ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

བོད་ལྗོངས་ལྷོ་ཁའི་གྲོང་ཚོ་ཚང་མར་རིག་རྩལ་འཁྲབ་སྟོན་རུ་ཁག་ཡོད་པ།

2020-07-13
འདི་ནི་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་བསམ་ཡས་གྲོང་རྡལ་གནས་ཁ་གྲོང་ཚོའི་རིག་རྩལ་འཁྲབ་སྟོན་རུ་ཁག་གིས་གྲོང་མིར་ལེ་ཚན་འཁྲབ་སྟོན་བྱེད་བཞིན་པ།
          བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱིས་མི་རིགས་རིག་གནས་དར་སྤེལ་གཏོང་བ་དང་གྲོང་ཚོའི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་ཆེད། སྲིད་འཛིན་གྲོང་ཚོའི་རིག་རྩལ་འཁྲབ་སྟོན་རུ་ཁག་560ལྷག་ཙམ་བཙུགས་པ་རེད། འཁྲབ་སྟོན་པ་ཚང་མ་མང་ཚོགས་ཡིན་པ་དང་ཁོང་ཚོས་ཡུལ་མི་ཚོར་ནམ་དུས་བཞི་ཀར་དུས་ངེས་མེད་དུ་འཁྲབ་སྟོན་བྱེད་ཀྱི་ཡོད་པས། མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཡོད།
འདི་ནི་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་བསམ་ཡས་གྲོང་རྡལ་གནས་ཁ་གྲོང་ཚོའི་གྲོང་མིས་རིག་རྩལ་འཁྲབ་སྟོན་རུ་ཁག་གི་ལེ་ཚན་ལ་ལྟ་བཞིན་པ།
འདི་ནི་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་བསམ་ཡས་གྲོང་རྡལ་གནས་ཁ་གྲོང་ཚོའི་ཧྲུའུ་ཅི་དང་པོ་དང་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་ཚེ་རིང་ནོར་བུ(གཡོན་གྱི་གཉིས་པ)དང་གྲོང་ཚོའི་རིག་རྩལ་འཁྲབ་སྟོན་རུ་ཁག་གི་འཁྲབ་སྟོན་པ་ཚོས་སྤེལ་རེས་བྱེད་བཞིན་པ།
འདི་ནི་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་བསམ་ཡས་གྲོང་རྡལ་གནས་ཁ་གྲོང་ཚོའི་རིག་རྩལ་འཁྲབ་སྟོན་རུ་ཁག་གིས་གྲོང་མིར་ལེ་ཚན་འཁྲབ་སྟོན་བྱེད་བཞིན་པ།
འབྲེལ་ཡོད་རྩོམ་ཡིག