ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

“ཨ་ཧྥེ་རི་ཁ་དང་ཀྲུང་གོའི་དབར་གྱི་མཉམ་ལས་དེ་ལྷོ་ལྷོ་མཉམ་ལས་ཀྱི་དཔེ་མཚོན་དུ་གྱུར་ཡོད”

2022-12-28
འདི་ནི་2022ལོའི་ཟླ་8ཚེས་17ཉིན་ཀྲུང་ཨེ་རྒྱལ་ཁབ་གཉིས་པོའི་ལག་རྩལ་ཆེ་མོ་བས་ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་ཨེ་ཅིབ་ཀྱི་སྲིད་འཛིན་རྒྱལ་སའི་ལྟེ་བའི་ཚོང་དོན་ཁུལ་གསར་པའི་རྣམ་གྲངས་ཀྱི་ལས་ཡུལ་དུ་ལས་ཀ་བྱེད་བཞིན་པ།
  “ཀྲུང་གོའི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ་དེས་ཀྲུང་གོའི་མི་དམངས་དེ་བས་མང་བ་འཚོ་བ་ཡག་པོ་སྐྱེལ་རྒྱུ་བྱུང་བ་མ་ཟད། འཛམ་གླིང་གི་དབུལ་ཕོངས་ཉུང་གཏོང་གི་བྱ་གཞག་ལའང་ལེགས་སྐྱེས་ཆེན་པོ་ཕུལ་ཡོད”ཅེས་ཨེ་ཅིབ་ཀྱི《གཏོར་གཟུགས་མཆོད་རྟེན་ཚགས་པར》གྱི་རྩོམ་སྒྲིག་པ་གཞོན་པ་ས་སྨི·ཁཱ་མུའུ་ཧ་ཝེ་ཡིས་ཉིན་ཤས་གོང་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བརྗོད་པ་དང་ཁོང་གིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་འཛམ་གླིང་མི་འབོར་གྱི་1/5ཙམ་བཟུང་བའི་ཀྲུང་གོས་ཕྱོགས་ཡོངས་ནས་དབུལ་པོ་དབུལ་ནག་གི་གནད་དོན་ཐག་གཅོད་བྱས་པ་དེ་ནི་ཧ་ལས་དགོས་པའི་གྲུབ་འབྲས་ཤིག་རེད། མ་འོངས་པར་རྒྱང་ལྟ་བྱས་ཚེ། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། མི་དམངས་ཀྱི་སྣེ་ཁྲིད་དེ་ཐུན་མོང་འབྱོར་ཕྱུག་གི་དམིགས་ཚད་མངོན་འགྱུར་ཆེད་འབད་འཐབ་ལྷོད་མེད་བྱེད་པ་དེས་རྒྱལ་ཁབ་གཞན་དག་ལ་མིག་དཔེ་ཡག་པོ་ཞིག་བསྟན་ཡོད་ཅེས་བརྗོད།
  “བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཀླུ་ནང་གྲོང་རྡལ་གྱིས་དམིགས་བསལ་ཁྱད་ཆོས་ལྡན་པའི་རང་བྱུང་ཐོན་ཁུངས་དང་མི་ཆོས་རིག་གནས་ཀྱི་ཐོན་ཁུངས་སྤྱད་དེ་ཡུལ་སྐོར་དབུལ་སྐྱོར་རྣམ་གྲངས་འཕེལ་རྒྱས་བཏང་བས་ཞིང་པའི་ཡོང་འབབ་མང་དུ་སོང་བ་དང་། ཧྲའན་ཤིས་མའེ་རྫོང་དང་ཀྲོའུ་ཀྲི་རྫོང་སོགས་ཀྱིས་སྤྲེལ་ཁམ་སོགས་ཁྱད་ལྡན་ཞིང་ལས་ཐོན་རྫས་འདེབས་འཛུགས་བྱས་ནས་ཐོན་ལས་མཐུན་སྦྱོར་འཕེལ་རྒྱས་འགྲོ་བར་སྐུལ་ཁྲིད་བྱས་ཏེ་ལས་གནས་ཁྲི་ཁ་ཤས་མཁོ་འདོན་བྱས་ཡོད”ཀྲུང་གོའི་གྲོང་གསེབ་ཏུ་བཅར་འདྲིར་ཡོང་སྐབས་ཀྱི་མྱོང་ཚོར་ལ་དྲན་གསོ་བྱེད་བཞིན་ཁཱ་མུའུ་ཧ་ཝེ་ཡིས་གང་བསམ་ལྷུག་གླེང་བྱས་པ་མ་ཟད། ད་དུང་སྤྲོ་སྣང་ཆེན་པོས་གསར་འགོད་པར་ཁོང་གིས་བརྒྱབ་པའི་པར་རིས་དང་གཏོང་སྤེལ་བྱས་པའི་གསར་འགྱུར་རྩོམ་ཡིག་ཀྱང་བསྟན་པ་རེད། ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་དང་། གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས། སྲོལ་རྒྱུན་ལག་ཤེས་བཟོ་རྩལ་དར་རྒྱས། དྲ་ཐོག་ཏུ་ཁྱད་ལྡན་ཞིང་ལས་ཐོན་རྫས་ཕྱིར་ཚོང་སོགས་ས་ཁུལ་ཚང་མས་རང་ངོས་ཀྱི་ཁྱད་ཆོས་ལ་གཞིགས་ནས་འཕེལ་རྒྱས་ཀྱི་ཇུས་གཞི་མི་འདྲ་བ་བཟོས་པ་དང་། སྲིད་གཞུང་གིས་མི་དམངས་ལ་རོགས་སྐྱོར་དང་རོགས་རམ་སྣ་ཚོགས་བྱས་ནས་ཐོན་ལས་འཕེལ་རྒྱས་དང་ལས་ཞུགས་ལ་སྐུལ་འདེད་བཏང་བས་མི་མང་པོ་ཞིག་གི་འཚོ་བར་འགྱུར་ལྡོག་ཕྱིན་པ་ཁཱ་མུའུ་ཧ་ཝེ་ཡིས་མཐོང་ཞིང་། ཁོང་གིས“དབུལ་སྐྱོར་ཉམས་མྱོང་ཕུན་སུམ་ཚོགས་པོ་དེ་དག་ནི་རྒྱལ་ཁབ་མང་པོ་ཞིག་གིས་དཔྱད་གཞིར་འཛིན་འཛིན་རིན་ཡོད་པ་ཞིག་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་གི་དེང་རབས་ཅན་ཞིག་རེད་ཅེས་གསུངས་ཡོད། འབྱུང་འགྱུར་ཀྲུང་གོ་མི་དམངས་ཀྱི་ཐོབ་སྣང་དང་སྐྱིད་སྣང་མུ་མཐུད་ཆེ་རུ་འགྲོ་རྒྱུ་ཡིན་པ་ང་ལ་ཡིད་ཆེས་ཡོད”ཅེས་བརྗོད།
  ཁཱ་མུའུ་ཧ་ཝེ་ཡིས“ཨ་ཧྥེ་རི་ཁ་དང་ཀྲུང་གོའི་མཉམ་ལས་ནི་ལྷོ་ལྷོ་མཉམ་ལས་ཀྱི་དཔེ་མཚོན་དུ་གྱུར་ཡོད། འབྱུང་འགྱུར་ཨ་ཧྥེ་རི་ཁ་དང་ཀྲུང་གོས་ཁྱབ་ཁོངས་དེ་བས་མང་བའི་མཉམ་ལས་བྱས་ནས་མི་དེ་བས་མང་བ་འཚོ་བ་ཡག་པོ་སྐྱེལ་ཐུབ་པའི་ཡིད་ཆེས་ཡོད”ཅེས་བརྗོད།
རྩོམ་སྒྲིག་པ། སངས་སྐྱབས།
འབྲེལ་ཡོད་རྩོམ་ཡིག