ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཡར་ཀླུང་དངོས་ཟོག་བརྗེ་རེས་ཚོང་འདུས་སྐབས་39པ་འགོ་ཚུགས་པ།

2019-12-03 བཀྲ་ཤིས་རྒྱལ་གྱིས་བསྒྱུར།
             ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ12པའི་ཚེས1ཉིན་གྱི་སྔ་དྲོར། མི་ཚོགས་ཀྱི་འདུ་འཛི་བརྒལ་ཏེ་གྲལ་དུ་བསྟར་བའི་ཚོང་ཁང་དག་བརྒྱུད་ནས།    ཆུ་ཚོད་གསུམ་རིང་གི་ཚོང་ཁྲོམ་འགྲིམས་ཏེ་ཉོ་བཅའ་བརྒྱབ་ཚར་རྗེས། བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱི་གྲོང་མི་དམ་ཆོས་གྲུབ་འབྲས་ཆེན་པོ་ཐོབ་པའི་ངང་ནས་ཕྱིར་ཡུལ་ལ་ལོག   རླངས་འཁོར་སྣེ་གདོང་ཆུས་ཀླུ་ཆུང་དངོས་ཟོག་བརྗེ་རེས་ཁྲོམ་ར་ནས་བུད་མ་ཐག་དེ་གར་ཡོང་མཁན་སྒེར་འཁོར་དག་ནི་ལམ་འགྲམ་དུ་སྔ་ས་ནས་གྲལ་རིང་པོ་བསྒྲིགས་ཡོད། 
             ཉིན་དེར“ཚོགས་ར་གསར་པ་དང་རྣམ་པ་གསར་པ། དུས་ཆེན་གསར་པ། མིང་རྟགས་གསར་པ”བཅས་ཀྱི་བརྗོད་དོན་གཙོ་བོར་བྱས་པའི་ཡར་ཀླུང་དངོས་ཟོག་བརྗེ་རེས་ཚོང་འདུས་སྐབས་39པ ( གཤམ་དུ“དངོས་ཟོག་ཚོང་འདུས”ཞེས་བསྡུ)ནི་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ནས་འགོ་ཚུགས་ཤིང་།1981ལོ་ནས་བཟུང་ཡར་ཀླུང་དངོས་ཟོག་ཚོང་འདུས་སྐབས་38ལ་བདེ་བླག་ངང་གཉེར་ཡོད་ཅིང་དེ་ནི་ལྷོ་ཁ་གྲོང་ཁྱེར་གྱི་སྲོལ་རྒྱུན་དཔལ་འབྱོར་ཚོང་དོན་དགྱེས་འཛོམས་ཤིག་རེད། 
འདི་ནི་ཡར་ཀླུང་དངོས་ཟོག་བརྗེ་རེས་ཚོང་འདུས་སྐབས་39པའི་འགོ་ཚུགས་མཛད་སྒོའི་ཡུལ་དངོས་རེད། 
འདི་ནི་ཡར་ཀླུང་དངོས་ཟོག་བརྗེ་རེས་ཚོང་འདུས་སྐབས་39པའི་འགོ་ཚུགས་མཛད་སྒོའི་ཡུལ་དངོས་རེད།  
             ངོ་སྤྲོད་བྱས་པར་གཞིགས་ན། ཡར་ཀླུང་དངོས་ཟོག་བརྗེ་རེས་ཚོང་འདུས་ནི་དང་ཐོག་ཞིང་ལས་ཁོམ་གསེང་གི་དུས་ཚིགས་སུ་ཞིང་འབྲོག་ཁུལ་ཀྱི་མང་ཚོགས་ཀྱིས་འབྲུ་རིགས་དང་ཤ་རིགས་ཉོ་ཚོང་བརྗེ་རེས་བྱས་པ་ལས་བྱུང་བའི་གནས་སྐབས་ཀྱི་བརྗེ་རེས་ཚོང་འདུས་ཤིག་ཡིན་ལ། དེའི་ནང་ཞུགས་མཁན་མང་ཚོགས་རིམ་བཞིན་ཇེ་མང་ནས་ཇེ་མང་དུ་ཕྱིན་པ་དང་བསྟུན། ཚོང་རར་དོ་སྣང་བྱེད་མཁན་ཡང་ཇེ་མང་ནས་ཇེ་མང་དུ་ཕྱིན་ཡོད་ལ་ཉོ་ཚོང་གི་ཚོང་ཟོག་ཀྱང་ཕུན་སུམ་ཇེ་ཚོགས་སུ་འགྲོ་བཞིན་ཡོད་པ་རེད། 
             “ལོ་ངོ་38ཀྱི་འཕེལ་རྒྱས་བརྒྱུད།ཡར་ཀླུང་དངོས་ཟོག་བརྗེ་རེས་ཚོང་ཁྲོམ་ནི་མི་མེད་ཐང་སྟོང་ཞིག་ནས་རིམ་བཞིན་ཚད་ལྡན་ཅན་གྱི་དངོས་ཟོག་བརྗེ་རེས་ཚོང་འདུས་ཤིག་ཏུ་འཕེལ་རྒྱས་བྱུང་ཡོད”ཅེས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཨུ་ལྷན་གྱི་འབྲེལ་ཡོད་འགན་ཁུར་པས་ད་ལོའི་དངོས་ཟོག་བརྗེ་རེས་ཚོང་འདུས་ཀྱི་ར་བ་ནི་ལྷོ་ཁ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་མ་དངུལ་སྒོར་དུང་ཕྱུར་1.7བཏང་ནས་བསྐྲུན་པའི་ར་བ་གསར་པ་ཡིན་ལ། དངོས་ཟོག་བརྗེ་རེས་ཚོང་འདུས་ལ་ཁྱོན་འགྲེམས་གནས་3263ཡོད་པའི་ནང་ལྕགས་ཆས་ཁུལ་དང་ཁྱིམ་ཆས་ཁུལ། ཁ་གདན་ཁུལ། བཟའ་བཏུང་ཁུལ་སོགས་འགྲེམས་ཁུལ་11ཚུད་ཡོད་པ་རེད། མིག་སྔར་འགྲེམས་ཞུགས་ཚོང་པ་3586བཅའ་སྡོད་བྱས་ཡོད་པ་དང་། ཚོང་ཟོག་སྣ་ཁ་745འགྲེམས་སྟོན་བྱས་པ། ཁྲོམ་རར་བཏོན་པའི་ཚོང་ཟོག་བསྡོམས་འབོར་སྒོར་ཁྲི་12950ཟིན་ཡོད་པ་རེད། 
             ལྷ་སའི་བར་སྐོར་ཚོང་གྲོང་དུ་བལ་བོའི་ཟངས་ཆས་བཟོ་རྩལ་ཐོན་རྫས་སྡེབ་ཚོང་བྱེད་མཁན་བསྟན་འཛིན་དང་རོགས་ཟླ་ཚོ་ནི་ཟླ་11ཚེས་29ཉིན་ལྷོ་ཁར་ཡོང་ནས་དངོས་ཟོག་བརྗེ་རེས་ཚོང་འདུས་ལ་གྲ་སྒྲིག་བྱས་པ་རེད། “འདི་ནི་ང་རང་དངོས་ཟོག་བརྗེ་རེས་ཚོང་འདུས་ནང་ཞུགས་ཐེངས་བརྒྱད་པ་ཡིན་པ་དང་ན་ནིང་སྒོར་ཁྲི་60ལྷག་ཙམ་གྱི་དངོས་ཟོག་བཙོང་ཐུབ་པ་བྱུང་ལ།  ད་ལོ་སྒོར་ཁྲི80ཡི་དངོས་ཟོག་བཙོང་པར་བརྩོན་ལེན་བྱེད་རྒྱུ་ཡིན” ཡར་ཀླུང་དངོས་ཟོག་བརྗེ་རེས་ཚོང་འདུས་སྐབས་ཉོ་ཚོང་གཉིས་བྲིན་གྱི་ཁྲོམ་རར་དམིགས་ནས་བསྟན་འཛིན་གྱི་དངོས་ཟོག་ནི་རླངས་འཁོར་ཆེ་གྲས་3གྱི་ནང་ཐེག་ཚད་ཅིག་བརྩིགས་ཡོད་པ་རེད། ཁོས་གསར་འགོད་པར་ད་ལོའི་ར་བ་ནི་ན་ནིང་དང་བསྡུར་ན་མཐའ་འཁོར་གྱི་ཁོར་ཡུག་དེ་བས་གཙང་ལ་གྲལ་འགྲིག་པ་དང་རྨང་གཞིའི་སྒྲིག་བཀོད་ཀྱང་དེ་བས་འཐུས་སྒོ་ཚང་དུ་ཕྱིན་ཡོད་འདུག་ཟེར།  
             བསྟན་འཛིན་གྱི་འགྲེམས་གནས་དང་བར་ཐག་སྨི་500ཡང་མི་ཟིན་པའི་མཚམས་སུ་ཆོས་འཕེལ་གྱི་རྒྱ་ཚའི་ཤིང་ཕོར་འགྲེམས་གནས་ནི་ལམ་གྱི་བཞི་མདོ་ཞིག་ཏུ་གནས་ཡོད་པས་འགྲེམས་ཁང་གིས་མང་ཚོགས་མི་ཉུང་བ་ཞིག་གི་ཡིད་དབང་བཀུག་ཡོད། ཁོས་གསར་འགོད་པར་ཡར་ཀླུང་དངོས་རྫས་བརྗེ་རེས་ཚོང་འདུས་ནང་ཞུགས་པ་ནི་ཤིང་ཕོར་འཚོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན་པ་དང་།  དངོས་ཟོག་བརྗེ་རེས་ཚོང་འདུས་ཀྱི་དངོས་ཟོག་ཕྱིར་ཚོང་བྱེད་ཚད་ཀྱིས་ལོ་ཧྲིལ་པོའི་ཕྱིར་ཚོང་གྲངས་འབོར་གྱི་50%ཙམ་ཟིན་ཡོད། “དེ་རིང་ཞོགས་པ་ནས་ད་བར་གྱི་ཆུ་ཚོད་གསུམ་ལྷག་ཙམ་རིང་ང་ཚོས་ཤིང་ཕོར་སྒོར་5000ལྷག་ཙམ་གྱི་རིན་པ་བཙོངས་ཐུབ་ཡོད”ཟེར། 
འདི་ནི་ཡར་ཀླུང་དངོས་ཟོག་བརྗེ་རེས་ཚོང་འདུས་སྐབས་39པའི་ཡུལ་དངོས་རེད། 
འདི་ནི་ཡར་ཀླུང་དངོས་ཟོག་བརྗེ་རེས་ཚོང་འདུས་སྐབས་39པའི་ཡུལ་དངོས་རེད། 
འདི་ནི་ཡར་ཀླུང་དངོས་ཟོག་བརྗེ་རེས་ཚོང་འདུས་སྐབས་39པའི་ཡུལ་དངོས་རེད།  
             ཐོན་རྫས་ཀྱི་སྣ་ཁ་ཉིན་རེ་བཞིན་ཕུན་སུམ་ཇེ་ཚོགས་སུ་འགྲོ་བཞིན་པའི་ཡར་ཀླུང་དངོས་ཟོག་བརྗེ་རེས་ཚོང་འདུས་སུ་སྲོལ་རྒྱུན་གྱི་ཚགས་ཤ་དང་ལུག་ཤ  ལག་ཤེས་བཟོ་རྩལ་ཐོན་རྫས་སོགས་ཕྱིར་ཚོང་བྱས་པ་ཕུད། ད་དུང་ཐོན་རྫས་གསར་པ་མི་ཉུང་བ་ཞིག་ཚོང་སྟེགས་འདིར་ཐོག་མར་མངོན་ཡོད་པ་སྟེ། བོད་ལྗོངས་ཀྱི་ཀུང་སི་ཞིག་གི་ཕྱིར་ཚོང་མི་སྣས་ཞིབ་འཇུག་གསར་སྤེལ་བྱས་མ་ཐག་པའི་ཝུ་བའི་ཆུ་དེ་འགྲེམས་ཚོང་སྟེང་བཏོན་ཡོད་ཅིང་། དེ་ནི་རང་བྱུང་འཐུང་ཆུ་དང་བསྡུར་ན་ཝུ་བའི་ཆུ་འདིའི་བདེ་ཐང་གི་རྣམ་བཞག་གཙོ་བོར་བྱས་ཏེ་ཚོང་རར་ཞུགས་ཡོད། གཞན་ཡང་ནས་ནག་མ་བཅོས་རྒྱུ་ཆ་གཙོ་བོར་བྱས་པའི་ནས་ནག་གི་ཆང་ཡང་དངོས་ཟོག་བརྗེ་ཚོང་སྟེང་ཞུགས་ཡོད་ཅིང་། དངོས་ཟོག་བརྗེ་རེས་ཚོང་འདུས་ཀྱི་སྡིངས་ཆ་བརྒྱུད་དྲིལ་སྒྲོག་དང་ཁྱབ་གདལ་བཏང་རྗེས་ཁྲོམ་རར་དངོས་སུ་འཚོང་རྩིས་ཡོད་པ་རེད། 
             ཉེ་བའི་ལོ་ཤས་རིང་། དངོས་ཟོག་བརྗེ་རེས་ཚོང་འདུས་ནི་དངོས་ཟོག་བརྗེ་ཚོང་ནས་རིག་གནས་སྤེལ་རེས། མཛའ་བརྩེ་སྤེལ་རེས། ཁྱད་ལྡན་ཐོན་རྫས་འགྲེམས་སྟོན་བཅས་ཀྱི་སྡིངས་ཆ་གལ་ཆེན་ཞིག་ཏུ་གྱུར་ནས་གྲོང་ཁྱེར་གྱི་དཔལ་འབྱོར་དར་རྒྱས་གཏོང་བ་དང་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཀྱི་འཛད་སྤྱོད་རྒྱ་ཆེར་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ནུས་པ་གལ་ཆེན་བཏོན་ཡོད་པ་རེད།
འབྲེལ་ཡོད་རྩོམ་ཡིག