ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

མང་ཚོགས་ཀྱི་བློ་ཡིད་ཚིམ་པའི་སྐར་ཁུང་ཧུར་ཐག་གཏོད་པ།

2020-06-01
འདི་ནི་བསམ་གྲུབ་རྩེ་ཆུས་གྲོང་ལྷོ་ཁྲོམ་གཞུང་དོན་གཅོད་ཁྲུའུ་སྐྱིད་འཕེལ་སྡེ་ཁུལ་གྱི་ལས་དོན་མི་སྣ་ཚེ་རིང་སྒྲོལ་མས་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ལ་ལས་སྒོ་གཉེར་བཞིན་པ། 
         ཉེ་བའི་ལོ་ཤས་རིང་། བསམ་གྲུབ་རྩེ་ཆུས་ཀྱིས་སྔ་བར་ཕྱི་གསུམ་དུ་མི་རྩ་བར་འཛིན་པའི་རྩ་དོན་མཐའ་འཁྱོངས་བྱས་ནས། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། འགན་སྒྲུབ་ནུས་པ་ཆེ་རུ་གཏོང་བ། གཞི་རིམ་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ། ལས་སྒྲུབ་གོ་རིམ་དང་བར་མཐོངས་བཀོད་སྒྲིག་ལེགས་སུ་གཏོང་བ། མང་ཚོགས་ཀྱི་བློ་ཡིད་ཚིམ་པའི་སྐར་ཁུང་ཧུར་ཐག་གཏོད་པ་བཅས་བྱས་ཏེ་དམངས་ཕན་དང་དམངས་ཀྱི་ཆེད་དུ་ཞབས་འདེགས་ཞུ་བའི་ཕན་འབྲས་ལ་སྐུལ་འདེད་ནུས་ལྡན་གཏོང་བ་དང་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་ཆེ་རུ་དང་བློ་ཡིད་ཚིམ་ཚད་མཐོ་རུ་གཏོང་གང་ཐུབ་བྱས།
རྩོམ་སྒྲིག་པ། སངས་སྐྱབས།
འབྲེལ་ཡོད་རྩོམ་ཡིག