ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

བོད་ལྗོངས་ཀྱི་སྐྲུན་བཞིན་པའི་ཆུ་ཤུགས་གློག་ཁང་ཆེ་ཤོས་ཀྱི་ཨར་སྐྲུན་ལས་གྲྭ་ལས་མཇུག་འགྲིལ་མཚམས་སུ་སླེབས་པ།

2021-03-02
        ཉེ་དུས་བོད་ཀྱི་སྐྲུན་བཞིན་པའི་ཆུ་ཤུགས་གློག་ཁང་ཆེ་ཤོས—DGཆུ་ཤུགས་གློག་ཁང་གི་ཨར་སྐྲུན་ལས་གྲྭ་ལས་མཇུག་འགྲིལ་མཚམས་སུ་སླེབས་པ་དང་ལྕགས་རིགས་གྲུབ་ཆའི་སྒྲིག་སྦྱོར་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། དཔྱིད་གསར་དུས་ཆེན་རིང་ཆུ་ཤུགས་གློག་ཁང་དེའི་འཛུགས་སྐྲུན་པ་1000ལྷག་ཙམ་གྱིས་རང་འགུལ་ངང་ལས་ཡུལ་དུ་བསྡད་པ་དང་མུ་མཐུད་ཨར་སྐྲུན་བྱས་ཏེ་འདི་ལོའི་ཟླ་5ཚེས་23ཉིན་དུས་བཀག་ལྟར་འཕྲུལ་ཙུའུ་ཐོག་མ་ནས་གློག་གཏོང་བའི་དམིགས་ཚད་ལས་འགན་བསྒྲུབ་རྒྱུའི་འགན་ལེན་བྱས་པ་རེད། འདི་ནི་དུས་ཚོད་དམ་འཛིན་གྱིས་ཨར་སྐྲུན་བྱེད་བཞིན་པའི་DGཆུ་ཤུགས་གློག་ཁང་ཡིན་པ།
རྩོམ་སྒྲིག་པ། སངས་སྐྱབས།
འབྲེལ་ཡོད་རྩོམ་ཡིག