ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཀྲུང་གོས་གོམ་སྟབས་བརྟན་པོའི་ངང་བར་སྣང་རྒྱལ་ཁབ་སྟོབས་ཆེན་ཕྱོགས་སུ་བསྐྱོད་པ།

2022-12-28
འདི་ནི་ཉིན་ཤས་གོང་པེ་ཅིང་འཇིག་རྟེན་འཕུར་སྐྱོད་ཚོད་འཛིན་ལྟེ་གནས་ནས་པར་བླངས་པའི་བར་སྣང་ས་ཚིགས་ཀྱི་མཁའ་འདུན་ཚོད་ལྟ་ཚང་བདེ་བླག་ངང་གནས་སྤོ་བོའི་རྣམ་པ་ཡིན་པ།
        ཀྲུང་གོའི་བར་སྣང་ས་ཚིགས་ཀྱི་གྲུ་ཚང་མཐའ་མ་སྟེ། མཁའ་འདུན་ཚོད་ལྟ་ཚང་ཉིན་ཤས་གོང་བདེ་བླག་ངང་གནས་སྤོ་ལེགས་སྒྲུབ་བྱུང་ནས་བར་སྣང་ས་ཚིགས་ཀྱི“T”དབྱིབས་ཀྱི་གཞི་རྩའི་བཟོ་ལྟ་ལེགས་སྒྲུབ་བྱུང་ཡོད། དེ་རྗེས་ལྷ་གྲུ་ཨང་བཅུ་བཞི་པ་རྟགས་པའི་འཇིག་རྟེན་འཕུར་སྐྱོད་པའི་མཁའ་སྐྱོད་ཚོགས་ཆུང་བདེ་བླག་ངང་མཁའ་འདུན་ཚོད་ལྟ་ཁང་དུ་འཛུལ་བ་རེད། སླར་ཡང་འཇིག་རྟེན་འཕུར་སྐྱོད་པ་གསུམ་ཁོང་ཚོའི་གྲལ་དུ་ཞུགས་ནས་ཀྲུང་གོའི་ལོ་རྒྱུས་ཐོག་གི་འཇིག་རྟེན་འཕུར་སྐྱོད་པའི་མཁའ་སྐྱོད་ཚོགས་ཆུང་འཁོར་ལམ་ཐོག་བརྗེ་རེས་ཐེངས་དང་པོ་ལེགས་སྒྲུབ་བྱུང་བ་རེད། གྲུབ་འབྲས་དེ་དག་ལ་བརྟེན་ནས་ཀྲུང་གོས་བར་སྣང་གི་བློ་སྟོབས་མངོན་པར་བྱས་ཡོད།
        འོད་སྟོང་འབར་བའི་གྲུབ་འབྲས་དེ་དག་ཚང་མ་ནི་ཡུན་རིང་ལས་གྲྭའི་གྲུབ་འབྲས་ཡིན་ཞིང་། ཧྥ་རན་སེ་རྒྱལ་ཁབ་ཚན་རིག་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་གཙོ་གཉེར་དང་བར་སྣང་སྲིད་ཇུས་རིགས་གཅིག་མཁས་ཅན་དབྱི་ཧྲ་པེར·སུར་པུའུ—ལྦེར་རེ་ཡིས་ཀྲུང་གོའི་བར་སྣང་འཆར་གཞི་དེ་དུས་རབས་གོང་མའི་ལོ་རབས་80པའི་དུས་དཀྱིལ་ནས་འགོ་ཚུགས་པ་དང་དེ་རྗེས་བར་སྣང་འཚོལ་ཞིབ་ཀྱི་འཕེལ་རིམ་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད། ལོ་མང་རིང་ཆུ་ཚད་མཐོ་བའི་བར་སྣང་གི་བྱེད་སྒོར་བརྟེན་ནས་ཀྲུང་གོ་འདི་ཉིད་སྔ་ས་ནས་ཚད་གཞི་ལོན་པ་དང་རང་བརྟེན་གྱི་བར་སྣང་རྒྱལ་ཁབ་སྟོབས་ཆེན་ཞིག་ཏུ་གྱུར་ཡོད་ཅེས་བརྗོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།
འབྲེལ་ཡོད་རྩོམ་ཡིག