ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

བོད་ལྗོངས་རྫ་ཡུལ་དུ་དམག་མི་དང་ཞིང་བ་མང་ཚོགས་མཉམ་གཅིག་ཏུ་སྟོན་བསྡུའི་ལས་ལ་བྲེལ།

2019-10-12
ས་གནས་དེ་གའི་མང་ཚོགས་ཀྱིས་དམག་མིར་ཟོར་བ་སྤྱོད་སྟངས་ཁྲིད་བཞིན་པ། ཀྲང་ཀོས་ཀེན་གྱིས་པར་བླངས།
             ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  བོད་རང་སྐྱོང་ལྗོངས་རྫ་ཡུལ་རྫོང་རྫ་ཡུལ་སྨད་གྲོང་རྡལ་དུ། བཅིངས་འགྲོལ་དམག་བོད་སྡོད་དཔུང་སྡེ་ཞིག་གིས“བཅའ་སྡོད་བྱ་ཡུལ་ཕ་ཡུལ་དུ་བརྩི་བ་དང་། མང་ཚོགས་གཉེན་ཉེར་རྩིས”ནས། འགན་སྲུང་ལྔའི་དུད་ཚང་གི་མང་ཚོགས་ལ་འཚམས་འདྲི་དང་། གྲོང་མིར་འཚོ་བའི་དཀའ་ངལ་སེལ་རོགས། སྲིད་བཀུར་དམངས་གཅེས་བཅས་ལས་དོན་རྒྱུན་འཁྱོངས་བྱེད་ཀྱིན་ཡོད་པ་རེད། ཉེ་ཆར། ས་གནས་དེ་གའི་ལོ་ཏོག་སྨིན་པས། ལས་བྱེད་པ་དང་དམག་མིས་དུས་ཆེན་གྱི་ངལ་གསོའི་དུས་ཚོད་བེད་སྤྱོས་ཀྱིས་ཁག་བགོས་ཏེ་ས་དམར་གྲོང་ཚོར་བསྐྱོད་དེ་གྲོང་མིར་ལོ་ཏོག་བསྡུ་རོགས་བྱས་པ་ཏེ་མང་ཚོགས་ལ་གཅེས་སེམས་ཚོར་བར་བྱས། 
བཅིངས་འགྲོལ་དམག་མི་ལས་བྱེད་པ་དང་འཐབ་མོ་བ་དང་མང་ཚོགས་གིས་མཉམ་གཅིག་ཏུ་ལོ་ཏོག་འབྲེག་བཞིན་པ། ཀྲང་ཀོས་ཀེན་གྱིས་པར་བླངས།
རྩོམ་སྒྲིག་པ། སངས་སྐྱབས།
འབྲེལ་ཡོད་རྩོམ་ཡིག