ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

རིམས་འགོག་གྱི་ཆེད་དུ་ཁོ་ཚོས་ཧི་མ་ལ་ཡའི་རྒྱལ་སྒོ་དང་པོ་བརྟན་སྲུང་བྱས་ཡོད།

2021-02-26 འབྲུག་རྒྱལ་མཁར་གྱིས་བསྒྱུར།
མཛའ་གྲོགས་ཟམ་ཆེན་ལས་སྒྲུབ་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་སྐོར་ཞིབ་བྱེད་པ། 
           ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། “གངས་ལྗོངས་མཐའ་མཚམས་ཞིབ་བཤེར་ཁྲོད་ཀྱི་འཛུམ་མདངས་དང་འཛམ་གླིང་ཡང་རྩེའི་ས་གནས་ཀྱི་ཞབས་ཞུའི་ལས་ཀ་ནི་ང་ཚོའི་འགྱུར་མེད་ཀྱི་དམ་བཅའ་ཡིན་ཞིང་། ཉེན་རྟོག་པའི་གྱོན་པ་སྔོན་པོ་གོན་ནས་མེས་རྒྱལ་གྱི་མངའ་ཁོངས་བརྟན་སྲུང་བྱེད་པ་ནི་ང་ཚོའི་ཞུམ་པ་མེད་པའི་ཆོད་སེམས་ཡིན།” ཞོགས་པར“གངས་ལྗོངས་རྒྱལ་སྒོ”ཞེས་པའི་གླུ་དབྱངས་བོད་ཆུའི་མཁའ་དབྱིངས་སུ་ཁྱབ་པ་དང་ལྷན་དུ། བོད་ལྗོངས་མཐའ་མཚམས་འགྲོ་འོང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་གཉའ་ནང་རྫོང་ཁོངས་མཐའ་མཚམས་འགྲོ་འོང་ཞིབ་བཤེར་ས་ཚིགས་ཀྱི་མཛའ་གྲོགས་ཟམ་ཆེན་ལས་སྒྲུབ་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པ་སླར་ཡང་སྐོར་ཞིབ་བྱེད་པར་བསྐྱོད་པ་རེད།
འགག་སྒོའི་གཞོགས་གཉིས་སུ་ཉིན་ལྟར་སྐོར་ཞིབ་བྱེད་པ། 
ལས་སྒྲུབ་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་མཐའ་མཚམས་ཀྱི་བླ་ན་མེད་པའི་རྒྱལ་རྟགས་ལ་ཚོན་བྱུགས་པ།
         མི་འདི་འདྲ་སྐོར་ཞིག་གིས་མེས་རྒྱལ་ལྷོ་ནུབ་ཀྱི་ཀྲུང་ནེའི་མཐའ་མཚམས་ཀྱི་འཐབ་ས་དང་པོ་རུ། ཕ་ཡུལ་དང་གཉེན་ཉེ་རྒྱང་དུ་བསྐྱུར་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོ་རྟག་ཏུ་བརྟན་སྲུང་བྱེད་བཞིན་ཡོད་ཅིང་། ཕ་ཡུལ་དྲན་པའི་གདུང་བ་དག་སེམས་སུ་བཅངས་ནས་མེས་རྒྱལ་གྱི་མཐའ་མཚམས་སྲུང་བའི་འཛད་པ་མེད་པའི་སྒུལ་ཤུགས་སུ་བསྒྱུར་ཐབས་བྱེད་བཞིན་ཡོད། 
མཛའ་གྲོགས་ཟམ་ཆེན་ལས་སྒྲུབ་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་རླངས་འཁོར་ལ་ཞིབ་བཤེར་བྱེད་པ།
མཛའ་གྲོགས་ཟམ་ཆེན་ལས་སྒྲུབ་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་ཟོག་འདྲེན་རླངས་འཁོར་འོག་ལ་ཞིབ་བཤེར་བྱེད་པ། 
ལས་སྒྲུབ་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པའི་ལས་ཀ་གྲོལ་རྗེས་ཀྱི་གདོང་གི་རྟགས་ཐམ།
          ཉིན་བསྟུད་མའི་རིང་ལ་འགྲམ་འགག་སྒོ་དང་མཐའ་མཚམས་ས་ཁུལ་གྱི་བདེ་འཇགས་འགན་ལེན་ནུས་ལྡན་བྱ་ཆེད། རྒྱལ་སྒོའི་འཐབ་ས་དང་པོའི་འགྲམ་འགག་སྒོའི་མཛའ་གྲོགས་ཟམ་ཆེན་ལས་སྒྲུབ་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་འགག་སྒོའི་ཚད་བཀག་ས་ཁོངས་ལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ། ཕྱི་རྒྱལ་གྱི་རིམས་ནད་རྒྱལ་ནང་ལ་ཁྱབ་པར་འགོག་སྲུང་ནན་མོ་བྱས་པ་དང་། དུས་རྟག་ཏུ་སྤྲོ་སེམས་འཁོལ་བའི་ངང་ནས་ལས་ཀའི་འཐབ་ས་དང་པོར་གདོང་མཆོང་བྱས་ཏེ། སོ་སོའི་འགན་འཁྲི་དང་དུ་བླངས་ནས་འགག་སྒོའི་བདེ་འཇགས་བརྟན་སྲུང་བྱེད་ཅིང་། རང་གི་བྱ་སྤྱོད་དངོས་ཀྱི་ཐོག་ནས་དུས་རབས་གསར་པའི་གནས་སྤོ་ཡུལ་མིའི་ཉེན་རྟོག་པའི་ལས་རིགས་ཀྱི་སྙིང་སྟོབས་ལག་ལེན་དུ་བསྟར་བ་རེད། 
རྩོམ་སྒྲིག་པ། བདེ་སྒྲོལ།
འབྲེལ་ཡོད་རྩོམ་ཡིག