ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

2019ལོའི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་རྐང་འཁོར་མཐར་སོན་འགྲན་བསྡུར་སྐབས་གཉིས་པ་ལྷ་ས་གྲོང་ཁྱེར་དུ་མཇུག་འགྲིལ་བ།

2019-10-12
              ཟླ་10ཚེས་10ཉིན། 2019ལོའི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་རྐང་འཁོར་མཐར་ཟད་འགྲན་བསྡུར་སྐབས་གཉིས་པ་ལྷ་ས་གྲོང་ཁྱེར་དུ་མཇུག་འགྲིལ་བ་རེད། ད་ཐེངས་ཀྱི་རྐང་འཁོར་མཐར་སོན་འགྲན་བསྡུར་ནི་ཚེས་8ཉིན་ཉིང་ཁྲི་ནས་འགོ་ཚུགས་པ་དང་། ཉིང་ཁྲི་དང་། ལྷོ་ཁ། ལྷ་ས་བཅས་ལ་འགྲན་དུམ་གསུམ་ཕྱེ་ཡོད་པས་ལམ་བར་དུ་ཡུལ་ལྗོངས་ཧ་ཅང་མཛེས་པོ་ཡོད། ཀྲུང་གོ་དང་། ཡུག་རེན། ནེ་པ་ལ་སོགས་རྒྱལ་ཁབ་དང་ས་ཁུལ་ནས་ཡོང་བའི་རྐང་འཁོར་རུ་ཁག་28ཀྱི་བདམས་ཐོན་པ་ཁྱོན་119ཞུགས་ཡོད་པ་རེད།
འདི་ནི་ཚེས་10ཉིན་གྱི་སྔ་དྲོ། བདམས་ཐོན་པ་ཚོ་མཚན་སྙན་འཁོར་གཏོང་གི་མཐའ་ཚུགས་སུ་འབྱོར་བའི་གནས་ཚུལ་ཡིན་པ།
རྩོམ་སྒྲིག་པ། སངས་སྐྱབས།
འབྲེལ་ཡོད་རྩོམ་ཡིག