ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཝུའུ་དབྱིང་ཅེས་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའི་པུའུ་ཀྲང་གཞོན་པ་ཀུའོ་ཡེ་ཀྲོའུ་བཅས་པ་དང་མཇལ་འཛོམས་གནང་བ།

2019-12-05
        ཉིན་ཤས་གོང་།  རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའི་པུའུ་ཀྲང་གཞོན་པ་ཀུའོ་ཡེ་ཀྲོའུ་བཅས་པ་དང་མཇལ་འཛོམས་གནང་བ་རེད།
 
        དང་ཐོག་ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ།  པུའུ་ཀྲང་གཞོན་པ་ཀུའོ་ཡེ་ཀྲོའུ་དང་བཅས་པ་བོད་དུ་ཞིབ་བཤེར་དང་མཛུབ་ཁྲིད་གནང་བར་ཕེབས་པར་དགའ་བསུ་ཞུས་པ་མ་ཟད།  དུས་ཡུན་རིང་པོའི་ནང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུས་བོད་ཀྱི་ལས་དོན་དང་། ལྷག་པར་དུ་ཕྱི་ཕྱོགས་སྒོ་དབྱེར་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཡང་ཞུས་པ་རེད།
        ཝུའུ་དབྱིང་ཅེས།  མི་རིང་བའི་གོང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱ་གར་དུ་ཕེབས་ནས་ཀྲུང་གོ་དང་རྒྱ་གར་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་མི་སྣའི་དངོས་གཞི་མིན་པའི་མཇལ་འཛོམས་ཐེངས་གཉིས་པར་ཞུགས་པ་དང་འབྲེལ། ནེ་པ་ལར་རྒྱལ་དོན་འཚམས་འདྲི་གནང་བར་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་སྟེ། བོད་ལྗོངས་ཀྱིས་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་ས་ཁོངས་མཉམ་ལས་ལ་མདུན་ལམ་གསར་པ་བཏོད་ཡོད། བོད་ལྗོངས་ཀྱིས་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན། དེ་བཞིན“2019ལོའི་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”ལ་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། བོད་ལྗོངས་དང་འབྲེལ་བའི་ལས་དོན་ཁག་དང་རང་འགུལ་ངང་འབྲེལ་མཐུད་བྱེད་པ་དང་ཞིབ་ཚགས་སུ་གཏོང་བ་དང་། ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་དོན་འཁྱོལ་ཡོང་བ་བཅས་བྱས་ནས། རྒྱལ་ཁབ་ཀྱི་སྤྱི་ཡོངས་ཀྱི་ཕྱི་འབྲེལ་འཐབ་ཇུས་ལག་བསྟར་བྱེད་ཆེད། ས་གནས་ཀྱི་ལེགས་སྐྱེས་ཧུར་ཐག་ཕུལ་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་ལ་རྦད་དེ་ལྷག་བསམ་རྣམ་དག་ཡིན་པ་མཚོན་པ་བྱ་རྒྱུ་ཡིན། ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཡིས་བོད་ཀྱི་ཕྱི་ཕྱོགས་སྒོ་དབྱེའི་བྱ་གཞག་ལ་མུ་མཐུད་ཐུགས་ཁུར་དང་རྒྱབ་སྐྱོར་དང་། བོད་ཀྱིས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུར་སྔར་བས་རྒྱབ་སྐྱོར། ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཀྱི་ཕྱི་འབྲེལ་དུས་བབ་དང“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་དེ་བས་ཞབས་འདེགས་ཞུ་བ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྱུར་ལྡོག་ཆེན་པོ་དྲིལ་བསྒྲགས་ཤུགས་ཆེན་བཅས་བྱས་ནས། དབྱར་མཚོ་རྒྱས་པ་ལྟར་གྱི་འཕེལ་རྒྱས་སོང་བའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛམ་གླིང་ལ་ངོམ་སྟོན་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
ཝུའུ་དབྱིང་ཅེས་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའི་པུའུ་ཀྲང་གཞོན་པ་ཀུའོ་ཡེ་ཀྲོའུ་བཅས་པ་དང་མཇལ་འཛོམས་གནང་བ།  
        ཀུའོ་ཡེ་ཀྲོའུ་ཡིས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཕྱི་དོན་ལས་དོན་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་ཤིང་། ཁོང་གིས་ད་ཕན་ལོ་ཤས་རིང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤོབས་པ་སྐྱེས་འོས་པའི་གྲུབ་འབྲས་ཐོབ་པ་མ་ཟད། སྤྱི་ཚོགས་མུ་མཐུད་ཞི་མཐུན་བརྟན་ལྷིང་ལའང་མི་རྣམས་ཧང་སངས་བའི་གྲུབ་འབྲས་ཐོབ་ཡོད། ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཡིས་བོད་ཀྱི་བརྟན་ལྷིང་རྒྱུན་འཁྱོངས་དང་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུར་མུ་མཐུད་ཆ་རྐྱེན་ཧུར་ཐག་བསྐྲུན་ཏེ། དུས་རབས་གསར་པར་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།
རྩོམ་སྒྲིག་པ། རྡོ་རྗེ།
འབྲེལ་ཡོད་རྩོམ་ཡིག