ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

གནའ་གྲོང་ལྷ་སར་ལོ་སར་བསུ་བའི་རྣམ་པས་ཁེངས།

2020-01-20 པད་མ་རྒྱལ་གྱིས་བསྒྱུར།
འདི་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི“ང་ཚོའི་དུས་ཆེན། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་སར”ཞེས་པ་བརྗོད་དོན་གཙོ་བོ་བྱས་པའི་ལྷན་འཛོམས་བྱེད་སྒོའི་ཡུལ་དངོས་རེད། 
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཕག་ལོ་ཕར་སྐྱེལ་ནས་བྱི་ལོ་ཚུར་བསུ། ཟླ1པོའི་ཚེས15ཉིན། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི“ང་ཚོའི་དུས་ཆེན། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་སར”ཞེས་པ་བརྗོད་དོན་གཙོ་བོ་བྱས་པའི་ལྷན་འཛོམས་བྱེད་སྒོ་དེ་སྐྱིད་འབུམ་སྒང་གཞིས་ཁུལ་དུ་སྤེལ་ཞིང་། གཞིས་ཁུལ་ནང་གི་བོད་རིགས་དང་། རྒྱ་རིགས། ཧུའེ་རིགས་སོགས་མི་རིགས་ཁག་གི་མང་ཚོགས་ཀྱིས་ཕན་ཚུན་དབར་མཇལ་དར་ཕུལ་བ་དང་། ཕན་ཚུན་དབར་སྨོན་འདུན་ཞུས་ནས་ཚང་མས་མཉམ་དུ་དུས་ཆེན་ལ་རོལ་བར་བྱེད། 
འདི་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི“ང་ཚོའི་དུས་ཆེན། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར”ཞེས་པ་བརྗོད་དོན་གཙོ་བོ་བྱས་པའི་ལྷན་འཛོམས་བྱེད་སྒོའི་ཡུལ་དངོས་རེད། 
          ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་ཞོལ་པ་ལྷ་མོ་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་དང་། ཉང་རལ་ལྷ་མོ་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པ་ཚོས་མི་རིགས་ཁག་གི་མང་ཚོགས་ལ་ལྟད་མོ་གཟབ་རྒྱས་འཁྱེར་ཡོང་སྟེ། རིགས་སོ་སོའི་མང་ཚོགས་རྣམས་དགའ་དགའ་སྤྲོ་སྤྲོའི་ངང་གར་སྟེགས་ཀྱི་འགྲམ་དུ་བསྡད་ནས་དགོད་སྒྲས་ཁེངས། 
འདི་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི“ང་ཚོའི་དུས་ཆེན། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར”ཞེས་པ་བརྗོད་དོན་གཙོ་བོ་བྱས་པའི་ལྷན་འཛོམས་བྱེད་སྒོའི་ཡུལ་དངོས་རེད། 
          བོད་ཀྱི་ཕོ་གསར་ཞིག་གིས《ལྷ་མོའི་བཀྲ་ཤིས་པའི་བྱི་ལོ》ཞེས་པའི་གཞས་བླངས་པ་ནས་འཁྲབ་སྟོན་གྱི་མགོ་བརྩམས་ཏེ། རིམ་པ་བཞིན་ལྟད་མོས་ཁེངས་པའི་ཁ་ཤགས་དང་། རྐྱང་གཞས། ཞབས་བྲོ་སོགས་ཀྱིས་ཡུལ་དངོས་སུ་མཐོ་རླབས་རབ་དང་རིམ་པ་འཕྱུར་བར་བཅུག
          ཉེ་བའི་ལོ་ཤས་རིང་འཁྲབ་སྟོན་ལ་ལྟ་ཞོར་ཆུ་མོག་བཟོ་བའང་ལྷ་སའི་ལོ་སར་ལ་རོལ་བའི་རྣམ་པ་གསར་པ་ཞིག་ཡིན་ཞིང་། གཞིས་ཁུལ་གྱི་རིགས་སོ་སོའི་མང་ཚོགས་ཀྱིས་བསམ་པ་རྣམ་དག་གིས་ཆུ་མོག་བཟོས་ཏེ་སླ་ང་གཅིག་གི་ནང་དུ་བཙོས་པ་དང་། ལྷོག་ལྷོག་ཏུ་གདུ་བཞིན་པའི་སླ་ངའི་ནང་གི་ཆུ་མོག་གིས་མི་རིགས་མཐུན་སྒྲིལ་གྱི་བརྩེ་བ་མཚོན་གྱི་ཡོད། 
འདི་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི“ང་ཚོའི་དུས་ཆེན། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར”ཞེས་པ་བརྗོད་དོན་གཙོ་བོ་བྱས་པའི་ལྷན་འཛོམས་བྱེད་སྒོའི་ཡུལ་དངོས་རེད། 
          ངོ་མཚར་ཆེ་བའི་འཁྲབ་སྟོན་གྱི་རྗེས་སུ་ལྷ་ས་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཡིག་གཟུགས་མཁས་ཅན་གྱིས་གཞིས་ཁུལ་གྱི་མང་ཚོགས་ལ་བོད་རྒྱ་སྐད་གཉིས་ཀྱི་དཔྱིད་གསར་ཆ་ཡིག་བྲིས་ཏེ་དུས་ཆེན་གྱི་སྨོན་འདུན་ཞུས་པར་མ་ཟད། མི་རིགས་སོ་སོའི་མང་ཚོགས་ལ་ལོ་གསར་སྤྲོ་པོ་དང་བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་ཡང་ཞུས་པ་རེད། 
འདི་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི“ང་ཚོའི་དུས་ཆེན། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར”ཞེས་པ་བརྗོད་དོན་གཙོ་བོ་བྱས་པའི་ལྷན་འཛོམས་བྱེད་སྒོའི་ཡུལ་དངོས་རེད། 
          ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་འབྲེལ་ཡོད་འགན་འཁུར་བས་བསྟན་དོན། “དུས་རབས་གསར་པར་འབད་འཐབ་བྱེད།  ཕུགས་འདུན་སྒྲུབ་པའི་འབྱོར་འབྲིང་ལོ”ཞེས་པ་བརྗོད་གཞི་བྱས་པའི“ང་ཚོའི་དུས་ཆེན། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་སར”ཞེས་པའི་ལྷན་འཛོམས་བྱེད་སྒོ་སྤེལ་བ་དེས་སྲོལ་རྒྱུན་རིག་གནས་ལ་རྒྱུས་ལོན་གཏིང་ཟབ་ཡོང་བ་དང་། མཐོང་རྒྱ་བསྐྱེད་པ། མི་རིགས་དབར་གྱི་བརྩེ་བ་ཟབ་ཏུ་བཏང་ནས་མི་རིགས་མཐུན་སྒྲིལ་ཆེ་མོ་དང་བདེ་སྐྱིད་འཆམ་མཐུན་གྱི་དུས་ཆེན་གྱི་རྣམ་པ་བཟང་པོ་ཞིག་བསྐྲུན་པར་ཕན་པ་ཡོད་ཅེས་བཤད།
འབྲེལ་ཡོད་རྩོམ་ཡིག