ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ལི་ཁེ་ཆང་ཨེ་ཤ་ཡ་ཤར་མའི་མཐོ་རིམ་གྲོས་ཚོགས་སྐབས་བཅུ་བཞི་བར་ཞུགས།

2019-11-07
            ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་དེའི་ཟླ་བཅུ་གཅིག་པའི་ཚེས་བཞི་ཉིན་གྱི་ཕྱི་དྲོར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་ཨེ་ཤ་ཡ་ཤར་མའི་མཐོ་རིམ་གྲོས་ཚོགས་སྐབས་བཅུ་བཞི་བར་ཞུགས།
            ལི་ཁེ་ཆང་གིས་བསྟན་དོན།  ཨེ་ཤ་ཡ་ཤར་མའི་མཐོ་རིམ་གྲོས་ཚོགས་ཀྱིས་མགོ་ཁྲིད་མི་སྣས་སྣེ་ཁྲིད་བྱས་པའི་འཐབ་ཇུས་གླེང་སྟེགས་ཀྱི་གཏན་གནས་རྒྱུན་འཁྱོངས་བྱེད་པ་དང་།   ཨེ་ཤ་ཡ་ཤར་མའི་མནའ་འབྲེལ་གྱི་དཀྱིལ་སྙིང་གོ་གནས་རྒྱུན་འཁྱོངས་བྱེད་པ།  ཨེ་ཤ་ཡ་ཤར་མ་དང་ཨེ་ཤ་ཡ་གླིང་གཅིག་བསྡུས་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ད་ཡོད་ཀྱི་ཁུལ་ཁོངས་མཉམ་ལས་ལ་སྲུང་སྐྱོབ་བྱེད་དགོས་ཟེར།
            མཉམ་ལས་མཉམ་རྒྱལ་རྒྱུན་འཁྱོངས་བྱས་ཏེ་སྒོ་འབྱེད་རྣམ་པའི་འཛམ་གླིང་དཔལ་འབྱོར་མཉམ་དུ་འཛུགས་སྐྲུན་བྱེད་དགོས།   དངུལ་རྩའི་ཉམས་ཉེན་ལ་ཁ་གཏད་འཇལ་བའི་དཀའ་ངལ་མཉམ་སེལ་གྱི་སྙིང་སྟོབས་དར་སྤེལ་གཏོང་དགོས་པ་དང་།  མཉམ་ལས་ལ་ཤུགས་བསྣན་ནས་ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་ལ་སྲུང་སྐྱོབ་བྱེད་དགོས།
            འཕེལ་རྒྱས་སྔོན་དུ་འགྲོ་བ་རྒྱུན་འཁྱོངས་བྱས་ནས་མཉམ་དུ་དར་རྒྱས་གོང་འཕེལ་འགྲོ་བ་རྒྱུན་འཁྱོངས་བྱེད་དགོས།   གསར་གཏོད་སྒུལ་ཤུགས་སུ་བྱས་ཏེ་རིག་སྟོབས་གྲོང་ཁྱེར་དང་གྲངས་ཀའི་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ་འགྲན་རྩོད་ཡག་པོ་དང་སྒོ་འབྱེད་མཉམ་ལས་ཀྱི་གསར་གཏོད་ཁོར་ཡུག་བསྐྲུན་དགོས།
            སྲོལ་རྒྱུན་ལས་འདས་པའི་བདེ་འཇགས་མཉམ་ལས་རྒྱུན་འཁྱོངས་བྱས་ཏེ་ཐུན་མོང་འཕེལ་རྒྱས་ལ་སྲུང་སྐྱོབ་བྱེད་དགོས།   སྲོལ་རྒྱུན་ལས་འདས་པའི་བདེ་འཇགས་འགྲན་རྩོད་ལ་མཉམ་དུ་ཁ་གཏད་འཇལ་དགོས།  ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་ནས་ཐལ་སྤྱོད་རྩ་འཛུགས་ལ་རྒོལ་བའི་མཉམ་འབྲེལ་སྦྱོར་བརྡར་སྤེལ་རྒྱུ་ཡིན་པ་དང་།   མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་ཀྱིས་ཐའེ་ཀོ་ནས་སྤེལ་བའི་ས་འགུལ་མྱུར་སྐྱོབ་སྦྱོར་བརྡར་ལ་རོགས་སྐྱོར་བྱེད་རྒྱུ་ཡིན།
            ཚོགས་ཞུགས་མགོ་ཁྲིད་མི་སྣས་བསྟན་དོན།    གནས་བབ་གསར་པའི་འོག   ཕྱོགས་སོ་སོས་ཕན་ཚུན་ཡིད་རྟོན་ཇེ་དྲག་ཏུ་གཏོང་དགོས་པ་དང་མཉམ་ལས་རྒྱ་བསྐྱེད་དེ་འཛམ་གླིང་ཧྲིལ་བོའི་འགྲན་རྩོད་ལ་མཉམ་དུ་ཁ་གཏད་དགོས་པའི་ཚུལ་བསྟན།
            གྲོས་ཚོགས་སྟེང་རྒྱུན་མཐུད་འཕེལ་རྒྱས་གྲོགས་པོའི་འབྲེལ་བ་དང་དུག་རྫས་ཁྱབ་སྤེལ་ལ་ངོ་རྒོལ།   རྒྱལ་ཁོངས་བརྒལ་བའི་ནག་ཉེས་ལ་མཉམ་དུ་ངོ་རྒོལ་བྱེད་པའི་གསལ་བཤད་ལ་གྲོས་འཆམ་བྱུང་།
            ཉིན་དེའི་ཕྱི་དྲོར།  ལི་ཁེ་ཆང་མན་ཀུའུ་ནས་རྒྱུན་མཐུད་འཕེལ་རྒྱས་གྲོས་ཚོགས་ཀྱི་གུང་ཚིགས་གསོལ་སྟོན་ལ་ཞུགས། །
རྩོམ་སྒྲིག་པ། བདེ་སྒྲོལ།
འབྲེལ་ཡོད་རྩོམ་ཡིག