ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཁྲོན་བོད་ལྕགས་ལམ་གྱི་ལྷ་ས་ནས་ཉིང་ཁྲིའི་བར་གྱི་ལམ་དུམ་ཡར་ཀླུང་གཙང་པོར་ཐེངས་གཉིས་སུ་བརྒལ་བ།

2019-12-03 པད་མ་རྒྱལ་གྱིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།  ཟླ་12པའི་ཚེས་1ཉིན། ཟམ་འདིང་འཕྲུལ་འཁོར་གྱི་ལྡིར་སྒྲ་དང་བསྟུན་ནས་བཟོ་སྐྲུན་གྱི་འཁོར་ལམ་སྟར་ཕྲེང་རེ་རེ་གོ་རིམ་ལྡན་པའི་ངང་ཟམ་གདུང་སྟེང་ལྷུང་སྟེ། ཀྲུང་གོའི་ལྕགས་ལམ་ཅུས་བཅུ་གཅིག་པས་སྒྲུབ་འགན་འཁུར་ནས་བསྐྲུན་པའི་ཁྲོན་བོད་ལྕགས་ལམ་གྱི་ལྷ་ས་ནས་ཉིང་ཁྲིའི་བར་གྱི་ལམ་དུམ་དུ་བདེ་ལེགས་ངང་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་རོང་ཤང་གི་ཡར་ཀླུང་གཙང་པོའི་ཟམ་ཆེན་ཐོག་བཏིང་བ་རེད། ཟམ་ཆེན་འདིར་འཁོར་ལམ་ཤར་འདིང་བྱས་པ་དེས་ཁྲོན་བོད་ལྕགས་ལམ་གྱི་ལྷ་ས་ནས་ཉིང་ཁྲིའི་བར་གྱི་ལམ་དུམ་ཡར་ཀླུང་གཙང་པོར་ཐེངས་གཉིས་སུ་བརྒལ་བ་ཡིན་ཞིང་། ཤར་འདིང་བྱས་རྗེས་ཟངས་རི་མེ་འཁོར་ས་ཚིགས་དང་སྤྱི་ལེ་གཉིས་ཙམ་མ་གཏོགས་པས། ཟངས་རི་མེ་འཁོར་ས་ཚིགས་སུ་འཁོར་ལམ་འདིང་བར་ཆེས་མཐའ་མའི་བཙན་རྫོང་བརྒྱབ་པ་རེད།
འདི་ནི་ལས་སྒྲུབ་མི་སྣས་བྲེལ་འཚུབ་ངང་ཨར་ལས་བྱེད་པའི་རྣམ་པ་རེད།
འདི་ནི་ལས་སྒྲུབ་མི་སྣས་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་ཟམ་གདུང་འཛུགས་པའི་རྣམ་པ་རེད།
          ངོ་སྤྲོད་བྱས་པར་གཞིགས་ན། རོང་ཤང་ཡར་ཀླུང་གཙང་པོའི་ཟམ་ཆེན་དེ་ནི་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་རོང་ཤང་གི་ཉེ་འགྲམ་དུ་ཡོད་པ་དང་།  སྤྱིའི་རིང་ཚད་ལ་སྨི་4615ཡོད་ཅིང་། ཟམ་གདུང་གི་ཆེས་མཐོ་ཤོས་ལ་སྨི་32ཡོད་པ་རེད། ཁུང་བུ་100ཡོད་པའི་སྨི་32ཅན་དང་། ཁུང་བུ་གཅིག་ལ་སྨི་24 ཅན་གྱི་གདུང་མ་Tདབྱིབས་ཅན་དང་། ཁུང་བུ་26པའི་སྨི་48ཅན་གྱི་དུམ་བུ་གདུང་མར་བསྒྲིགས་ནས་གྲུབ་པ་ཞིག་ཡིན་ཞིང་། དེའི་ཁྲོད་དུ་དུམ་བུ་བསྒྲིགས་ནས་གྲུབ་པའི་གདུང་མ་ནི་སྤྱིན་སྦྱར་ནས་མཐུད་པ་དང་། དུམ་བུ་སྔོན་བཟོ་བྱས་ཏེ། ཟམ་བསྐྲུན་འཕྲུལ་ཆས་ཀྱིས་བསྒྲིགས་ནས་ཨར་ལས་བྱས་ཤིང་། གདུང་མ་Tདབྱིབས་ཅན་ལ་སྔོན་བཟོའི་ཟམ་སྐྱེལ་ཨར་ལས་བཀོལ་བ་རེད།
          ཟམ་པ་འདི་ནི་ཡར་ཀླུང་གཙང་པོ་བརྒལ་བའི་སྒྲའི་སྲུང་ཡོལ་གྱི་ཟམ་ཆེན་ཐོག་མ་དེ་ཡིན་ཞིང་། ལམ་ཐིག་ཡོངས་ལས་རིང་ཚད་ཨང་གཉིས་པར་སླེབས་པའི་ཟམ་ཆེན་དེའང་ཡིན། དེའི་ཁྲོད་དུ་སྒྲའི་སྲུང་ཡོལ་གྱི་གདུང་མ་36ཡོད་པ་དང་། ཧ་ཡང་བསྲེས་ལྕགས་ཀྱི་སྒྲ་སྡུད་པང་ལེབ་ཀྱིས་བཟོས་པའི་སྒྲའི་འགོག་ཡོལ་ སྤྱད་པའི་མཐོ་ཚད་ལ་སྨི་2.4ཡོད་ཅིང་། དེ་ཁྱབ་པའི་ཕན་ནུས་ལྡན་པའི་ས་ཁོངས་ཀྱི་འཛེར་སྒྲ་དམའ་རུ་གཏོང་ཚད་ཆ་སྙོམས་ཀྱིས་ཧྥུན་པེ་30ཡན་ཟིན་ཡོད།  མེ་འཁོར་མགྱོགས་མྱུར་ངང་འཁོར་སྐྱོད་བྱེད་སྐབས་འཛེར་སྒྲ་ནུས་ལྡན་སྒོས་ཆུང་བར་བཏང་ནས་ལྷ་ཉིང་ལྕགས་ལམ་ལམ་རྒྱུད་དུ་ལྗང་མདོག་གི་སྲུང་ཡོལ་ཞིག་བསྐྲུན་ཡོད། 
འདི་ནི་ལས་སྒྲུབ་མི་སྣས་བྲེལ་འཚུབ་ངང་ཨར་ལས་བྱེད་པའི་རྣམ་པ་རེད། 
འདི་ནི་ལས་སྒྲུབ་མི་སྣས་བྲེལ་འཚུབ་ངང་ཨར་ལས་བྱེད་པའི་རྣམ་པ་རེད། 
          2018ལོའི་ཟླ་10པར་ཟམ་འདིང་ལས་ཀ་ཆེན་མོ་འགོ་བཙུགས་པ་ནས་བཟུང་། ཀྲུང་གོའི་ལྕགས་ལམ་ཅུས་བཅུ་གཅིག་པའི་ཟམ་འདིང་རུ་ཁག་གིས་སྔ་རྗེས་སུ་རྫ་དུག་དང་། ཉིན་མཚན་གྱི་དྲོད་ཚད་ཀྱི་ཧེ་བག་ཆེ་བ། བྱེ་རླུང་ཆེ་བ་སོགས་ཀྱི་དཀའ་ངལ་ཁྱད་བསད་བྱས་ཏེ་ཉིན་རེར་ཁུང་བུ་6གི་གདུང་མ་འདིང་བའི་མྱུར་ཚད་ཀྱིས་ཉིང་ཁྲིའི་ཕྱོགས་སུ་སྣུར་སྲིང་བྱས་པ་རེད། མིག་སྔར་ཁུང་བུ་1298དང་སྤྱི་ལེ་114ཡི་ལྕགས་ལམ་གྱི་འཁོར་ལམ་བཏིང་བ་ལེགས་འགྲུབ་བྱུང་ཟིན། སྔོན་དཔག་བྱས་ན་2020ལོའི་ལོ་མཇུག་ཏུ་ལམ་ཐིག་ཡོངས་སུ་གདུང་མ་འདིང་ཚར་སྲིད་པ་རེད། 
རྩོམ་སྒྲིག་པ།  རིག་གྲོལ།
འབྲེལ་ཡོད་རྩོམ་ཡིག