ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཞིང་གྲོང་གི་བཟའ་ཚོ་དཀྱུས་མ་གཉིས་ཀྱི་སྒྲོག་འགྲེལ་གཏམ་རྒྱུད།

2020-05-27 ལྷ་རྩེ་རྫོང་དྲིལ་བསྒྲགས་པུའུ་ཉི་མ།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། བོད་ལྗོངས་ཀྱི་ཏང་ཡོན་དང་ལས་བྱེད་པ། མང་ཚོགས་ཚོའི་ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་བྱེད་པའི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་པ་དང་། མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན་བྱེད་པའི་རྣམ་པ་སྔར་བས་ཇེ་ཟབ་དང་། གང་སར་ལེགས་སྐྱེས་འབུལ་རྒྱུར་སྣང་ཆེན་གྱིས་ཁྱིམ་གཞིས་ལ་དགའ་ཞེན་དང་ཤེས་དཔལ་ལ་སྣང་ཆེན་གྱིས་འཚོ་བར་དགའ་ཞེན་བྱེད་པའི་རྣམ་པ་ཟབ་མོ་ཞིག་ཆགས་ཡོད་པ་རེད། “སྣང་ཆེན་བཞི་དང་དགའ་ཞེན་བཞི”ལ་དུས་ད་ལྟ་བ་ལས་འདས་པ་མེད་པས། ང་ཚོས“སྣང་ཆེན་བཞི་དང་དགའ་ཞེན་བཞི”སློབ་གསོའི་ལག་ལེན་བྱེད་སྒོའི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་བ་དང་སློབ་གསོའི་ལག་ལེན་གྱི་བྱེད་སྒོར་ཕན་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས།
          “སྣང་ཆེན་བཞི་དང་དགའ་ཞེན་བཞིའི་”བྱེད་སྒོ་སྤེལ་ནས་ལོ་འཁོར་གསུམ་ལྷག་ཙམ་གྱི་ནང་ང་ཚོའི་མང་ཚོགས་ཀྱི་བསམ་བློའི་ཆུ་ཚད་ལ་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད་དེ།  བཟའ་ཚོ་འདི་གཉིས་ནི་དེ་དག་ཁྲོད་ཀྱི་དཔེ་མཚོན་མི་སྣ་ཞིག་ཡིན།  སྟོབས་ཆུང་ནི་ལྷ་རྩེ་རྫོང་བཀྲ་ཤིས་སྒང་ཤང་བག་མདའ་གྲོང་ཚོའི་གྲོང་མི་ཞིག་ཡིན་པ་དང་ཡུལ་མི་ཀུན་གྱིས་མིག་དཔེ་བལྟ་སའི་མི་ཞིག་ཡིན།  སྔོན་དུས་ཆེས་མ་མཐའི་འཚོ་བའི་འགན་སྲུང་གི་ཁ་གསབ་བླངས་ནས་སྡོད་པའི་སྟོབས་ཆུང་གིས་ཏང་གི་སྲིད་ཇུས་བཟང་པོའི་འཐབ་ཇུས་ལ་བརྟེན་ནས་ལག་ཤེས་སྦྱངས་པ་ཏེ་ཕྱུག་འགྱུར་གྱི་ཕྱོགས་སུ་ཁ་གཏད་ཅིང་།  རིམ་བཞིན་ཆེས་མ་མཐའི་འཚོ་བའི་འགན་སྲུང་གི་ལག་དེབ་དེ་རང་འགུལ་གྱིས་གོང་རིམ་ལ་ཕྱིར་རྩིས་ཕུལ་བྱས་ནས་རང་གི་ལག་གཉིས་ལ་བརྟེན་ཏེ་ཁྱིམ་ཚང་ལ་ལེགས་སྐྱེས་འབུལ་མཁན་གྱི་མིག་དཔེ་བཟང་པོ་ཞིག་ཏུ་འགྱུར་ཡོད།
          ལག་ཤེས་རྩེར་སོན་ཆགས་པར་བྱེད་རྒྱུ་ནི་སྟོབས་ཆུང་གི་དམིགས་ཡུལ་གཅིག་པོ་དེ་མིན་པར།  བོད་ལྗོངས་ཀྱི་ས་ཆ་གང་སར་“སྣང་ཆེན་བཞི་དང་དགའ་ཞེན་བཞི”སློབ་གསོའི་བྱེད་སྒོའི་ཚ་རླབས་འཕྱུར་བའི་ཤུགས་རྐྱེན་འོག་སྟོབས་ཆུང་གི་བསམ་བློའི་གོ་རྟོགས་ཀྱང་མཐོ་རུ་ཕྱིན་ཡོད། གལ་ཏེ་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ལ་རྒྱུས་ལོན་བྱུང་བ་དང་དེ་ཡུལ་མི་རྣམས་ལ་སྒྲོག་འགྲེལ་བྱེད་ཐུབ་ན།  ཡུལ་མི་དེ་བས་མང་བའི་བསམ་བློར་འགྱུར་ལྡོག་བྱུང་སྟེ་རྙིང་ཞེན་བག་འཁུམ་གྱི་རྒྱ་རྙི་ལས་གྲོལ་ཏེ།  ཤེས་དཔལ་དང་འབྱོར་ཕྱུག་གི་ལམ་བུའི་ཐོག་བསྐྱོད་ཐུབ་པར་ བསམས་ནས་སེམས་སུ་དགའ་ཚོར་དང་རེ་བས་ཁེངས་ཡོད།
          ཆུང་ལགས་ནི་སྟོབས་ཆུང་གི་བཟའ་ཟླ་ཡིན་ཞིང་།  བག་མདའ་གྲོང་ཚོ་ཨུ་ལྷན་གྱི་ཁོངས་མི་ཞིག་ཀྱང་ཡིན།  ཆུང་ལགས་ཀྱི་རིག་གནས་ཀྱི་ཆུ་ཚད་སྟོབས་ཆུང་ལས་ཡག་པ་ཡོད་སྟབས།  རྣམ་ཀུན་འཚོ་བའི་ཁྲོད་ཁོ་གཉིས་ཀྱིས་ཕན་ཚུན་ལ“སྣང་ཆེན་བཞི་དང་དགའ་ཞེན་བཞིའི་”སློབ་གསོའི་བགྲོ་གླེང་དང་སློབ་སྦྱོང་བྱེད་ཀྱི་ཡོད།
འདི་ནི་བཟའ་ཚོ་གཉིས་ཀྱིས་“སྣང་ཆེན་བཞི་དང་དགའ་ཞེན་བཞིའི་”སློབ་གསོ་ལ་བགྲོ་གླེང་དང་སློབ་སྦྱོང་བྱེད་བཞིན་པའི་རྣམ་པ་རེད།
          2020ལོའི་ལྗོངས་ཡོངས་ཀྱི་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་ཞིང་འབྲོག་མང་ཚོགས་ཀྱི་སྒྲོག་འགྲེལ་རྐང་འཛིན་པའི་གསོ་སྦྱོང་ནང་སྟོབས་ཆུང་གི་མིང་ཐོའང་ཡོད་པས། ཁོས་དེ་ནི་གོ་སྐབས་བཟང་པོ་ཞིག་ཡིན་སྙམ་སྟེ། ལས་བྲེལ་ཇི་འདྲ་ཆེ་ཡང་དེར་ཞུགས་རྒྱུའི་སེམས་ཐག་བཅད།   དེ་ནས་སྟོབས་ཆུང་གིས་རང་གི་བཟའ་ཟླར་དེའི་ནང་དུ་ཞུགས་རྒྱུའི་སྐོར་བརྗོད་དེ་གྲ་སྒྲིག་བྱས་པས་ཆུང་ལགས་ཀྱིས་མོས་མཐུན་དང་རྒྱབ་སྐྱོར་ཚད་མེད་བྱས་པར་མ་ཟད། རང་ཉིད་ཀྱང་རང་མོས་ངང་བཟའ་ཟླ་དང་མཉམ་དུ་གསོ་སྦྱོང་ནང་ཞུགས་རྒྱུའི་རེ་ཞུ་བྱས། 
འདི་ནི་བཟའ་ཚོ་གཉིས་ཀ་གསོ་སྦྱོང་དུ་ཞུགས་པའི་རྣམ་པ་རེད།
འདི་ནི་བཟའ་ཚོ་གཉིས་པོ་དང་གསོ་སྦྱོང་བ་གཞན་དག་ དྲན་རྟེན་འདྲ་པར་བརྒྱབ་པའི་རྣམ་པ་རེད།
          དེ་ཡང་ཕྱོགས་གཅིག་ནས་ཆུང་ལགས་ཀྱིས་སྟོབས་ཆུང་ལ་སྒྲོག་འགྲེལ་གྱི་དོན་སྙིང་དེ་བས་ཁ་གསལ་ཡོང་བར་གོ་བ་ལེན་རོགས་དང་།  ཕྱོགས་གཞན་ཞིག་ནས་སྒྲོག་འགྲེལ་ལག་ལེན་བྱེད་ཐབས་ཕུན་སུམ་ཇེ་ཚོགས་ ཡོང་བ་དང་ཕ་ཡུལ་གྱི་ཡུལ་མི་རྣམས་ལ་སྒྲོག་འགྲེལ་དེ་བས་ལེགས་པ་ཡོང་བའི་ཆེད་དུ་ཡིན། 
  འདི་ནི་བཟའ་ཚོ་གཉིས་ཀྱིས་གྲོང་ཚོའི་ནང་སྒྲོག་འགྲེལ་བྱེད་བཞིན་པའི་རྣམ་པ་རེད།
          སྒྲོག་འགྲེལ་གསོ་སྦྱོང་མཇུག་སྒྲིལ་རྗེས་བཟའ་ཚོ་གཉིས་ཕ་ཡུལ་དུ་ལོག་ནས་“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྒྲོག་འགྲེལ་ལས་ལ་བྲེལ་ཞིང་། དུམ་མཚམས་དང་པོའི་སྒྲོག་འགྲེལ་གྱི་མཇུག་འཕྲོ་དག་གསོ་སྦྱོང་སྐབས་སུ་སྦྱངས་པའི་ཤེས་བྱ་དང་ཟུང་འབྲེལ་བྱས་ཏེ་རྣམ་པ་མི་འདྲ་བའི་ཐོག་ནས་མང་ཚོགས་ལ་དྲིལ་བསྒྲགས་བྱས་པ་དང་།   “སླད་ཕྱིན་ང་ཚོས་ཕུལ་བྱུང་གི་སྒྲོག་འགྲེལ་པ་ཞིག་ཆགས་པར་འབད་བརྩོན་དང་།  དེའི་འབྲས་བུ་ཕ་ཡུལ་གྱི་ས་ཆ་གང་སར་སྨིན་པའི་སེམས་ཤུགས་ཀྱང་ཆེན་པོ་རྒྱག་བཞིན་ཡོད།”ཅེས་བཟའ་ཚོ་གཉིས་ཀྱིས་མ་འོངས་པའི་སྒྲོག་འགྲེལ་བྱ་བར་རེ་བས་ཁེངས་བཞིན་དེ་ལྟར་བརྗོད། བཟའ་ཚོ་གཉིས་ཀྱི་ཡང་དག་པའི་འདུ་ཤེས་དང་དམངས་ལ་ཕན་པའི་སྒྲོག་འགྲེལ་གྱི་བྱེད་ལས་ལ་ཡུལ་མི་རྣམས་ཀྱིས་བསྔགས་བརྗོད་ཡང་ཡང་བྱེད་བཞིན་ཡོད་དོ། །
རྩོམ་སྒྲིག་པ། བདེ་སྐྱིད་སྒྲོལ་མ།
འབྲེལ་ཡོད་རྩོམ་ཡིག