ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཀུ་ཤུའི་སྤུས་ཀ་ལེགས་སུ་བཏང་བས་མི་སེར་ལ་ཕན་པ་ཐོབ་པ།

2019-11-04
             2014ལོར་བོད་རང་སྐྱོང་ལྗོངས་ཀྱིས་སི་ཁྲོན་ཞིང་ཆེན་དང་ཞིང་འབྲོག་ཚན་རྩལ་གྱི་འཐབ་ཇུས་མཉམ་ལས་གྲོས་མཐུན་བཞག་པ་དང་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་དང་སི་ཁྲོན་ཞིང་ཆེན་ཞིང་ལས་ཚན་རིག་ཁང་གི་མཉམ་ལས་དམ་ཟབ་འོག་བོད་ཀྱི་ཀུ་ཤུའི་ཐོན་ལས་ཀྱི་སྣ་ཁ་གསར་པ་དང་། ལག་རྩལ་གསར་པ། རྣམ་པ་གསར་པ་བཅས་ཀྱི་ཁྱབ་གདལ་བཀོལ་སྤྱོད་ལ་ཤུགས་སྣོན་བརྒྱབ་པ་རེད། ཀུ་ཤུ་ཚད་ལྡན་ཅན་གྱི་འདེབས་འཛུགས་ལས་ཉིང་ཁྲི་གྲོང་ཁྱེར་གྱི་ཀུ་ཤུའི་སྤུས་ཀ་ལེགས་སུ་ཕྱིན་ཡོད་ལ་ཞིང་པའི་འབབ་འཕར་ཕྱུག་འགྱུར་ལ་ཡང་ཐབས་ལམ་གསར་པ་ཞིག་བཏོད་ཡོད། འདི་ནི་ཉེ་ཆར་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ཆབ་ནག་ཤང་ལིན་པ་གྲོང་ཚོའི་གྲོང་མིས་ལྡུམ་རའི་ནང་ཀུ་ཤུ་འཐུ་བཞིན་པ།
རྩོམ་སྒྲིག་པ། སངས་སྐྱབས།
འབྲེལ་ཡོད་རྩོམ་ཡིག