གྱི་སྟོན་ཕྱོགས་ཏན་ཏིག་འཛུགས་པ་དང་། མི་འབོར་དབུལ་པོར་དམིགས་ཏེ་གནད་སྨིན་རོགས་སྐྱོར་བྱེད་པ། ཆ་འཕྲིན་ཞབས་ཞུ་འཐུས་སྒོ་ཚང་དུ་གཏོང་བ། རྣམ་གྲངས་ཀྱི་ཕན་འབྲས་རྗེས་སྙེག་ལྟ་ཞིབ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་དངོས་ཕན་ཐོབ་གང་ཐུབ་བྱེད་དགོས་ཞེས་གསུངས་པ་རེད། 
རྩོམ་སྒྲིག་པ། སངས་སྐྱབས
འབྲེལ་ཡོད་རྩོམ་ཡིག