ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

[ཀྲུང་གོའི་ཕུགས་འདུན། རྨ་ཆུའི་བརྩེ་བ།] རྨ་ཆུའི་འགྲམ་ངོགས་ཀྱི་ཁའེ་ཧྥེང་སྒར།

2020-09-21 པདྨ་ཚེ་རིང་གིས་བསྒྱུར།
        ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་9པའི་ཚེས་16ཉིན་“ཀྲུང་གོའི་ཕུགས་འདུན། རྨ་ཆུའི་བརྩེ་བ་སྟེ།—རྨ་ཆུ་འབབ་ཡུལ་གྱི་སྣོད་བཅུད་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས”ཞེས་པའི་དྲ་རྒྱའི་བརྗོད་དོན་བྱེད་སྒོར་ཞུགས་མཁན་གྱི་སྨྱན་སྦྱོར་གསར་འགོད་པ་རྣམས་མུ་མཐུད་དུ་ཧོ་ནན་དུ་བཅར་འདྲིར་ཕྱིན་པ་རེད། 
        ཁའེ་ཧྥེང་གྲོང་ཁྱེར་ནི་རྨ་ཆུའི་དབུས་སྨད་རྒྱུད་བདེ་ཐང་གི་ཤར་རྒྱུད་དུ་ཆགས་ཤིང་། སུང་བྱང་མའི་དུས་སུ་འཛམ་གླིང་གི་གྲོང་ཁྱེར་ཆེན་པོའི་གྲས་ཤིག་ཡིན། རི་མོ་བ་ཀྲང་ཙེ་ཏོན་གྱི་《དྭངས་གསལ་དུས་ཆེན་གྱི་དཔལ་མཚོན་རི་མོ》དང་། རྩོམ་རིག་པ་མོང་ཡོན་ལའོ་ཡི་《ཏུང་ཅིན་མེང་ཧྭ་ཟིན་ཐོ》གཉིས་ནི་ཁའེ་ཧྥེང་གི་དར་རྒྱས་ཆེ་བའི་རྣམ་པ་བྲིས་པ་ཞིག་རེད། 
        རྨ་ཆུའི་འགྲམ་ངོགས་ཀྱི་ཁའེ་ཧྥེང་སྒར་གྱིས་མི་ལོ་སྟོང་ཕྲག་དུ་མའི་རིང་རྨ་ཆུ་དང་མཉམ་དུ་ཇི་ལྟར་འཆམ་མཐུན་ངང་གནས་རྒྱུར་འཚོལ་ཞིབ་བྱེད་བཞིན་ཡོད། ད་ལྟའི་ཁའེ་ཧྥེང་ནི་ཆུ་རྒྱུད་སྤྱིའི་འཆར་འགོད་གཞིར་བཟུང་ཞིང་། “རྨ་ཆུ་ཁུངས་སུ་བཅོལ་ནས། འཕྲེད་བཞི་གཞུང་ལྔ་དང་། མཚེའུ་བཅུ་ཙམ་མུ་སྦྲེལ་ལ། ཆུ་ནགས་ཞིང་རྩྭ་འདམ་ར་ལ་སོགས་མཉམ་འདྲེས་མཉམ་གནས་ཡོད”པའི་སྣོད་བཅུད་རྣམ་པ་ཞིག་ཆགས་ཡོད། 
ཁའེ་ཧྥེང་གྲོང་ཁྱེར་གྱི་ཆུ་རྒྱུད་སྤྱིའི་འཆར་འགོད་རི་མོ།
ཁའེ་ཧྥེང་གྲོང་ཁྱེར་གྱི་ཁྲོམ་འགྲམ་སྤྱི་གླིང་།
སྲོད་དུས་སུ་གྲོང་མི་ཚོས་སྤྱི་གླིང་དུ་ངལ་གསོ་བ།
སྲོད་དུས་གྲོང་མི་ཚོས་སྤྱི་གླིང་དུ་ཏག་སེ་རྩེད་པ།
མཚན་ལྗོངས་ཁྲོད་ཀྱི་ཁའེ་ཧྥེང་།
མཚན་ལྗོངས་ཁྲོད་ཀྱི་ཁའེ་ཧྥེང་།
འབྲེལ་ཡོད་རྩོམ་ཡིག