ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ལི་ཁེ་ཆང་གིས་ཕ་ཁི་སི་ཐན་གྱི་ཙུང་ལི་དབྱི་མུའུ་ལན་ཧན་དང་གྲོས་མོལ་མཛད།

2019-10-09
            ཟླ10བའི་ཚེས8ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཕ་ཁི་སི་ཐན་གྱི་ཙུང་ལི་དབྱི་མུའུ་ལན་ཧན་དང་གྲོས་མོལ་མཛད།
            ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ10བའི་ཚེས8ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཕ་ཁི་སི་ཐན་གྱི་ཙུང་ལི་དབྱི་མུའུ་ལན་ཧན་དང་གྲོས་མོལ་མཛད།
            ལི་ཁེ་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་ཕ་ཁི་སི་ཐན་ནི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོ་ཡིན་ལ།  ཕྱོགས་གཉིས་ཀྱིས་མཉམ་ལས་བྱས་པ་དེ་རྒྱལ་ཁབ་གཉིས་ཀྱི་ཁེ་ཕན་དང་མཐུན་པར་མ་ཟད་ས་གནས་ཀྱི་ཞི་བདེ་དང་བརྟན་འཇགས་ལའང་ཕན་པ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕ་ཁི་སི་ཐན་དཔལ་འབྱོར་ཐད་དཀའ་ཁག་ཆེ་བའི་དུས་སྐབས་ལས་ཐར་བ་ཤེས་རྗེས་ཧ་ཅང་དགའ་སྤྲོ་སྐྱེས་པ་མ་ཟད་མུ་མཐུད་དུ་ཕ་ཁི་སི་ཐན་ལ་རོགས་རམ་བྱེད་འདོད་ཡོད། ང་ཚོས་ཕ་ཁི་སི་ཐན་ཕྱོགས་དང་མཉམ་དུ་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་བསྣན་ཏེ་མུ་མཐུད་དུ་ཀྲུང་གོ་དང་ཕ་ཁི་སི་ཐན་བར་གྱི་དཔལ་འབྱོར་བར་ཁྱམས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གདཏོང་བ་དང་། རྨང་གཞིའི་སྒྲིག་ཆས་དང་དཔལ་འབྱོར་ཉོ་ཚོང་། ནོར་དངུལ། ཐོན་ནུས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་ཞིང་ནུས་ལྡན་བྱེད་ཐབས་སྤྱད་དེ་ཀྲུང་གོ་དང་ཕ་ཁི་སི་ཐན་བར་གྱི་ཉོ་ཚོང་དོ་མཉམ་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་ན་ཡོད་པའི་ཕ་ཁི་སི་ཐན་གྱི་དངུལ་གཏོང་སྒྲིག་གཞི་དང་མི་སྣའི་བདེ་འཇགས་སྲུང་སྐྱོབ་བྱས་ནས། ཕྱོགས་གཉིས་ཀྱིས་གཉིས་ཕན་མཉམ་རྒྱལ་དང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
            དབྱི་མུའུ་ལན་ཧན་གྱིས་བཤད་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་དང་རོགས་རམ་བྱས་པ་བརྒྱུད། མིག་སྔར་ཕ་ཁི་སི་ཐན་གྱི་དཔལ་འབྱོར་བརྟན་འཇགས་ཡིན་པར་མ་ཟད་རིམ་བཞིན་སླར་གསོ་བྱེད་བཞིན་ཡོད་པ་དེ་ལས་ཕ་ཁི་སི་ཐན་དང་ཀྲུང་གོའི་བར་ཁྱོན་ཡོངས་ཀྱི་མཛའ་བཤེས་ཟབ་མོ་ཆགས་ཡོད་པ་མཚོན་ཡོད། ཕ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་མྱུར་དུ་ལག་བསྟར་བྱེད་པ་དང་། ཀྲུང་གོ་དང་ཕ་ཁི་སི་ཐན་དཔལ་འབྱོར་བར་ཁྱམས་དང་བཀའ་ཏ་ཨར་གྲུ་ཁའི་འཛུགས་སྐྲུན་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད། ཀྲུང་གོའི་བར་གྱི་ཉོ་ཚོང་དངུལ་གཏོང་གཞི་ཁྱོན་རྒྱ་བསྐྱེད་པ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
            གྲོས་མོལ་མ་མཛད་པའི་སྔོན་ལ། ལི་ཁེ་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས་ཏེ། ཕ་ཁི་སི་ཐན་གྱི་ཙུང་ལི་དབྱི་མུའུ་ལན་ཧན་རང་རྒྱལ་ལ་བྱ་བའི་འཚམས་འདྲི་ཡོང་བར་བསུ་མ་བྱས། །
རྩོམ་སྒྲིག་པ། སངས་སྐྱབས།
འབྲེལ་ཡོད་རྩོམ་ཡིག