ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

མགོ་ལོག་བུད་མེད་ཉེན་རྟོག་པའི་དགུན་དུས་ཀྱི་དམག་སྦྱོང་།

2021-02-26
པར་འདི་ནི་རུ་མི་ཚོས་རྟ་ཞོན་ནས་ལས་འགན་སྒྲུབ་བཞིན་པའི་ཚུལ་རེད། 
པར་འདི་ནི་རུ་མི་ཚོ་ཨ་མྱེས་རྨ་ཆེན་གངས་འདབས་སུ་དམག་སྦྱོང་ནང་ཞུགས་བཞིན་པའི་ཚུལ་རེད།
        ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས23ཉིན། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་སྤྱི་བདེ་ཅུས་ཁྱད་ལྡན་ཉེན་རྟོག་ཡན་ལག་རུ་ཁག་གི་ཐད་གཏོགས་བུད་མེད་རུ་ཁག་འབྲིང་བའི་རུ་མི་ཚོས་གྲང་ངར་ཆེ་ཞིང་དབྱང་རླུང་དཀོན་པ་དང་སྨུག་ཕྱིའི་འོད་ཐིག་མཐོ་བ། ཆ་སྙོམས་ས་བབ་མཐོ་ཚད་སྨི4000ཡན་ཟིན་པའི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་རྟ་ཞོན་པ་དང་། མེ་མདའ་རྒྱག་པ། ཕྱི་རོལ་དང་མཐུན་པའི་རང་བཞིན་གྱི་དམག་སྦྱོང་ནང་ཞུགས་པ་བཅས་རྒྱུན་འཁྱོངས་བྱེད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། མགོ་ལོག་ཁུལ་སྤྱི་བདེ་ཅུས་ཁྱད་ལྡན་ཉེན་རྟོག་ཡན་ལག་རུ་ཁག་གི་ཐད་གཏོགས་བུད་མེད་རུ་ཁག་འབྲིང་བ་དེ2017ལོའི་ཟླ9པར་བཙུགས་ཤིང་། རུ་ཁག་དེ་བུད་མེད་ཁྱད་ལྡན་ཉེན་རྟོག་པ9ཡིས་གྲུབ་ཅིང་ཆེས་ཆུང་བའི་རུ་མི་ལོ24ཙམ་ཡིན། །
རྩོམ་སྒྲིག་པ། སངས་སྐྱབས།
འབྲེལ་ཡོད་རྩོམ་ཡིག