ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

བོད་ལྗོངས་རི་འཛེཊ་རུ་ཁག་གི་ཉམས་བཟང་ལ་གཟིཊ་དང་།

2020-06-01
          ཇོ་མོ་གླང་མ་ནི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་རི་བོ་གཙོ་བོ་དེ་ཡིན་པ་མ་ཟད། འཛམ་གླིང་གི་མཚོ་འཕགས་ཆེས་མཐོ་བའི་རི་བོ་དེ་ཡིན། ཀྲུང་གོ་དང་ནེ་པ་ལའི་མཐའ་མཚམས་སུ་གནས་པ་དང་། བྱང་རྒྱུད་ཀྲུང་གོའི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་ཁོངས་སུ་གནས་པ་དང་། ལྷོ་རྒྱུད་ནེ་པ་ལའི་ས་ཁོངས་སུ་གནས་ཡོད། ཇོ་མོ་གླང་མ་ནི་འཛམ་གླིང་གི་རི་བོ་མཐོ་ཤོས་དེ་ཡིན།
          ཀྲུང་གོའི་མཚར་སྡུག་འོད་སྟོང་འབར་བའི་ཇོ་མོ་གླང་མའི་རི་འཛེགས་ཀྱི་ལོ་རྒྱུས་ཐོག བོད་ལྗོངས་རི་འཛེགས་རུ་ཁག་གིས་བྱས་རྗེས་ཆེན་པོ་བཞག་ཡོད་ལ། ཁོང་རྣམ་པས་འཛམ་གླིང་ནས་དགའ་གུས་ཡི་རངས་ཞུ་བའི་གྲུབ་འབྲས་གཡུར་དུ་ཟ་བ་ཡང་བླངས་ཡོད། 
          སྤྱི་ལོ1960ལོའི་ཟླ་5ཚེས25ཉིན་གྱི་ཆུ་ཚོད4དང་སྐར་མ20ཡི་ཐོག་ཀྲུང་གོའི་རི་འཛེགས་རུ་ཁག་གི་བོད་རིགས་རུ་མི་མགོན་པོ་དང་། རྒྱ་རིགས་རི་འཛེགས་པ་ཝང་ཕུའུ་ཀྲོའུ་དང་ཆུས་དབྱིན་ཧྭ་བཅས་ནས་ཇོ་མོ་གླང་མའི་བྱང་ངོས་ནས་ཇོ་མོ་གླང་མའི་རྩེ་མོར་ཐེངས་དང་པོར་འཛེགས་ནས། མིའི་རིགས་ཀྱི་ལོ་རྒྱུས་ཐོག་ཇོ་མོ་གླང་མའི་བྱང་ངོས་ནས་ཇོ་མོ་གླང་མའི་རྩེ་མོར་འཛེགས་པའི་རླབས་ཆེའི་ལོ་རྒྱུས་གཏོད་ཡོད།  དེ་ནས་སྤྱི་ལོ1960ལོའི་ཟླ་བ10པའི་ཚེས1ཉིན། རང་རྒྱལ་གྱི་ཆེད་ལས་རི་འཛེགས་རུ་ཁག་དང་པོ་སྟེ། བོད་ལྗོངས་རི་འཛེགས་སྒར་ཤོག་དངོས་སུ་དབུ་བརྙེས། སྤྱི་ལོ1972ལོའི་ཟླ4པར་བོད་ལྗོངས་རི་འཛེགས་རུ་ཁག་ཅེས་པར་མིང་བསྒྱུར། སྤྱི་ལོ1964ལོར་ཀྲུང་གོའི་རི་འཛེགས་རུ་ཁག་གིས་མཚོ་འཕགས་སྨི8000ཡན་གྱི་རི་བོ་མཐོན་པོའི་ཁྲོད་ནས་མི་འཛེག་མྱོང་མེད་པའི་རི་བོ་ཉག་གཅིག་སྟེ། ཤི་ཤ་སྦང་མར་འཛེགས་པ་དང་། རི་རྩེར་སླེབས་པའི་མི10ཡི་ནང་ནས་མི6ནི་བོད་ལྗོངས་ཀྱི་རི་འཛེགས་རུ་མི་རེད།
ཕན་ཐོགས་སོགས་ཇོ་མོ་གླང་མའི་རྩེ་མོར་སླེབས་པ།
          སྤྱི་ལོ1975ལོའི་ཟླ་5ཚེས27ཉིན། ཀྲུང་གོའི་རི་འཛེགས་རུ་ཁག་གིས་སླར་ཡང་ཇོ་མོ་གླང་མའི་རྩེ་མོར་འཛེགས་པ་དང་། རི་རྩེར་འཛེགས་མཁན་ཁོང་རྣམས་ནི་བསོད་ནམས་ནོར་བུ་དང་། བློ་ཚེ། ཧའུ་ཧྲེང་ཧྥུ། བསམ་གྲུབ། ཕུན་ཚོགས་རྒན་པ། ཀུན་དགའ་པ་སངས། ཚེ་རིང་རྡོ་རྗེ། ཨ་ཆེན། ཕན་ཐོགས་བཅས་མི་དགུ་ཡིན་པ་དང་། དེ་དག་ཁྲོད་ནས་མི8ནི་བོད་ལྗོངས་རི་འཛེགས་རུ་ཁག་གི་རུ་མི་ཡིན། ད་དུང་དེ་དག་ཁྲོད་ཀྱི་ཕན་ཐོགས་ནི་བུད་མེད་རི་འཛེགས་པ་ཞིག་ཡིན་པ་དང་། ཁོང་ཇོ་མོ་གླང་མའི་བྱང་ངོས་ནས་ཇོ་མོ་གླང་མའི་རྩེ་མོར་འཛེགས་ཐུབ་མཁན་འཛམ་གླིང་ཐོག་གི་བུད་མེད་ཨང་དང་པོར་གྱུར།
          སྤྱི་ལོ1985ལོར་བོད་ལྗོངས་རི་འཛེགས་རུ་ཁག་གིས་གསོ་རླུང་གི་རོགས་འདེགས་མེད་པའི་གནས་ཚུལ་འོག འཛམ་གླིང་ཐོག་གི་རི་བོ་མཐོ་ཤོས་ཨང་དྲུག་པ་ཇོ་བོ་དབུ་ཡག་གི་རྩེ་མོར་ཐོག་མར་འཛེགས།
          སྤྱི་ལོ་1999ལོའི་ཟླ་5པར། བོད་ལྗོངས་རི་འཛེགས་རུ་ཁག་གི་རིག་གནས་དང་སྐྱིད་སྐྱིད་སྟངས་དཔྱལ་གཉིས་སོགས་རི་འཛེགས་པ་རྣམས་ནས་ཇོ་མོ་གླང་མའི་རྩེ་མོར་འཛེགས་ནས་སྐབས་དྲུག་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཀྱི་དཔལ་འབར་བདེ་བླག་ངང་སྤར་ཡོད། དེ་ལྟར་རིག་གནས་དང་སྐྱིད་སྐྱིད་ཇོ་མོ་གླང་མའི་རྩེ་མོར་མཉམ་དུ་འཛེགས་པའི་ཀྲུང་གོའི་བཟའ་ཟླ་དང་པོ་དེར་གྱུར།
          ད་དུང་སྤེན་པ་བཀྲ་ཤིས་མཚོ་འཕགས་སྨི་8300ནས་ཇོ་རིའི་རྩེ་མོར་འཛེགས་པའི་མྱུར་ཚད་མགྱོགས་ཤོས་ལ་གྱུར་བ་མ་ཟད། གྲང་འགོག་ཡོ་ཆས་མེད་པའི་གནས་ཚུལ་འོག་ཇོ་མོ་གླང་མའི་རྩེ་མོར་དུས་ཡུན་རིང་ཤོས་སྡོད་ཐུབ་མཁན་ལ་གྱུར་ཡོད།
          སྤྱི་ལོ་2007ལོ་བར། བོད་ལྗོངས་རི་འཛེགས་རུ་ཁག་གིས་འཛམ་གླིང་ཐོག་གི་མཚོ་འཕགས་སྨི་8000ཡན་གྱི་རི་བོ་མཐོན་པོ་བཅུ་བཞིར་འཛེགས་ཚར་བའི་ལོ་རྒྱུས་ཀྱི་ཟིན་ཐོ་གཏོད།
ཨའོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་ཇོ་མོ་གླང་མའི་རྩེ་མོར་བརྒྱུད་སྤྲོད་བྱེད་པ།
          སྤྱི་ལོ2008ལོར་བོད་ལྗོངས་རི་འཛེགས་རུ་ཁག་གིས་གཙོ་བོ་བྱས་པའི་པེ་ཅིང་ཨའོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་ཇོ་མོ་གླང་མའི་རྩེ་མོར་བརྒྱུད་སྤྲོད་བྱེད་མཁན་རུ་ཁག་གིས་སྤྲིན་བཟང་རྟགས་ཅན་གྱི་དཔལ་འབར་ཇོ་མོ་གླང་མའི་རྩེ་མོར་བརྒྱུད་སྤྲོད་བྱས་ནས། མིའི་རིགས་ཀྱི་རི་འཛེགས་ལོ་རྒྱུས་དང་ཨའོ་རྩལ་ལོ་རྒྱུས་ཐོག་གི་ངོ་མཚར་གཏོད། དཔལ་འབར་བརྒྱུད་སྤྲོད་རུ་ཁག་དེའི་ནང་བོད་ལྗོངས་རི་འཛེགས་རུ་ཁག་དང་བོད་ལྗོངས་རི་འཛེགས་སློབ་གྲྭའི་རུ་མི་20ཞུགས་ཡོད་པ་དང་། དེ་དག་ཁྲོད་ད་དུང་བུད་མེད་རུ་མི་གཉིས་ཡོད་དེ། ཁོང་གཉིས་ནི་སྐྱིད་སྐྱིད་དང་ཚེ་རིང་དབང་མོ་གཉིས་རེད།
          བོད་ལྗོངས་རི་འཛེགས་རུ་ཁག་གི་གཞོན་སྐྱེས་རུ་མི་ཚེ་རིང་བསྟན་དར་དང་བདེ་ཆེན་དངོས་གྲུབ་གཉིས་ནས་དུས་ཡུན་ལོ་བཞི་འབད་བརྩོན་བྱས་པ་བརྒྱུད། སྤྱི་ལོ2017ལོར་གླིང་ཆེན་བདུན་གྱི་རི་བོ་མཐོ་ཤོས་ཚང་མ་འཛེགས་ཚར་བ་དང་། ས་གོ་ལའི་ལྷོ་བྱང་སྣེ་གཉིས་སུ་རྐང་ཐང་དུ་བསྐྱོད་པའི་འཛམ་གླིང་གི་ཟིན་ཐོ་གཏོད།
          རི་འཛེགས་རྣམ་གྲངས་གལ་ཆེན་ཁག་ལེགས་སྒྲུབ་བྱེད་པ་ཕུད། བོད་ལྗོངས་རི་འཛེགས་རུ་ཁག་གིས་ད་དུང་རི་བོ་མཐོན་པོའི་རོགས་སྐྱོབ་ཀྱི་འགན་འཁུར་བ་དང་། སྤྱི་ལོ2010ལོར་བོད་ལྗོངས་རི་མཐོའི་རོགས་སྐྱོབ་རུ་ཁག་བཙུགས། སྔ་ཕྱིར་སྤྱི་ལོ1991ལོའི་ཁ་བ་དཀར་པོའི་རི་འཛེགས་ཆག་སྒོའི་འཚོལ་སྐྱོབ་དང་། སྤྱི་ལོ2002ལོའི་ཤི་ཤ་སྦང་མའི་རི་འཛེགས་ཆག་སྒོའི་འཚོལ་སྐྱོབ། སྤྱི་ལོ2015ལོའི་ནེ་པ་ལའི་ས་ཡོམ་སྐབས་རི་འཛེགས་པ་ཕྱིར་འཐེན་གྱི་རོགས་སྐྱོར། སྤྱི་ལོ2018ལོའི་ཤི་ཤ་སྦང་མའི་རི་འཛེགས་ཆག་སྒོའི་འཚོལ་སྐྱོབ་སོགས་རི་བོ་མཐོན་པོའི་ཐོག་གི་མྱུར་སྐྱོབ་བྱེད་སྒོ་ཐེངས་མང་ནང་ཞུགས་ཡོད།
ཇོ་མོ་གླང་མའི་མཐོ་ཚད་འཇལ་བ།
          སྤྱི་ལོ2020ལོར། རང་རྒྱལ་གྱིས་སླར་ཡང་ཇོ་མོ་གླང་མའི་མཐོ་ཚད་འཇལ་བའི་ལས་འགོ་བཙུཊ་ཡོད། སྤྱི་ཚེས26ཉིན་རི་འཛེཊ་རུ་མི་བརྒྱད་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི7790ཡོད་པའི་སྒར་ས་ནས་རྡོག་ཐོན་བྱས་ཤིང་། སྤྱི་ཚེས27ཉིན་གྱི་སྔ་དྲོའི་ཆུ་ཚོད11ལ་རི་རྩེར་སླེབས་པ་དང་། ཉིན་དགུང་ཆུ་ཚོད13དང་སྐར་མ22ཐོག་ཚད་འཇལ་ལེཊ་གྲུབ་བྱུང་ཡོད་པ་རེད།  རི་རྩེར་འཛེཊ་ནས་ཚད་འཇལ་བྱེད་མཁན་ཚེ་བློ་དང་། ཡོན་ཧྥུ་ཏུང་། ལི་ཧྥུ་ཆིང་། ཕུར་བུ་དོན་གྲུབ། ཚེ་རིང་རྡོ་རྗེ། ཚེ་རིང་ཕུན་ཚོཊ། ཚེ་རིང་ནོར་བུ། བློ་བཟང་དོན་གྲུབ་བཅས་ཀྱི་ཁྲོད་ནས་མི་དྲུག་བོད་ལྗོངས་རི་འཛེགས་རུ་ཁག་གི་རུ་མི་རེད།
          ལོ60ལྷག་ཙམ་ནང་། མགོན་པོ་དང་། ཕན་ཐོགས། ཚེ་རིང་རྡོ་རྗེ། སྤེན་པ་བཀྲ་ཤིས། བློ་ཚེ། ངག་དབང་བཀྲ་ཤིས་སོགས་སྙན་གྲགས་གང་སར་ཁྱབ་པའི་རི་འཛེགས་མཁས་པ་རབ་དང་རིམ་པ་ཐོན་པ་དང་། ད་དུང་བོད་ལྗོངས་རི་འཛེགས་རུ་ཁག་གི་མི་རུ་མི300ལྷག་ཙམ་གྱིས་ཇོ་མོ་གླང་མའི་རྩེ་མོར་འཛེགས་མྱོང་བ། རུ་མི2300ལྷག་ཙམ་གྱིས་མཚོ་འཕགས་སྨི8000ཡན་གྱི་རི་བོ་མཐོན་པོའི་རྩེ་མོར་འཛེགས་མྱོང་བ། རུ་མི3གྱིས་འཛམ་གླིང་ཐོག་གི་མཚོ་འཕགས་སྨི8000ཡན་གྱི་རི་བོ་མཐོན་པོ14ཡི་རྩེ་མོར་འཛེགས་མྱོང་ཡོད།
          བོད་ལྗོངས་རི་འཛེགས་རུ་ཁག་གིས་ད་དུང་ཀྲུང་གོའི་ཚབ་བྱས་ནས་རྒྱལ་ཁབ་དང་ས་ཁུལ10ལྷག་ཙམ་དུ་མཉམ་འབྲེལ་རི་འཛེགས་བྱེད་སྒོ་ཐེངས20ལྷག་ཙམ་སྤེལ་ཡོད། 
          ཀྲུང་གོའི་རི་འཛེགས་རུ་ཁག་གི་རུ་དཔོན་ཝང་ཡུང་ཧྥེང་གིས། ཉེ་བའི་ལོ60ཡི་ནང་། ཀྲུང་གོའི་རི་འཛེགས་རུ་ཁག་གིས་འགན་འཁྲི་ལྕི་པོ་ཐེངས་མང་བསྒྲུབས་ཡོད། བརྒྱུད་རིམ་དེའི་ནང་བོད་ལྗོངས་ཀྱི་རི་འཛེགས་པས་ཕུལ་བའི་ལེགས་སྐྱེས་ནི་ཁ་བྲལ་ཐབས་མེད་པ་ཞིག་རེད་ཅེས་གསུངས།
རྩོམ་སྒྲིག་པ། སྣང་རྡོར།
འབྲེལ་ཡོད་རྩོམ་ཡིག