ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་བ་ཆབ་ཆ་རུ་བསྡུས།

2020-01-07
            སྤྱི་ཟླ1པོའི་ཚེས5ཉིན། ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་བ་ཆབ་ཆ་རུ་བསྡུས།
           གྲོས་ཚོགས་སྟེང་། ཏང་གི་སྐབས་བཅུ་དགུ་བའི་ཚང་འཛོམས་གྲོས་ཚོགས་དང་། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས། ཀྲུང་དབྱང་ཞིང་སྡེ་བྱ་བའི་གྲོས་ཚོགས། དེ་མིན། རང་ཞིང་གི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས།
           《ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཚབ་འཇོག་སྐོར་གྱི་ཐག་བཅད།(འཆར་ཟིན)》དང《རང་ཁུལ་གྱི་ཐེངས་བཅུ་གསུམ་པའི་ཏང་གི་འཐུས་མི་ཚོགས་ཆེན་གྱི་འཐུས་མའི་ཐོབ་ཐང་གཏན་བཀག་སྐོར་གྱི་ཐག་བཅད།(འཆར་ཟིན)》《རང་ཁུལ་གྱི་ཐེངས་བཅུ་གསུམ་པའི་ཏང་གི་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་ལས་གནས་མཚམས་འཇོག་སྐོར་གྱི་ཐག་བཅད།(འཆར་ཟིན)》《གུང་ཧོ་རྫོང་དེ་གུང་ཧོ་གྲོང་ཁྱེར་དུ་བསྒྱུར་བའི་ཡིད་འཐད་སྙན་ཞུའི་སྐོར་གྱི་ཐག་བཅད།(འཆར་ཟིན)》བཅས་ལ་གྲོས་མཐུན་བྱུང་།
            གྲོས་ཚོགས་ལས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བཟུང་སྟེ། ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་། སྐབས་བཅུ་དགུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང། གསུམ་པ། བཞི་བ་བཅས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་དང་ཀྲུང་དབྱང་ཞིང་སྡེ་བྱ་བའི་གྲོས་ཚོགས། དེ་མིན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་དངོས་ཐོག་དོན་འཁྱོལ་བྱས་ནས2019ལོའི་བྱ་བར་སྤྱི་བསྡོམས་དང2020ལོའི་བྱ་བར་བཀོད་སྒྲིག་ལེགས་པོ་བྱས། 2019ལོ་ནི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར70ལོན་པ་དང་མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་ངོ70ལོན་པའི་ལོ་ཞིག་ཡིན་ལ། མཚོ་ལྷོ་ཁུལ་ལ་མཚོན་ནའང་འཕེལ་རྒྱས་ཀྱི་དུས་རིམ་གསར་བར་སླེབས་པའི་ཁྱད་པར་ཅན་གྱི་ལོ་ཞིག་ཀྱང་ཡིན།
            འདས་པའི་ལོ་གཅིག་གི་ནང་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་མང་ཚོགས་ཀྱི་སྣེ་ཁྲིད་ནས“ལྔ་བཞིའི་འཐབ་ཇུས”ལག་བསྟར་ནན་མོ་བྱས་པ་མ་ཟད། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ལ་སྐུལ་འདེད་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་གཙང་གསུམ་སླད་མེད་ཐོན་ལས་གཅིག་བསྡུས་སྔོན་ཐོན་ཁུལ་གྱི་འཛུགས་སྐྲུན་ལ་ནུས་པ་བཏོན་ནས་འཕེལ་རྒྱས་ཆེན་པོ་བྱུང་།
            2020ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་དང“ལོ་ལྔའི་འཆར་གཞི་བཅུ་གསུམ”ལ་རྫོགས་ཚིགས་བཀོད་པའི་ལོ་ཡིན་ལ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཁྲོད་ཀྱི་ལོ་རྒྱུས་ཀྱི་གནད་འགག་གལ་ཆེན་ཞིག་ཀྱང་ཡིན་པས། ཚང་མས་མཐའ་གཅིག་ཏུ་ཆབ་སྲིད་བསམ་བློ་དང་ལག་ལེན་ངོས་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ལངས་ཕྱོགས་གཅིག་མཐུན་སྒོས་རང་རྟོགས་ངང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་འདུ་ཤེས་བཅངས་ནས་ལག་ལེན་མཛུབ་སྟོན་དང་། བྱ་བར་སྐུལ་ལྕགས་ཀྱིས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་ཕྱོགས་སུ་ཤུགས་རྒྱག་དགོས་པ་བསྟན།
            དེ་མིན། ཚོགས་ཐོག་ཏུ་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ཕུལ་བ་མ་ཟད། ཀྲང་ཝུན་ཁེ་དང་བསོད་ནམས་དོན་གྲུབ་གཉིས་ཀྱི་གཏམ་བཤད་ལ་ཚན་ཁག་བགོས་ནས་བགྲོ་གླེང་བྱས།
རྩོམ་སྒྲིག་པ། རིག་གྲོལ།
འབྲེལ་ཡོད་རྩོམ་ཡིག