ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཅང་སུའུ་ནན་ཐུང་གི་མཐོ་རིམ་ལོ་རིམ་གསུམ་པའི་བོད་རིགས་སློབ་མ་སློབ་ཐོན་མཛད་སྒོའི་ཐོག་དགའ་ངུ་ཤོར་བ།

2020-07-13
        ཟླ་7ཚེས་10ཉིན་ཅང་སུའུ་ཞིང་ཆེན་ནན་ཐུང་བོད་ལྗོངས་མི་རིགས་སློབ་འབྲིང་གིས“དྲིན་ཚོར་ངང་མདུན་སྐྱོད་དང་ལང་ཚོར་ངོ་མི་གནོང་བ”ཞེས་པའི་2020ལོའི་མཐོ་རིམ་ལོ་རིམ་གསུམ་པའི་སློབ་ཐོན་མཛད་སྒོ་དང་ནར་སོན་མཛད་སྒོ་འཚོགས་ནས་བོད་རིགས་སློབ་མ་130ལ《རྩ་ཁྲིམས》དང《ནར་སོན་དྲན་གསོའི་ལག་དེབ》སྤྲད་པ་དང་འབྲེལ་སློབ་སྤྱིས་ཞྭ་རྟགས་གཞོགས་གཡས་ནས་གཡོན་དུ་བཀལ་བའི་ཐོག་ནས་ནན་ཐུང་གི་ལོ་གསུམ་གྱི་སློབ་འགྲིམ་ལམ་བུ་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བ་མཚོན་ཡོད། འདི་ནི་2020ལོའི་ཟླ་7ཚེས་10ཉིན་ཅང་སུའུ་ཞིང་ཆེན་ནན་ཐུང་བོད་ལྗོངས་མི་རིགས་སློབ་འབྲིང་གི་མཐོ་རིམ་ལོ་རིམ་གསུམ་པའི་སློབ་ཐོན་སློབ་མས་སློབ་ཐོན་མཛད་སྒོའི་ཐོག་དགེ་རྒན་དང་ཞལ་གྱེས་ཞུ་བཞིན་པ།
རྩོམ་སྒྲིག་པ། སངས་སྐྱབས།
འབྲེལ་ཡོད་རྩོམ་ཡིག