ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

འགན་འཁྲི་དང་དུ་བླངས་ནས་ཚོགས་ཆེན་གཉིས་ལ་ཞབས་ཞུ་ལེགས་པོ་སྒྲུབ་པ།

2020-06-01
ཚོགས་འདུའི་ཟིན་ཐོ་དང་། དཔྱད་གཞིའི་ཡིག་ཆ་གནད་ཞུ། གྲོས་གཞི་དང་གྲོས་འགོ་འབྲེལ་གཏུགས་ཚོགས་ཆུང་སོགས་ཀྱི་ལས་བྱེད་མི་སྣས་ནན་ཏན་སྒོས་ཐོ་འགོད་བྱེད་བཞིན་པ།
ཀྲུང་དབྱང་སྨྱན་སྦྱོར་གྱི་གསར་འགོད་པས་ཡུལ་དངོས་སུ་ཐད་གཏོང་བྱེད་བཞིན་པ།
ཚོགས་འདུའི་འགན་སྲུང་ཚོགས་ཆུང་གི་ལས་བྱེད་མི་སྣས་ཡུལ་དངོས་སུ་འཐུས་མིར་བརྙན་ལམ་སྒྲིག་ཆས་ཚོད་ལྟ་བྱེད་བཞིན་པ།
མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གསར་འགོད་པས་བརྙན་རིས་བཅར་འདྲི་ཁང་གི་ཡུལ་དངོས་སུ་འཐུས་མིར་བཅར་འདྲི་བྱེད་བཞིན་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་གསར་འགོད་པས་བཅའ་སྡོད་བྱ་ཡུལ་དུ་འགོ་ཚུགས་མཛད་སྒོར་ལྟ་བཞིན་པ།
        ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5ཚེས28ཉིན་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་རྒྱལ་ཁའི་ངང་གྲོལ་བ་དང་། མཚོ་སྔོན་གྱི་འཐུས་མི་ཚོགས་པའི་རྗེས་འབྲང་གི་སྨྱན་སྦྱོར་གསར་འགོད་པ་དང་ལས་བྱེད་མི་སྣ་སོགས་ཀྱིས་ཉིན་ཤས་རིང་ལྡོག་རྩ་གཅིག་ཏུ་སྒྲིལ་བ་དང་།  ལས་གནས་བརྟན་སྲུང་བྱེད་པ། བྱ་བ་ནན་ཏན་སྒོས་སྒྲུབ་པ་བཅས་བྱས་ཏེ།  “ངའི་ལས་གནས་ལ་ངས་འགན་འཁུར་བ་དང་། ང་ལས་གནས་སུ་ཡོད་དུས་སེམས་བདེ་མོ་བྱས་ཆོག”ཞེས་པའི་འགན་འཁྲི་དང་དུ་བླངས་ནས་མཚོ་སྔོན་གྱི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིས་རང་འགན་གཙང་སྒྲུབ་ནན་ཏན་དང་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱེད་པའི་ཉམས་འགྱུར་མངོན་པ་དང་། ཁོ་ཚོས་བརྙན་མིག་དང་སྨྱུ་གུ་ལ་བརྟེན་ནས་འཐུས་མི་ཚོའི་བསམ་ཚུལ་དང་སེམས་གཏམ་ཟིན་ཐོར་བཀོད། །
རྩོམ་སྒྲིག་པ། སངས་སྐྱབས།
འབྲེལ་ཡོད་རྩོམ་ཡིག